ཨ་རིའི་ཁུ་ཎ་ཊི་ཁ་ཊི་མངའ་སྡེའི་གྲོས་ཚོཊ་འཐུས་མི་འགས་བོད་དོན་གྲོས་གཞི་ཨང་ ༦༠༩ གཏན་འབེབས་ཐུབ་ཆེད་། མངའ་སྡེ་ཁག་གི་གྲོས་ཚོཊ་འཐུས་མིར་རེ་སྐུལ་ཞུས་འདུག
རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་མཚམས་འཇོག་ཡོང་ཆེད། ༢༠༡༢ ལོའི་ཕྱི་ཟླ་ ༢ པའི་ནང་ཨ་རིའི་གྲོས་ཚོགས་ནང་། མང་མོས་ཐོག་བོད་དོན་གྲོས་ཆོད་ཨང་ ༣༥༦ ཅན་ཞིག་བཞག་ཡོད་པ་ལྟར། ད་ཆར་ཨ་རིའི་བོད་ཀྱི་མཐུན་ཚོགས་ཁུ་ཎ་ཊི་ཁ་ཊིའི་ས་གནས་སྡེ་ཚན་འགན་འཛིན་ལྕམ་རོ་སི་ལགས་གཙོས། མངའ་སྡེ་དེའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཊོ་ནི་བྷོ་ཤོན་ལཊ་དང་། སྐུ་ཞབས་སི་ཁོ་ཕ་རན་སི་ལགས་སོཊ་གནད་ཡོད་མི་སྣ་སྐོར་ཞིག་གིས། ཨ་རིའི་གྲོས་ཚོགས་ནང་བོད་དོན་གྲོས་གཞི་ཨང་ ༦༠༩ གཏན་འབེབས་གནང་ཐུབ་ཆེད། ཨ་རིའི་མངའ་སྡེ་གཞན་པ་ཁག་གི་གྲོས་ཚོགས་འཐུས་མི་ཚོས་བོད་དོན་གྲོས་གཞི་དེར་ངེས་པར་རྒྱབ་སྐྱོར་གནང་དགོས་པའི་ནན་སྐུལ་ཞུས་ཡོད་འདུག
བོད་དོན་གྲོས་གཞི་དེའི་ཐད་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཕ་རན་སི་ལགས་ཀྱིས། ཁོང་གིས་བོད་དོན་གྲོས་གཞི་དེ་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ལྕམ་རོ་སི་ལགས་ཀྱིས་བོད་དོན་གྲོས་གཞི་དེ་ས་གནས་གྲོས་ཚོགས་འཐུས་མི་ཚོར་བསྣམས་ཕེབས་པར་རྒྱབ་སྐྱོར་ཡོད་ཚུལ། གྲོས་གཞི་དེའི་དམིགས་ཡུལ་གཙོ་བོ་བོད་རྒྱའི་བར་གྱི་དཀའ་རྙོག་སེལ་ཆེད་དང་། བོད་ཀྱི་གནད་དོན་ཁུལ་དེའི་མང་ཚོགས་ནས་ཤེས་རྟོགས་ཡོང་ཐབས་དང་འཛམ་གླིང་ནང་ཞི་བདེ་གོང་འཕེལ་དུ་གཏོང་ཆེད་ཡིན་སྐོར་བརྗོད་འདུག
དེ་བཞིན་ལྕམ་སྐུ་ཊོ་ནི་བྷོ་ཤོན་ལགས་ཀྱིས་ཀྱང་། སྔར་ལོ་གཏན་འབེབས་བྱུང་བའི་བོད་དོན་གྲོས་ཆོད་དེ་གྲོས་ཚོགས་གོང་མའི་འཐུས་མིའི་ཚབ་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་སུ་གསན་ཞིབ་གནང་ཡོད་པ་དང་། ད་ཆར་ཨ་རིའི་མང་ཚོགས་དང་གཞུང་གི་མགོ་ཁྲིད་ཚོས་ཨ་རིའི་གཞུང་གི་ལངས་ཕྱོགས་ལྟར། འཛམ་གླིང་ཐོག་རང་དབང་དང་དྲང་བདེན་གྱིས་ཕོངས་པའི་མི་དམངས་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་ཡིན་ཞིང་། བོད་ཀྱི་གནད་དོན་ལ་མཚོན་ན། བོད་ནང་གི་བོད་མི་ཚོར་དྲག་པའི་གོ་མཚོན་གང་ཡང་མེད་པར་ཞི་བའི་ཐབས་ལམ་ཁོ་ནའི་སྟེང་སྐྱོད་བཞིན་པར་བརྟེན། ཨ་རིའི་སྲིད་འཛིན་གཙོས་མངའ་སྡེ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་ཡིན་ཚུལ་བརྗོད་ཡོད་འདུག
གསར་འགོད་པ། དཔལ་ལྡན།