མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསང་བའི་རྒྱབ་ཀྱི་གསང་བ།

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༨༡ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཁྲིམས་མིག་ནས་ཚད་གཞལ་ན། རྒྱ་ནག་པེ་ཅིན་གློག་བརྙན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིས་ཏིག་ཕིན་དང་། ཨ་རིའི་ཁཱ་ལེ་ཧྥོ་ནེ་ཡའི་གློག་བརྙན་བཟོ་སྐྲུན་པ་སཱེམ་བྷ་ཟིལ་གཉིས་ཀྱི་ནག་ཉེས་གཅིག་མཚུངས་ཡིན། སྔ་མས་རྒྱ་ནག་དམར་པོའི་གོ་ཁྲབ་གྱོན་ཏེ་བོད་མི་ཚོར་ཐུབ་ཚོད་བཏང་བ་ཞིག་དང་། ཕྱི་མས་ཨ་རིའི་དམངས་གཙོའི་རང་དབང་སྤྱད་དེ་ཁ་ཆེ་བ་ཚོར་མཐོང་ཆུང་བཏང་བ་འདི་མི་འདྲ་བའི་ཆ་རེད། 

            བོད་ཆུ་སྦྲུལ་ལོའི་གནམ་ལོ་གསར་ཚེས་ལ་རྒྱ་གཞུང་གིས་རྒྱལ་ཡོངས་མི་མང་ལ་ལོ་གསར་ལེགས་སྐྱེས་གྱ་ནོམ་པ་ཞིག་ལེགས་འགྲུབ་བྱུང་ཡོད་པར་འདོད་ཡོད། བོད་མི་ཚོར་རྒྱ་སྒོར་སྤྲད་དེ་ལོ་གསར་ལ་སྤྲོ་སྐྱིད་གཏོང་དགོས་པ་དང་ཤོག་སྦག་བསྒྲོན་དགོས་པའི་བཙན་བཀའ་བཏང་ཡང་འདོད་དོན་འགྲུབ་མེད། བོད་ཁུལ་ནས་ལོ་གསར་ལ་གྲ་སྒྲིག་བྱས་པའི་རིག་རྩལ་སྤྲོ་ཚོགས་དག་ཀྱང་ལོ་རེ་བཞིན་སྤུས་ཀ་ཇེ་ཞན་དང་ཁ་དོག་ཇེ་ནག་ཏུ་ཕྱིན་ཡོད། ད་ལོ་སླར་ཡང་བྱེད་ཐབས་གཞན་ཞིག་སྤྱད་དེ་༼བོད་ཀྱི་གསང་བ༽ཞེས་པའི་མུ་འབྲེལ་གློག་བརྙན་རིང་པོ་འདི་གྲ་སྒྲིག་བྱས་པ་རེད།

            བོད་མི་སུ་འདྲ་ཞིག་ཡིན་ཡང་གློག་བརྙན་འདི་མཐོང་ན་ཧ་ལས་ཤིང་ཧོན་མི་འཐོར་མཁན་སུ་ཡོད། བོད་དང་བོད་པའི་རིག་གཞུང་ལ་དགའ་ཞེན་ཡོད་མཁན་མི་རིགས་གཞན་ཞིག་ཡིན་ཡང་གདོང་པ་ཚ་བིར་བིར་ཆགས་རྒྱུ་གདོན་མི་ཟ། བོད་དང་བོད་པའི་རིག་གཞུང་ལ་རྒྱུས་མངའ་རྩད་ནས་མེད་མཁན་དགེ་རྒན་ཆེན་མོ་ལིས་ཏིག་ཕིན་ལྟ་བུ་དག་ལ་ནི་གློག་བརྙན་འདིས་བྲོ་བ་ཆེན་པོ་སྟེར་སྲིད་པ་དང་། གད་མོ་ཤོར་བ་དང་ཡ་མཚན་སྐྱེ་བའི་གསང་བ་མང་པོ་ཞིག་མཐོང་སོང་བ་འདྲ་བའི་ཚོར་བ་ཡང་སྤྲོད་སྲིད།

མི་བྱེ་བྲག་པ་ཞིག་གིས་རླབས་ཆེ་བའི་མི་རིགས་ཤིག་དང་། དེའི་རིན་ཐང་ཅན་གྱི་རིག་གཞུང་ལ་འདི་འདྲའི་དམའ་འབེབས་ཟུར་ཟ་བྱེད་པའི་བློ་ཁོག་དང་ལས་འགན་དེ་སུ་ཞིག་གིས་ཁོ་ལ་སྤྲད་པ་ཡིན་ནམ། གློག་བརྙན་འདིར་དྲང་ཕྱོགས་ནས་ལྟ་མཁན་ཞིག་ཡིན་ན་༼བོད་ཀྱི་གསང་བ༽འདིའི་རྒྱབ་ལོགས་ན་སྦེད་སྐུང་བྱས་ཡོད་པའི་༼རྒྱ་ནག་གི་གསང་བ༽མང་པོ་ཞིག་གསལ་རྗེན་དུ་མཐོང་ཐུབ་ཅིང་། དེ་དང་མཉམ་དུ་རྒྱ་ནག་གཞུང་གི་ཞེད་སྣང་དང་སེམས་འཚབ་དག་ཀྱང་རྟོགས་ཐུབ།

            བོད་མི་ཚོས་སང་ཉིན་གནངས་ཉིན་ཚེས་ ༡༣ ཉིན་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ཏེ་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་གཙི་ཞུ་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད། རྒྱ་གཞུང་གིས་ཏག་ཏག་དུས་ཚིགས་དེ་མིག་འབེན་དུ་བཟུང་སྟེ། བོད་རིགས་མི་དམངས་ཀྱི་སེམས་ངོར་རྒྱལ་དབང་བཅུ་གསུམ་པ་དང་སྐབས་དེའི་བོད་སྤྱི་ཚོགས། བོད་པའི་ཆོས་སྲིད་ཟུང་འབྲེལ་སོགས་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་དང་། སྐྱུག་མེར་ལངས་པ་ཞིག་ཡིན་པའི་སྣང་བརྙན་བཞེངས་སྐྲུན་བྱེད་འདོད་པ་དེ་རེད།

            མདའ་གཅིག་གིས་ཤྭ་གཉིས་གསོད་པའི་དཔེ་ལྟར། གློག་བརྙན་འདིའི་འཁྲབ་སྟོན་པའི་གྲས་སུ་བོད་མི་འགའ་ཡང་བཞག་ཡོད། དེ་ནི་གློག་བརྙན་འདིའི་བགེགས་བར་ཆད་ཞི་ཞིང་ཁ་ལས་རླུང་རྟ་དར་ཆེད་དང་། གློག་བརྙན་འདིའི་ནང་གང་ཞིག་འཁྲབ་ཀྱིན་ཡོད་པ་དང་ཅི་ཞིག་འཆད་ཀྱིན་ཡོད་པ་ཐ་དག་ལ་བོད་མི་ཚོ་ཡིད་ཆེས་ཡོང་ཐབས་ཡིན། དགེ་རྒན་ལིས་ཏིག་ཕིན་གྱི་ལག་པ་ཕྱི་ས་འདིའི་རྒྱབ་ལོགས་ན། ད་དུང་བོད་པ་ནང་ཁུལ་ལ་ལྟ་སྟངས་ཡོང་ཐབས་དང་ནང་ཁུལ་དཀྲུགས་ཤིང་གི་ལྐོག་ཇུས་གཞན་དག་ཀྱང་ཡོད་སྲིད།

            ངས་གློག་བརྙན་འདི་མཐོང་མ་ཐག གློག་བརྙན་གཞན་ཞིག་ཀྱང་གློ་བུར་དུ་དྲན་བྱུང་། སྔར་ལོའི་ཕྱི་ཟླ་ ༨ པའི་ནང་ཨ་རིའི་ཁཱ་ལེ་ཧྥོ་ནེ་ཡའི་མི་སེར་མིང་ལ་Sam Bacileཟེར་བ་ཞིག་གིས་ཁ་ཆེའི་སྟོན་པར་དམའ་འབེབས་བྱས་པའི་གློག་བརྙན་ཞིག་བཟོས་པར་རྐྱེན་བྱས་ཏེ། མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཡ་ང་བ་བྱུང་ཡོད། ཨེ་ཇེབ་དང་སུའུ་ཊན། ཊའོ་ནེ་ཤུ་ཡ་སོགས་ཁ་ཆེ་རྒྱལ་ཁབ་ཁག་གི་ཨ་རིའི་གཞུང་ཚབ་ཁང་ལ་གཏོར་རྒོལ་དང་མེ་བརྒྱབ་པ། གཞུང་ཚབ་པ་ཆེན་མོ་དམར་གསོད་བཏང་བ་སོགས་བྱུང་སྟེ། མཐའ་མར་གློག་བརྙན་དེ་ཕྱིར་བསྡུ་བྱེད་དགོས་བྱུང་བ་མ་ཟད། ཨ་རིའི་གཞུང་གིས་གསལ་བཤད་དང་དགོངས་དག་ཞུ་དགོས་པ་བྱུང་ཡོད།

རྒྱ་ནག་གཞུང་གི་དམག་མིའི་ཚན་པ་ནས་ཆེས་མཐོའི་བྱ་དགའ་ཐོབ་མཁན་གླུ་མ་ཧྭན་ཧུང་གིས་བར་སྣང་སྟོང་བའི་དབྱིངས་ནས་གར་སྟབས་སྒྱུར་བཞིན་ཕོ་བྲང་པོ་ཏཱ་ལའི་རྩེར་བབས་ཏེ་གླུ་གཞས་གཏོང་འདོད་པའི་རྨི་ལམ་དེ་དང་། གཞས་པ་གཞས་མ་དང་གློག་བརྙན་འཁྲབ་སྟོན་པ་གཞན་འགའ་ཞིག་གིས་མ་ཕམ་གཡུ་མཚོ་དང་གངས་རིན་པོ་ཆེ། དེ་བཞིན་མཚོ་སྔོན་པོ་སོགས་ནས་མཚན་སྙན་འཚོལ་འདོད་པའི་ཧམ་སེམས་དེ་དག བོད་ཕྱི་ནང་གི་འབོད་སྒྲས་ཞི་བར་གཤེགས་ཡོད་ཀྱང་། ད་རེབ་རྒྱ་ནག་དམར་གཞུང་དགེ་རྒན་ལིས་ཏིག་ཕིན་གྱི་སྨྱུ་གུར་འཛུལ་བའི་གསང་བ་དེ་རྟོགས་མ་ཐུབ།།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༣ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese