མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེར་ཏེ་ནིའི་སྙིང་སྟོབས་གསར་བཞེངས།

བོད་ཀྱི་དུས་བབ།
༢༠༡༣/༠༡/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༨༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཕྱི་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་རྫོགས་པའི་ཉིན་མོ་རེད། བཞུགས་སྒར་ངྷ་རམ་ས་ལར་ཀུན་གཟིགས་མཆོག་ལ་དྲན་གསོའི་བགྲོ་གླེང་དང་། ཁོང་གི་མཛད་འཕྲིན་དང་དགོངས་བཞེད་སྐོར་ལ་ཞིབ་འཇུག་གི་དཔེ་དེབ་དབུ་འབྱེད་བྱེད་ཀྱི་འདུག ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་བོད་མི་རིགས་དང་ཁ་བྲལ་བའི་གྱོང་གུད་དེ་བགྲོ་གླེང་དང་ཞིབ་འཇུག་གིས་གསབ་ཐུབ་པ་ཞིག་མིན། ང་དགུ་ལོར་རྒྱ་གཞུང་གིས་བོད་སར་བཙན་འཛུལ་བྱས་ཏེ་བོད་པའི་ཕྱི་ཡི་རང་བཙན་ཤོར་ཡོད་པ་དང་། གྱ་དགུ་ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ཏེ་བོད་པའི་ནང་གི་རང་བཙན་ཤོར་ཡོད། འདི་ངས་བཤད་འདོད་པའི་བགྲོ་གླེང་དེའི་བརྗོད་གཞི་ཡིན། 

            བོད་མིའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཏེ་ལོ་ངོ་ ༢༤ ཕྱིན་སོང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་ནང་འཁོར་དང་བཅས་པ་རྒྱ་ནག་གི་བཙོན་མུན་དུ་བཅུག་སྟེ་ལོ་ངོ་ ༡༨ ཕྱིན་སོང་། གུང་ཁྲན་གཞུང་གི་གཅེས་བའི་བུ་ཕྲུག་རྒྱལ་མཚན་ནོར་བུས་ཆོས་སྲིད་ཀྱི་མཛད་འཕྲིན་ཨུ་ཚུགས་ཀྱིས་བསྐྱངས་ཏེ་ལོ་ངོ་ ༡༧ ཕྱིན་སོང་། ཀུན་གཟིགས་མཆོག་དགོངས་པ་རྫོགས་ཏེ་ལོ་ངོ་ཉེར་བཞི་འདས་པའི་དེ་རིང་། ང་ཚོས་ཁོང་གི་མཛད་འཕྲིན་ལ་ཡི་རངས་བསྔགས་བརྗོད་ཞུས་ཏེ་སྡོད་པ་ལས་ཁོང་གི་མི་རིགས་སྙིང་སྟོབས་རྒྱུན་འཛིན་དང་སྐད་ཡིག་སྙིང་སྟོབས་སློབ་སྦྱོང་ལ་འབད་འབུང་བྱེད་དགོས། 

            ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་སྐབས་བོད་ནང་གི་མཐོ་རིམ་སློབ་ཕྲུག་ཚོས་“བོད་མིའི་སྐྱིད་སྡུག་མཉམ་མྱོང་”ཞེས་པའི་རླབས་ཆེན་གྱི་འབོད་ཚིག་ཅིག་བསྒྲགས་ཡོད། དེ་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མི་རིགས་སྙིང་སྟོབས་བོད་རིགས་མཐོ་རིམ་སློབ་མའི་བྲང་གཞུང་ནས་སླར་ཡང་འཕར་ལྡིང་བྱས་པའི་རྡིག་སྒྲ་རེད། རྡིག་སྒྲ་འདི་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོའི་བྲང་གཞུང་ནས་ཀྱང་གྲག་དགོས་ཀྱི་འདུག ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་མི་ཚེ་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད་ཅེས་པའི་གད་རྒྱངས་དེ་བོད་པའི་མི་རབས་གསར་པ་ཚོ་དང་། ལྷག་པར་དུ་ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་རིགས་གཞོན་སྐྱེས་ཚོའི་སྙིང་ཁམས་སུ་སྒྲོག་དགོས་ཀྱི་འདུག 

            ཉིས་སྟོང་ལོ་ཡས་མས་ནས་བོད་ཡུལ་མདོ་དབུས་ཁམས་གསུམ་ནང་ཕ་སྐད་གཙང་མའི་འགྲན་བསྡུར་ཞིག་དང་། ཐ་སྙད་གསར་བསྒྱུར་གྱི་རླབས་ཕྲེང་ཞིག་འཕྱུར་ཡོད། ཉིས་སྟོང་བཅུ་ལོའི་ཟླ་བ་དགུ་བར་རེབ་གོང་གི་སློབ་ཕྲུག་ཚོས། “མི་རིགས་འདྲ་མཉམ། སྐད་རིགས་རང་དབང་།”ཞེས་འབོད་ཚིག་བསྒྲགས་ཡོད། འདི་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐད་ཡིག་སྙིང་སྟོབས་ལ་དུས་རབས་ཉེར་གཅིག་པའི་ནང་སླར་ཡང་གསོན་ཤུགས་རྒྱས་པའི་གད་རྒྱངས་རེད། བྱེས་གྱར་བོད་རིགས་གཞོན་སྐྱེས་ཚོའི་ཁྲོད་སྙིང་སྟོབས་འདི་དར་སྤེལ་གཏོང་དགོས་ཀྱི་འདུག “ཁྱོད་ཚོས་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ན་ཆོག་ལ། ཁྱོད་ཚོས་བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གྱོན་ན་ཆོག འོན་ཀྱང་ཁྱོད་ཚོའི་ཤ་དང་རུས་པ་ཇི་ལྟར་བྱ་རྒྱུ་ཡིན” ཞེས་པའི་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐད་ཡིག་སྙིང་སྟོབས་འདི་བཞེངས་སྐྲུན་བྱེད་དགོས་ཀྱི་འདུག

            པཎ་ཆེན་སྐུ་ཕྲེང་བཅུ་བའི་ཞུམ་པ་མེད་པའི་མི་རིགས་སྙིང་སྟོབས་དང་སྐད་ཡིག་སྙིང་སྟོབས་གཉིས་བོད་པའི་མི་རབས་གསར་པ་ཚོ་དང་། ལྷག་པར་དུ་ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་མི་གཞོན་སྐྱེས་ཚོར་བརྒྱུད་སྤྲོད་བྱེད་དགོས་ཀྱི་འདུག རང་ཉིད་ཀྱི་རིགས་རུས་བོད་རིགས་ཤིག་ཡིན་པ་དང་ཕ་སྐད་བོད་སྐད་ཡིན་པའི་སྤོབས་པ་དང་སྙིང་སྟོབས་གསར་བཞེངས་བྱེད་དགོས་ཀྱིན་འདུག མདོར་བསྒྲིལ་ན་བོད་པའི་མི་རབས་གསར་པ་རྣམས་ལ་ཀུན་གཟིགས་པཎ་ཆེན་ཨེར་ཏེ་ནི་མཆོག་གི་མི་རིགས་སྙིང་སྟོབས་དང་སྐད་ཡིག་སྙིང་སྟོབས་གསར་བཞེངས་བྱེད་དགོས་ཀྱི་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese