མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་རང་སྐྱོང་གང་དུ་སླེབས་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བྱང་ཤར་བྷ་རོ་ཊ་བོད་རིགས་སློབ་ཕྲུག་དང་ས་གནས་སི་ཚོང་བ་ཚོར་དབུ་མའི་ལམ་དང་འབྲེལ་ཏེ་བོད་དོན་འཐབ་རྩོད་གནས་བབ་སྐོར་ལ་གཏམ་བཤད་གནང་ཡོད་འདུག

བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་རྒྱབ་ཆུ་ཚོད་ ༡།༣༠ སྟེང་རྒྱ་གར་བྱང་ཤར་བྷ་རོ་ཊ་དགུན་ཚོང་རུ་ཁག་གི་ཚོགས་ཁང་དུ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ས་གནས་ཚོགས་མི་དབང་འདུས་ཚེ་རིང་མཁར་ལོ་ལགས་ཀྱི་གོ་སྒྲིག་འོག ངྷ་རམ་ས་ལ་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རིག་གཞུང་འགན་འཛིན་བློ་བཟང་ཆོས་འབྱོར་ལག་གདན་ཞུའི་ཐོག ཨེམ་ཡེས་ཡུ་(MSU)གཙུག་ལག་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་དང་། དགུན་ཚོང་རུ་ཁག་གི་ཚོགས་མི་བཅས་མི་མང་ ༨༠ ཙམ་ལ། ༼ རྒྱ་ནག་གི་རྩ་ཁྲིམས་འོག་བོད་མིས་རང་སྐྱོང་རྩོད་པའི་གནས་བབ་ད་ལྟ་གང་དུ་སླེབས་ཡོད་དམ། ༽ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སོང་།

གཏམ་བཤད་མགོ་འཛུགས་ཀྱི་ཐོག་མར་གོ་སྒྲིག་པ་དབང་འདུས་ཚེ་རིང་ལགས་ཀྱིས་མཐོ་རིམ་སློབ་མ་རྣམས་བོད་ཀྱི་མ་འོངས་མགོ་ཁྲིད་པར་ངོས་འཛིན་གནང་གི་ཡོད་པ་ལྟར། སློབ་ཆེན་པ་ཚོས་ད་ལྟ་ང་ཚོས་རང་སྐྱོང་རྩོད་བཞིན་པའི་གནས་བབ་གང་དུ་སླེབས་ཡོད་མེད་དང་། གཞན་ཡང་བོད་རང་བཙན་འཐབ་རྩོད་ཀྱི་ཕྱོགས་གཉིས་ཀྱི་གནས་སྟངས་ཞིབ་ཚགས་མཁྱེན་ཆེད་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་ཡིན་ཞེས་ངོ་སྤྲོད་གནང་སོང་།

བློ་བཟང་ཆོས་འབྱོར་ལགས་ཀྱིས་གཏམ་བཤད་སྐབས་དོན་ཚན་ ༦ ཏུ་དབྱེ་སྟེ་གསུངས་རྒྱུར། དང་པོ། རྒྱ་ནག་གི་རྩ་ཁྲིམས་ནང་ས་ཁོངས་རང་སྐྱོང་སྐོར་འགན་ལེན་གང་ཡོད་མེད་དང་། བོད་མིས་རྩོད་བཞིན་པའི་རང་སྐྱོང་གི་སྙིང་དོན་ག་རེ་ཡིན་པ། དེ་ལ་རྒྱ་ཕྱོགས་ནས་ལན་འདེབས་ག་རེ་བྱས་ཡོད་མེད། བོད་མིའི་ཕྱོགས་ནས་ཕྱོགས་གཉིས་ཀྱི་ལྟ་ཚུལ་མི་མཐུན་པ་སེལ་ཐབས་འགྲེལ་བརྗོད་ཅི་བྱས། གཞན་ཡང་། བོད་ཕྱི་ནང་གཉིས་ནས་ད་བར་རང་སྐྱོང་རྩོད་པའི་བྱུང་རིམ། དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་སྐབས་ས་མཚམས་བསྒྱུར་བཅོས་ཐད་དམིགས་བཀར་གྱིས་ནབཤད་པ་དང་། མཇུག་མཐར་རྒྱ་བོད་ཕྱོགས་གཉིས་ནས་རང་སྐྱོང་ཐོབ་ཐབས་གཟབ་ནན་བྱེད་དགོས་པ་རེ་ཡིན་མིན་བཅས་ཀྱི་གཏམ་བཤད་སྤེལ་སོང་།

གཏམ་བཤད་གྲུབ་མཚམས་སློབ་ཕྲུག་ཚོས་དབུ་མའི་ལམ་གྱི་སྐོར་ལ་དོགས་གཅོད་དང་། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སོགས་ཕྱོགས་ཡོངས་ནས་དྲི་བ་དྲིས་ལན་ཆུ་ཚོད་ ༣ ཙམ་རིང་གནང་རྗེས། སིལ་ཚོང་ཚོགས་པའི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དེ་རེབ་ཀྱི་གཏམ་བཤད་དེ་བརྒྱུད་ནས་དབུ་མའི་ལམ་གྱི་སྐོར་ལ་དོགས་པ་རྣམ་རྟོག་མང་པོ་ཞིག་སེལ་ཐུབ་སོང་ཚུལ་བརྗོད་བྱུང་།

ཕྱི་ཚེས་ ༣༠ ཉིན་གྱི་ཕྱི་དྲོར་སླར་ཡང་དོ་སྣང་ཅན་གྱི་སློབ་ཕྲུག་སྐོར་ཞིག་གིས་དབུ་མའི་ལམ་གྱི་སྐོར་དང་རྒྱ་ནག་གི་རྩ་ཁྲིམས་སྐོར་ལ་དོགས་འདྲི་གནང་བ་དང་། སྐབས་དེར་བློ་བཟང་ཆོས་འབྱོར་ལགས་ཀྱིས་རྒྱ་ནག་གིས་རྩ་ཁྲིམས་ཀྱི་སྒྲོམ་གཞི་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་དབང་ལས་དོན་གནང་སྒོ་ཁག མི་རིགས་ས་ཁོངས་རང་སྐྱོང་ལ་ཆ་རྐྱེན་ག་རེ་བསྐྲུན་མིན། ཡུལ་མིའི་འགན་དབང་བཅས་ཀྱི་སྐོར་གོ་རྟོགས་སྤེལ་སོང།

གསར་འགོད་པས་རྒྱལ་རབས་ཆེད་སྦྱོང་བ་སློབ་ཕྲུག་རྟ་མགྲིན་ཚེ་དབང་ལགས་སུ། དེ་རིང་གི་བགྲོ་གླེང་སྐོར་ལ་བསམ་ཚུལ་གང་ཡོད་དྲིས་པར། རང་ཉིད་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་ཡིད་ཆེས་བྱེད་མཁན་ཞིག་ཡིན་ཡང་། དེ་རིང་ལས་ལྷག་ཅིག་དབུ་མའི་ལམ་གྱི་བྱུང་རིམ་དང་། ནང་དོན། འཐབ་རྩོད་བྱ་ཕྱོགས་བཅས་ཀྱི་ཐད་གོ་རྟོགས་གསལ་བོ་མ་བྱུང་། དེ་རིང་གི་བགྲོ་གླེང་འདིས་གནད་དོན་མང་པོ་ཤེས་རྟོགས་བྱེད་བཅུག་སོང་བས་དབུ་མའི་ལམ་ནས་རང་སྐྱོང་རྩོད་པ་རེ་བ་གསར་བ་ཞིག་གནང་སོང་ཞེས་སོགས་བརྗོད་བྱུང་།

ཐེངས་འདིར་སིལ་ཚོང་བ་སློབ་ཕྲུག་འགའ་རེས་དབུ་མའི་ལམ་གྱི་ཚོགས་མིའི་ཁོངས་སུ་ཞུགས་འདོད་ཡོད་སྐོར་བཤད་སྐབས། བློ་བཟང་ཆོས་འབྱོར་ལགས་ཀྱིས་ལས་འགུལ་ཁང་འདིའི་དམིགས་ཡུལ་ནི་ཚོགས་མིའི་གྲངས་ཚད་སྤར་རྒྱུ་དེ་མིན་པར། གཙོ་བོ་སོ་སོའི་ངོས་ནས་རྒྱུ་མཚན་གསལ་བོ་ར་འཕྲོད་པའི་ཐོག་ནས་རང་འགན་རང་འཁུར་གནང་རྒྱུ་དེ་གལ་ཆེན་ཡིན་སྐོར་བརྗོད་བྱུང་། 

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དེ་རིང་གི་བགྲོ་གླེང་འདིས་གནད་དོན་མང་པོ་ཤེས་རྟོགས་བྱེད་བཅུག་སོང་བས་དབུ་མའི་ལམ་ནས་རང་སྐྱོང་རྩོད་པ་རེ་བ་གསར་བ་ཞིག་གནང་སོང་ཞེས་སོགས་བརྗོད་བྱུང་། ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese