མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སའི་མགྲོན་ཁང་ ༣༠ དཀའ་ངལ་ནང་ལྷུང་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

ལྷ་ས་གྲོང་ཁྱེར་དུ་ཡོད་པའི་ཨ་མདོའི་མགྲོན་ཁང་དག་ལ། རྒྱ་གཞུང་གིས་སྟངས་འཛིན་ནན་མོ་བྱས་ཏེ་ཚོང་ལས་གཉེར་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་འདུག

སུད་སིར་གནས་སྡོད་ཕུན་ཚོགས་ལགས་སུ་ལྷ་སའི་ཨ་མདོའི་ཚོང་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་ལྷ་སར་ངོ་རྒོལ་ཤུགས་ཆེན་བྱུང་རྗེས། རྒྱ་གཞུང་གིས་ལྷ་སར་གནས་སྡོད་ཁམས་དང་ཨ་མདོའི་ཕྱོགས་ཀྱི་ཚོང་པ་མང་ཆེ་བ་ཕྱིར་འཕུད་བཏང་ཡོད་པ་དང་། དེའི་རྗེས་ནས་བཟུང་ཁམས་དང་ཨ་མདོའི་ཕྱོགས་ཀྱི་ཚོང་པ་དང་ནས་མཇལ་བ་སོགས་ལ་བཀག་སྡོམ་བྱས་སྟབས། ད་ཆར་ལྷ་སར་ལོ་མང་པོའི་གོང་གཞིས་སྤོ་བྱས་པའི་ཁམས་པའི་གཏན་སྡོད་ཚོང་པ་དང་། དབུས་གཙང་དང་མངའ་རིས་སོཊ་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གཞན་ནས་ཡོང་བའི་གཏན་སྡོད་ཚོང་པ་དག་ལས། ཕྱིས་སུ་འབྱོར་བ་དག་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་འདུག

༢༠༡༡ ལོའི་ཕྱི་ཟླ་ ༥ ཙམ་ནས་རྒྱ་གཞུང་གིས་ལྷ་སའི་གཙུག་ལག་ཁང་གཡས་གཡོན་གྱི་བོད་རིཊ་མགྲོན་ཁང་ཁག་ཏུ། བོད་རིཊ་གནས་མཇལ་བ་གཙོས་བོད་རིཊ་ཡིན་ཚད་རྩ་བ་ནས་སྡོད་མ་བཅུག་པ་དང་། རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་པའི་མགྲོན་ཁང་ཁག་ཏུ་མ་བསྡད་པ་སོགས་ལ་བརྟེན་ཏེ་བོད་རིཊ་མགྲོན་ཁང་ཁག་གི་ཡོང་འབབ་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཏུ་སོང་སྟེ། དེང་སྐབས་མགྲོན་གཉེར་བར་ཁེ་བཟང་རག་རྒྱུ་ཕར་ཞོག ཐ་ན་ཁང་གླ་དང་ཉིན་རེའི་ལྟོ་གོས་ཀྱི་ཡོང་འབབ་ཙམ་ཡང་དཀའ་བ་དང་། ཁོང་རང་ཉིད་ལའང་མཚོན་ནའང་མ་རྩ་རྒྱ་སྒོར་ས་ཡ་གཅིག་གི་མགྲོན་ཞིག་གཉེར་བཞིན་ཡོད་ཀྱང་། མགྲོན་པོ་ཡོང་མཁན་མངོན་གསལ་གྱིས་ཇེ་ཉུང་དུ་ཕྱིན་སྟབས་སྒོ་རྒྱག་དགོས་པའི་གནས་སུ་ལྷུང་ཡོད་འདུག

 ཡང་ཁོང་གིས་བརྗོད་པ་ལྟར་ན། བར་ལམ་ནས་རྒྱལ་ས་ལྷ་ས་ཁོ་ནར་བུན་གཏོང་བདག་གཉེར་བྱས་པའི་ཨ་མདོའི་མགྲོན་ཁང་ ༣༠ ལྷག་ཡོད་ནའང་། ད་ཆར་སྔོན་མ་དང་མི་འདྲ་བར་མགྲོན་ཁང་ནང་མགྲོན་པོ་ཡོང་མཁན་མ་བྱུང་སྟབས། མགྲོན་ཁང་བདག་གཉེར་བ་ཚོས་ཁང་བདག་ལ་ཁང་གླ་སྤྲོད་མི་ཐུབ་པ་དང་། བུ་ཕྲུག་ཚོར་སློབ་ཡོན་སྤྲོད་མ་ཐུབ་པར་བུ་ལོན་ནང་ཟཊ་ཡོད་ཅིང་། གནས་སྟངས་མུ་མཐུད་ཇེ་སྡུག་ཏུ་ཕྱིན་ན་མགྲོན་ཁང་མང་ཆེ་བ་སྒོ་རྒྱག་དགོས་ཆགས་སྲིད་སྐོར་ངོ་སྤྲོད་གནང་འདུག
 
གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 2

  1. ཚང་མ། says:
    ལོ་ 12 སྔོན།

    ལྷ་ས་ན་ཡོད་པའི་སྐད་གྲགས་ཅན་གྱི་ཨ་མདོའི་༼གཡག་མགྲོན་ཁང་༽རྒྱ་གཞུང་གི་གཞུང་བཞེས་གཏང་བ་རེད། དེས་མ་ཚད་སྦྱིན་བདག་ཡང་བཙོན་དུ་བཅུག་ཡོད་པ་རེད།

    Reply
  2. ཚང་མ། says:
    ལོ་ 12 སྔོན།

    གསར་འགྱུར་མཁོ་སྤྲོད་གནང་བ་ཐུགས་རྗེ་ཆེ།ད་ལྟ་ཁྱེད་རང་གིས་གསུངས་པ་ལྟར་རེད་དབུས་གཙང་རྒྱུད་ལ་རྒྱ་ཞུང་གིས་བཀོད་འདོམས་བྱས་པའི་དམིགས་གསལ་གྱི་མགྲོན་ཁང་རི་གཉིས་མ་གཏོགས་ཨ་མདོ་ཁམ་ནག་ཆུ་སོགས་ཀྱི་འགྲུལ་པ་གནས་བསྡོད་བྱེད་ཆོག་གི་མི་འདུག ། མགྲོན་ཁང་ཁག་ལ་རྒྱ་ཞུང་གིས་་ཨ་མདོ་ཁམ་ནག་ཆུ་སོགས་ཀྱི་འགྲུལ་པ་ལ་གནས་གཡར་བྱས་མི་ཆོག་གལ་སྲིད་གནས་གཡར་བྱས་ཚེ་ཉེས་ཆད་ནན་པོ་གཏང་རྒྱུའི་རྡ་ཐོ་ཡིག་ཆ་མང་པོ་སྤྲད་འདུག །མགྲོན་ཁང་ཁག་ལ་ཨ་མདོ་ ཁམ་ ནག་ཆུ་ བཅས་ཀྱི་ཐེམ་ཐོའི་ཨང་གྲངས་གློག་ཀླད་ནང་བླུག་ནས་སྐར་མ་ལྔ་དྲུག་མ་ཕྱིན་གོང་ཉེན་རྟོག་པ་སྦྱོར་ནས་མགྲོན་གཉེར་ལ་ཉེས་ཆད་ནན་པོ་གཏོང་གི་ཡོད་པ་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese