ཉེ་ཆར་རྒྱ་གར་རྒྱལ་ས་ལྡི་ལི་གསར་པར་བཙན་གཡེམ་དོན་རྐྱེན་ཞིག་བྱུང་རྗེས། འདས་པའི་བདུན་ཕྲག་གཅིག་རིང་རྒྱལ་ས་ལྡི་ལི་གཙོས་པའི་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་མི་མང་གི་ངོ་རྒོལ་དོན་རྐྱེན་ཤུགས་ཆེན་འབྱུང་བཞིན་ཡོད་པ་དང་། ལྷག་པར་དུ་ཁ་སང་གཟའ་ཉི་མའི་ཉིན་ལྡི་ལིར་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་གྱིས་ཉེན་རྟོག་པ་དང་མི་མང་བར་འཁྲུག་འཛིང་ཤོར་ཏེ། ཉེན་རྟོག་པ་ ༧༨ ཚུད་པའི་མི་མང་བརྒྱ་སྐོར་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་དགོང་མོ་རང་ལོ་ ༢༣ ཡིན་པའི་མཐོ་སློབ་བུ་མོ་ཞིག་དགའ་རོགས་དང་ལྷན་དུ་གློག་བརྙན་ལ་ལྟ་རུ་ཕྱིན་ཏེ་ཕྱིར་ལོག་པའི་ལམ་བར་དུ། སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་དུ་ཁ་ལོ་བ་ཚུད་པས་མི་ ༦ གིས་སྐྱེས་པ་དེ་བསྡམས་བཀྱིག་བྱས་ཏེ་བུ་མོ་དེར་བཙན་གཡེམ་བྱས་འདུག་པ་མ་ཟད། མཚན་མའི་ནང་ལྕགས་རྒྱུག་བཙུགས་པ་སོགས་བྱས་མཐར་ཁོ་གཉིས་དམར་རྗེན་དུ་གཞུང་ལམ་སྟེང་གཡུག་ཡོད་འདུག དོན་རྐྱེན་དེས་རྒྱ་གར་མི་མང་ལ་ཁོང་ཁྲོ་ཆེན་པོ་བསླངས་ཏེ། འདས་པའི་བདུན་ཕྲག་གཅིག་རིང་ལྡི་ལི་གཙོས་རྒྱ་གར་གྱི་གྲོང་ཁྱེར་དང་ས་གནས་གང་སར་སློབ་ཕྲུག་དང་མི་མང་གི་ངོ་རྒོལ་ཤུགས་ཆེན་བྱུང་ཡོད་པ་མ་ཟད། དེ་རིང་ཕྱི་དྲོའི་བར་ལྡི་ལིའི་ངོ་རྒོལ་ལས་འགུལ་ཧ་ཅང་ཛ་དྲག་གི་ངོ་བོར་འགྱུར་བཞིན་ཡོད་འདུག
ཕྱི་ཚེས་ ༢༢ ཉིན་ལྡི་ལིར་སློབ་ཕྲུག་དང་མི་མང་གི་ངོ་རྒོལ་ཤུགས་ཆེར་བྱུང་ཡོད་སྟབས། ལྡི་ལི་ཉེན་རྟོག་ལས་ཁུངས་ཀྱིས་བཀའ་ཁྱབ་བཏང་སྟེ་ཕྱི་ཚེས་ ༢༣ ཉིན་ལྡི་ལི་གྲོང་འཁྱེར་ནང་མང་ཚོགས་འདུ་འཛོམ་དང་ངོ་རྒོལ་སྐད་འབོད་བྱ་རྒྱུར་བཀག་འགོག་བྱས་ཡོད་པ་མ་ཟད། ས་འོག་མེ་འཁོར་འབབ་ཚིགས་(Metro stations)དག་སྒོ་བརྒྱབ་སྟེ་མི་མང་ངོ་རྒོལ་འགོག་ཐབས་བྱས་ཡོད་ཀྱང་། ཉིན་དེའི་ཞོགས་པ་ཆུ་ཚོད་ ༨ ཙམ་ནས་སློབ་ཕྲུག་དང་མང་ཚོགས་སྟོང་ཕྲག་མང་པོ་རྒྱ་གར་སྒོ་ཆེན་(India Gate) མདུན་ཐང་དུ་འཛོམས་ཏེ། སྲིད་འཛིན་ཕོ་བྲང་གི་ཕྱོགས་སུ་སྐད་འབོད་གོམ་བགྲོད་བྱས་འདུག
ཁ་སང་གཟའ་ཉི་མའི་ཞོགས་པར་སླར་ཡང་མི་མང་རྒྱ་གར་སྒོ་ཆེན་མདུན་ཐང་དུ་འཛོམས་བཞིན་པར། ཉེན་རྟོག་པས་གཞུང་ལམ་ཁག་ཏུ་འགོག་སྲུང་ར་བ་བཙུགས་ཡོད་ཀྱང་། མང་ཚོགས་ཀྱིས་འགོག་སྲུང་ར་བ་མེར་བསྲེགས་བཏང་པ་སོགས་བྱས་རྐྱེན་ཉེན་རྟོག་པ་དང་མང་ཚོགས་པར་འཁྲུག་རྩོད་ཆེན་པོ་ཤོར་འདུག ཉེན་རྟོག་པ་དང་དྲག་ཆས་དཔུང་དམག་གིས་མང་ཚོགས་སྟེང་མིག་སྒྲུབ་དུག་རླངས་དང་། མེ་གསོད་ཆུ་སྒྱོགས་སོགས་གཏོར་ཏེ་ངོ་རྒོལ་མི་མང་ཁ་གཏོར་ཐབས་བྱས་ཡོད་ཅིང་། ཉིན་དེའི་འཁྲུག་རྩོད་ཁྲོད་མི་མང་ ༦༥ དང་། ཉེན་རྟོག་པ་ ༧༨ ཙམ་ལ་རྨས་སྐྱོན་བཟོས་ཡོད་ཅིང་། ཉེན་རྟོག་པ་སཱུ་བྷ་ཤཱི་ཟེར་པ་ཞིག་ལ་མང་ཚོགས་ཀྱིས་རིབ་རྡུང་བྱས་ཏེ། ད་ཆར་སྨན་ཁང་དུ་སྲོག་ཉེན་ལ་ཐུག་ཡོད་འདུག རྒྱ་གར་སྒོ་ཆེན་མཐའ་འཁོར་གྱི་གཞུང་ལམ་ཁག་ཏུ་མང་ཚོགས་ཚོས་གཞུང་དང་སྒེར་གྱི་རླངས་འཁོར་ཆེ་ཆུང་ ༥༠ ཙམ་ལ་གཏོར་སྐྱོན་བཏང་ཡོད་འདུག
ཉེན་རྟོག་པ་ཚོས་ངོ་རྒོལ་བ་མང་པོ་འཇུ་བཟུང་བྱེད་བཞིན་ཡོད་པ་མ་ཟད། གསར་འགོད་པ་དང་ངོ་རྒོལ་ལ་འབྲེལ་བ་མེད་པའི་མི་མང་པོར་གཅར་རྡུང་ཕོག་ཡོད་འདུག རྒྱ་གར་གྱི་གསར་ལམ་ཁག་ཅིག་ཏུ་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་ན། མི་མང་ལ་ཞི་བའི་ངོ་རྒོལ་བྱེད་རྒྱུའི་ཐོབ་ཐང་ཡོད་པ་དང་། ཐོབ་ཐང་དེས་རྒྱ་གར་ནི་རྒྱ་ནག་ལྟ་བུའི་སྲིད་དབང་སྒེར་འཛིན་གཞུང་ལས་ཁྱད་པར་བ་ཞིག་ཡིན་པའི་རྣམ་པ་འཐོན་དགོས་ཀྱང་། ཐེངས་འདིར་རྒྱ་གར་ཉེན་རྟོག་པ་དང་གཞུང་གིས་མང་ཚོགས་སྟེང་དྲག་ཤུགས་བེད་སྤྱོད་བཏང་པའི་བྱ་སྤྱོད་ནི་ངོ་ཚ་དགོས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་ཀྱིན་འདུག
ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་ཉེན་རྟོག་པ་ཚོས་ཉེས་མེད་མང་པོར་གཅར་རྡུང་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་རེད། དམིགས་བསལ་བཀོད་འདོམས་ཉེན་རྟོག་དཔོན་ཀཱུ་མར་(Kumar) གྱིས་ཉེ་ཆར་གྱི་བཙན་གཡེམ་དོན་རྐྱེན་དང་། ཐེངས་འདིར་ཉེན་རྟོག་པས་དྲག་རྡུང་བྱས་པ། ལྡི་ལི་གཙོས་པའི་རྒྱ་གར་ནང་གི་བུད་མེད་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་དམིགས་བསལ་ཚོགས་ཆུང་བཙུགས་ཏེ། གནད་དོན་ཐག་གཅོད་ཡོང་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ཐེངས་འདིའི་བཙན་གཡེམ་དོན་རྐྱེན་དང་འབྲེལ་བའི་མི་མང་གི་ངོ་རྒོལ་ཐད་གཞུང་གིས་ཞིབ་བཤེར་དང་ཁྲིམས་ཆད་ནན་མོ་གཅོད་རྒྱུ་ཡིན་ཚུལ་བསྒྲགས་ཡོད་པ་མ་ཟད། རྒྱ་གར་ནང་གི་བུད་མེད་ཀྱི་བདེ་འཇགས་ལ་འགན་སྲུང་ཐུབ་ཐབས་སུ་མཚན་མོའི་སྐོར་སྲུང་པ་མང་དུ་གཏོང་རྒྱུ། སྤྱི་སྤྱོད་རླངས་འཁོར་ཁ་ལོ་པ་དང་ལས་རོགས་ཚོར་ཞིབ་བཤེར་ལྟ་རྟོག་བྱ་རྒྱུ། སྤྱི་སྤྱོད་རླངས་འཁོར་རིགས་ཀྱི་ཁྲ་ཡོར་འཇོག་མི་ཆོག་པ་བཟོ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་ཀྱང་། མང་ཚོགས་ཀྱིས་ཐེངས་འདི་གཅིག་པུ་མིན་པར་བཙན་གཡེམ་དོན་རྐྱེན་རིགས་ནི་རྒྱ་གར་ནང་དུས་རྒྱུན་བྱུང་དང་འབྱུང་བཞིན་ཡོད་ཀྱང་། གཞུང་གིས་དེའི་ཐོག་ལས་ཀ་དོན་ཕན་ལྡན་པ་ཞིག་བྱེད་ཐུབ་མེད་པའི་སྐྱོན་བརྗོད་དང་། ལྷག་པར་དུ་ཐེངས་འདིའི་ཉེས་ཅན་ཚོར་སྲོག་ཁྲིམས་གཅོད་དགོས་པའི་འབོད་ཚིག་སྒྲོག་གིན་ཡོད་འདུག
གཟའ་ཉི་མའི་ཕྱི་དྲོར་རྒྱ་གར་གྱི་སྲིད་བློན་མན་མཱོ་ཧཱ་སེན་(Manmoha Singh) མཆོག་གིས་ཉེན་རྟོག་པ་དང་མང་ཚོགས་བར་འཁྲུག་རྩོད་བྱུང་པ་དེར་སེམས་གཏིང་ནས་བློ་ཕམ་ཡོད་སྐོར་དང་། མང་ཚོགས་ཚོ་ལྷོད་ལ་འབབ་དགོས་པའི་འབོད་སྐུལ་གནང་སྟེ། རྒྱ་གར་ནང་གི་བུད་མེད་ཀྱི་བདེ་འཇགས་ལ་ནུས་པ་གང་ཡོད་འདོན་རྒྱུའི་ཁས་ལེན་དང་། བཙན་གཡེམ་ཐེབས་པའི་བུ་མོ་དེར་ཚང་མ་མཉམ་འབྲེལ་ཐོག་དོ་ཁུར་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག
ལྡི་ལི་ཉེན་རྟོག་ཁང་གི་སྙན་ཐོ་ལྟར་ན། ལྡི་ལིའི་ནང་ཆ་སྙོམས་ཆུ་ཚོད་ ༡༤ རེར་བཙན་གཡེམ་བྱ་སྤྱོད་རེ་བྱུང་གི་ཡོད་ཅིང་། ལོ་འདིའི་ནང་བཙན་གཡེམ་དོན་རྐྱེན་ ༥༨༢ ཙམ་བྱུང་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
ཐེངས་འདིའི་བཙན་གཡེམ་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་དང་། འཇིགས་སུ་རུང་བ་ཞིག་རེད། རྒྱ་གར་མི་མང་གིས་དོན་རྐྱེན་འདིའི་ཐད་ཞི་རྒོལ་བྱས་པ་ནི་ཧ་ཅང་སེམས་འགུལ་ཆེན་པོ་སྐྱེས། མི་མང་དང་། བདེ་འཇགས་གཉེན་རྟོག་བར་འཁྲུགས་པ་ཅུང་ཙམ་ཤོར་ཡོད་ན་ཡང་། སྲིད་གཞུང་གི་དཔོན་པོ་ཆེན་པོ་ཚོས་མི་མང་རྣམས་ལ་ཁས་ལེན་དང་དམ་བཅའ་ཕུལ་བ་འདིས། གཞུང་ནི་མི་མང་གིས་དབང་བསྒྱུར་ཡོད་པ་གསལ་བོ་མཐོང་ཐུབ་གི་་་ཡིད་སྨོན་སྐྱེས་སོང་།
དུས་དེང་སང་ཡང་བཙན་གཡེམ་ག་རེ་བྱས་ནས་ཡོང་བགྱིད་ཡོད་རེད། ཆགས་པ་འབར་ནས་བཙན་གཡེམ་ཡོང་བགྱིད་ཡོད་རེད་དམ། ཡང་ན། ཁོང་ཁྲོ་འབར་ནས་བཙན་གཡེམ་ཡོང་བགྱིད་ཡོད་རེད། ཆགས་པ་ཙམ་འབར་ནས་བཙན་གཡེམ་ཡོང་ན། ལྕགས་རིགས་སོགས་མོ་མཚན་ནང་ལ་བཅུག་དགོས་དོན་གང་ཡིན་ནམ། ལགས།
ཡ་ཡ་་་་ད་ཡིན་ན་རྒྱ་གར་གིས་ཀྱང་རྒྱག་ནག་ལེན་འདེབས་གནང་གྱིན་འདུག་་་་་་་་་་་་་་་
ཡ་རྒྱ་གར་དེ་ཚོ་ལྷ་དབང་ཕྱུག་རྟེན་ནས་དེའི་མཚན་མར་དད་གུས་ཞུ་མཁན་སོང་ཙང་དེ་ག་རང་ཡོང་གི་རེད། ད་འདི་སྲིད་དོན་ལག་ཕྱ་འགྱུར་འགྲོ་བ་ཆོས་ཉིད་རེད། སྤྱིར་སྟངས་བུད་མེད་དེ་ཚོ་ནང་ལ་གཅེས་ཉལ་བྱས་གྲགས་པ་དང་། ཕྱིར་བུ་མེད་མཐོང་རྒྱུ་ཉུང་ཉུང་སོང་གནས་ཚུལ་ལྷག་ཡོང་གི་ཡོད་རེད། དེ་མི་རྒྱལ་ཁབ་གཞན་ནང་བུད་མེད་རི་དྭགས་ལྟར་ཕྱིར་དོན་ཡོད་པ་བརྟེན་གནས་ཚུལ་འདི་རིགས་ཉུང་ཉུང་རེད། གནད་དོན་གཞན་པ་ནི་ཆགས་སྤྱོད་མི་ལྟོས་ངན་པ་དྲྭ་གནས་སུ་ཡོད་པ་བཀག་འགོག་བྱེད་དགོས་པ་རེད། སྤྱི་མི་འབོར་ཆ་ནས་འདི་ག་ཡང་མ་རེད། དེ་ལྟར་སེམས་སོ་་་་་་་་་་་།
བོད་པའི་སྤྱི་ཚོགས་ནང་དུ་འདི་འདྲའི་གནས་ཚུལ་མང་པོ་ཡོད་ཀྱང་གོ་མེད་ཚོར་མེད་ཡིན་དོན་ཅི་རེད།
1) སཱ་ར་སློབ་གྲའི་ནང་གི་བུ་མོ་ཆུང་ཆུང་ལོ་བདུན་བརྒྱད་ཅན་ཚིག་ལ་བཙན་གཡེམ་བཏང་བ།
2)ཝ་རཱ་ཎ་སཱ་མཐོ་སློབ་ནང་གི་དགེ་རྒན་ཞིག་གིས་ནང་གི་གཡོག་པོ་རྒྱ་གར་བུ་མོ་སྤུན་མཆེད་གཉིས་གར་བཙན་གཡེམ་བཏང་སྟེ་ཕྲུ་གུ་བཞག་ཡོད།
3) གསོག་སྒར་སློབ་གྲྭའི་ནང་གི་དཀར་མཛེས་ནས་ཡིན་པའི་བུ་མོ་ཚིག་ལ་རྡ་རཱེའི་ཇ་ཞང་ནང་ནས་རྒྱ་གར་བས་བཙན་གཡེམ་བཏང་ཡོད།
4)མཱ་སའོ་རེའི་སློབ་གྲྭའི་ནང་གི་བུ་མོ་ཆུང་ཆུང་ཆིག་ལ་བཙན་གཡེམ་བཏང་ཡོད།
5)ལྷོ་ཕྱོགས་སྦེལ་ཀོབ་ཀྱི་བུད་པའི་བུད་མེད་ཅིག་ལ་རྒྱ་གར་བས་བཙན་གཡེམ་བཏང་ཡོད།
འདི་དག་འདས་པའི་ལོ་གཅིག་གཉིས་ནང་བོད་པའི་སྤྱི་ཚོགས་ནང་བྱུང་བའི་བཙན་གཡེམ་གནས་ཚུལ་རེད།
བོད་གཞུང་གིས་འདི་དག་ཚང་མ་གསང་བ་བྱས་པ་རེད་ལ་མང་ཚོགས་ཚོ་ཡང་གཞུང་གི་མགོ་བསྐོར་འོག་ཚུད་དེ་བརྙས་བཅོས་འཁུར་བ་རེད།
གསར་འགོད་པ་ལགས། གནས་ཚུལ་འདིའི་ཐད་ད་དུང་གསལ་ཁ་ཞིག་བྱེད་དགོས་ཀྱི་འདུག་བསམས།
བུད་མེད་དེ་དང་སྐྱེས་པ་དེ་གཉིས་སར་གཡུག་ས་ཎེ་རུ་གཙུག་ལག་སློབ་གཉེར་ཁང་དང་ཉེ་འཁྲིས་ལ་སོང། དགོང་མོ་དེ་ག་རང་ལ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚོ་སློབ་ཆེན་མདུན་ཐང་ནས་ངོ་རྒོལ་སྐད་འབོད་བྱས་སྐབས། གསར་ལམ་གྲགས་ཅན་NDTVསླེབས་ནས་ངོ་རྒོལ་ཐད་གཏོང་བྱས་ཡོད་འདུག
ཕྱི་ཉིན་རྒྱ་གར་སྒོ་ཆེན་མདུན་གཙུག་ལག་སློབ་གཉེར་ཁང་དེས་དབུ་ཁྲིད་དེ་ལྡི་ལིར་མཐོ་སློབ་གཞན་ཁག་དང་མི་མང་ཆེས་མང་པོ་འདུ་འཛོམས་བྱུང་ཡོད་འདུག་པ་མ་ཟད། རྒྱ་གར་ནང་གི་བུད་མེད་ལས་རིགས་སྣ་ཚོགས་ཐོག་གྲགས་ཅན་ཡིན་པ་མང་པོ་གསར་ལམ་དང་དེ་བཞིན་ངོ་རྒོལ་འདུ་འཛོམས་སར་ཕེབས་ཡོད་འདུག
དེ་ནས་གཅིག་ལ་གཉིས་ཀྱི་ཚུལ་དུ་རྒྱ་གར་གྲོང་ཁྱེར་ཆེ་ཁག་བྷེན་ལོར་སོགས་སུའང་མཆེད་འདུག ང་ཚོས་NDTVནས་གསལ་མཐོང་ལྟར་ན་སོ་ཎི་ཡ་གན་ངྷི་ཞི་རྒོལ་མི་མང་ཁྲོད་དངོས་སུ་ཕེབས་པ་དང། དེ་བཞིན་རྒྱུད་ལམ་སྣ་ཚོགས་བུད་མེད་སྐད་གྲགས་ཅན་རྣམས་དང་མཁས་པ། སྲིད་དོན་པ་ཚོས་གཏིང་ཟབ་པོའི་བགྲོ་གླེང་སྣ་ཚོགས་བྱས་པ་ཡོངས་གྲགས་རེད།
སློབ་ཕྲུག་ཚོས་ཉིན་དང་པོ་ནས་ལྡི་ལི་སྤྱི་ཁྱབ་བློན་ཆེན་དང་ནང་སྲིད་བློན་གཉིས་དགོངས་པ་ཞུ་དགོས་པའི་འབོད་ཚིག་བསྒྲགས་ཡོད་འདུག་པ་བཅས་ནི་ཡུལ་དངོས་ལ་ཉམས་ཞིབ་ཀྱིས་ཁུངས་དག་ཅིག་ཁ་སྐོང་བྱ་རོགས།།
༥༨༢ ཙམ་བྱུང་ཡོད་འདུག་ན་ཁག་མི་འདུག