ཉེ་སྔོན་རེབ་གོང་དུ་སློབ་ཕྲུག་ ༡༨ འཇུ་བཟུང་བྱས་པའི་ཁྲོད་ནས། ད་ལྟ་སློབ་ཕྲུག་ ༤ མིང་དང་སྐྱེས་ཡུལ་ཤེས་རྟོག་བྱུང་འདུག
ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་མདོ་སྨད་རེབ་གོང་ཁུལ་
ཤ་བོ་རྡོ་རྗེ་ལགས་ཀྱིས་འདི་གར་གནས་ཚུལ་བརྗོད་པ་ལྟར་ན། ཉེ་ཆར་བོད་མདོ་སྨད་རེབ་གོང་དུ་སློབ་ཕྲུག་ ༡༨ འཇུ་བཟུང་བཙན་ཁྲིད་བྱས་པའི་ཁྲོད་ནས། སློབ་ཕྲུག་དཔལ་ཆེན་རྡོ་རྗེ་དང་རྡོ་རྗེ་དབང་ཕྱུག དཔལ་བརྟན་རྡོ་རྗེ་གསུམ་ནི་རྩེ་ཁོག་རྫོང་ཧོར་ཉིན་ཕྱུག་ནས་ཡིན་པ་དང་། སློབ་ཕྲུག་བཀྲ་ཤིས་ཚེ་རིང་ནི་གཅན་ཚ་ནས་ཡིན་འདུག
གཞན་ཉེ་སྔོན་བོད་མདོ་སྨད་མཚོ་ལྷོ་ཁུལ་གྱི་སློབ་མའི་ཞི་རྒོལ་ཁྲོམ་སྐོར་ལ་སྣེ་འཁྲིད་མཁན་གྱི་ཉེས་མིང་འོག སློབ་ཕྲུག་ ༨ ལ་ལོ་ལྔ་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད་མོད། ཤ་བོ་རྡོ་རྗེ་ལགས་ཀྱིས་བསྐྱར་དུ་བོད་ནང་གི་འབྲེལ་ཡོད་མི་སྣ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར། ད་ལྟའི་ཆར་སློབ་ཕྲུག་དེ་དག་ལ་ཁྲིམས་ཁང་རང་ནས་ཁྲིམས་ཐག་བཅད་ཟིན་པ་ཞིག་མ་ཡིན་པར། ས་གནས་ཉེན་རྟོག་པས་སློབ་ཕྲུག་རྣམས་ཀྱི་ཕ་མར་སློབ་ཕྲུག་དེ་ཚོར་ལོ་ ༥ རེའི་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བརྗོད་པ་ཞིག་ཡིན་འདུག
ཉེ་སྔོན་ནས་རེབ་གོང་ཁུལ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་གུང་གསེང་བཏང་སྟེ། ད་ལྟའི་ཆར་ད་དུང་སློབ་གྲྭ་སྒོ་བརྒྱབ་ནས་སློབ་ཁྲིད་བྱེད་མཚམས་བཞག་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
མདོ་སྨད་རེབ་གོང་ཁུལ་ཞེས་པ་དེ་འདྲ་ཡོད་མ་རེད། དེ་ན་ ༼མདོ་སྨད་རྨ་ལྷོ་བོད་རིགས་རང་ལྗོངས་ཁུལ་་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་ཕྲུག་༡༨་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་་་་་་་༽ཡིན་དགོས་། ས་ཁུལ་ཁག་གི་མིང་དང་ཁུངས་རྟོགས་གསལ་པོ་མ་ནོར་བ་ཞིག་བྲི་རོགས་བཞུ། ན་གཞོན་མང་པོ་ཞིག་གིས་ཁྱེད་རྣམས་པའི་གསང་འགྱུར་ཐོག་ནས་བོད་ནང་གི་ས་གནས་དང་ས་ཁུལ་ཁག་གི་དབྱེར་འཇེས་ལ་ཤེས་རྟོགས་ཡོང་གི་ཡོད་པས་ལམ་ནོར་ལ་མ་ཕྲིད་རོགས་།