མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུར་བོད་སྨན་དར་ནས་ལོ་ ༢༥༠ ཕྱིན་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཨུ་རུ་སུའི་ནང་བོད་ལུགས་གསོ་རིག་སྨན་པའི་ལྷན་ཚོགས་ཤིག་ཚོགས་ཏེ་བོད་སྨན་དེ་ཨུ་རུ་སུའི་གཞུང་གིས་ངོས་ལེན་ཡོང་ཐབས་སོགས་ལ་བགྲོ་གླེང་གནང་འདུག

གནས་ཚུལ་འབྱོར་གསལ་ལ། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨུ་རུ་སུའི་མངའ་སྡེ་(Ulan-Ude)ནང་གི་ཁུ་ལའོ་ཆེ་ཝེ་སི་ཁ་ཇ་(Kluchevskaja,23)ཞེས་པའི་གྲོང་ཁྱེར་གྱི་གཞུང་གི་དཔེ་མཛོད་ཁང་དུ། བོད་སྨན་ལྟེ་གནས་ཁང་གི་གོ་སྒྲིག་འོག་༼ ཨུ་རུ་སུའི་རྒྱལ་ཡོངས་བོད་ལུགས་གསོ་རིག་སྨན་པའི་ལྷན་ཚོགས༽ཀྱི་སྔོན་འགྲོའི་ཚོགས་ཆེན་དང་པོ་དེ་འཚོགས་ཡོད་འདུག

ལྷན་ཚོགས་དེའི་སྟེང་བོད་མི་དང་ཨུ་རུ་སུ་སོགས་མི་རིགས་འདྲ་མིན་གྱི་བོད་སྨན་ཆེད་མཁས་པ་དང་ནུབ་ལུགས་གསོ་རིགས་ཞིབ་འཇུག་པ། རྫས་སྦྱོར་ཉམས་ཞིབ་པ་སོགས་སྐུ་མགྲོན་ ༤༩ ཙམ་མཉམ་ཞུགས་གནང་ཡོད་པ་དང་། ཉིན་དེའི་སྔ་དྲོའི་ཡུལ་དེའི་ཆུ་ཚོད་ ༡༠ སྟེང་ཚོགས་འདུ་དབུ་འཛུགས་ཀྱིས་སྣང་གསལ་མར་མེ་ཞལ་འབྱེད་གནང་རྗེས། ཚོགས་འདུ་གཙོ་སྐྱོང་པ་ཁེ་ཁུ་ཅའེ་རེའུ་ནཱ་ལགས་ཀྱིས་བོད་སྨན་ཨུ་རུ་སུའི་རྒྱལ་ཁོངས་སུ་དར་བའི་ལོ་རྒྱུས་དང་བོད་སྨན་གྱི་ཕན་ནུས་སོགས་ངོ་སྤྲོད་གནང་ཡོད་པ་དང་། དེའི་རྗེས་སོག་རིགས་སྨན་པ་འཆི་མེད་རྡོ་རྗེ་ལགས་ཀྱིས་ཨུ་རུ་སུའི་རྒྱལ་ཡོངས་སུ་བོད་ལུགས་གསོ་རིག་སྨན་པའི་ལྷན་ཚོགས་ཟེར་བ་དེ་འཛུགས་དགོས་པའི་རྒྱུ་མཚན་ངོ་སྤྲོད་དང་འབྲེལ་ཚོགས་མི་ཡོངས་ཀྱིས་ལྷན་ཚོགས་དེའི་མ་འོངས་པའི་ཕྱག་ལས་གནང་ཕྱོགས་དང་། བོད་སྨན་དེ་ཨུ་རུ་སུའི་གཞུང་གིས་ཁྲིམས་མཐུན་ངོས་ལེན་ཡོང་ཐབས་བཟོ་ཕྱོགས་སོགས་ལ་བགྲོ་གླེང་གནང་ཡོད་འདུག

ཉིན་རྒྱབ་མང་མོས་འོས་ཤོག་འཕངས་ཏེ་སྐབས་དང་པོའི་རྒྱུན་ལས་གསར་འདེམས་གནང་ཡོད་པ་དང་། འོས་བསྡུའི་ཁྲོད་བླ་བྲང་སྐལ་བཟང་ལགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཨེམ་རྗེ་འཆི་མེད་རྡོ་རྗེ་ལགས་ཚོགས་གཞོན་བཅས་སུ་བདམས་ཐོན་བྱུང་ཡོད་པ་མ་ཟད། གཞན་དྲུང་ཆེ་སོགས་ཁྱོན་རྒྱུན་ལས་ ༡༢ བསྐོ་བཞག་གནང་ཡོད་འདུག

གནས་ཚུལ་ནང་བཀོད་པ་ལྟར་ན། ཨུ་རུ་སུའི་རྒྱལ་ཁབ་ལ་བོད་སྨན་དར་ནས་ལོ་ངོ་ ༢༥༠ ལྷག་གི་ལོ་རྒྱུས་ཡོད་པ་དང་། བོད་སྨན་ནི་རྒྱལ་ཁབ་དེར་ཁྱབ་ཆེ་གྲས་ཀྱི་སྨན་སྣ་ཞིག་ཆགས་ཡོད་འདུག གནས་ཚུལ་ནང་“སྔོན་མ་སི་ཏཱ་ལེན་གྱི་ སྐབས་ནས་བཟུང་ཨུ་རུ་སུའི་རྒྱལ་ཁོངས་སུ་བོད་སྨན་གྱི་སྨན་པ་གྲྭ་ཚང་སོགས་ཡོད་པ་དང་། ས་ཁུལ་དེ་དག་གི་དཔེ་མཛོད་ཁང་དང་ལོ་རྒྱུས་འདྲ་མིན་ཐོག་ནའང་བོད་སྨན་ཁོང་ཚོའི་རྒྱལ་ཁོངས་སུ་དར་བའི་ལོ་རྒྱུས་སོགས་མང་པོ་ཡོད” ཞེས་བཀོད་འདུག

ཚོགས་པ་འདིའི་དམིགས་ཡུལ་ནི་བོད་སྨན་འདི་ཨུ་རུ་སུའི་ཁྲིམས་ཐོག་ནས་ངོས་ལེན་ཡོད་པ་ཤིག་བྱ་རྒྱུ་དང་། ༼ཨུ་རུ་སུ་རྒྱལ་ཡོངས་བོད་ལུགས་སྨན་པའི་ལྷན་ཚོགས༽ཞེས་པ་གང་མྱུར་ཁྲིམས་མཐུན་དེབ་སྐྱེལ་བྱས་རྗེས་ལོ་རེར་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཅིག་རེར་སྐོང་ཚོགས་བྱས་ཏེ། བོད་སྨན་དར་སྤེལ་དང་ན་ཚ་ངོས་འཛིན་སྟངས། ནད་པར་སྨན་བཅོས་གནང་ཕྱོགས་བཅས་ཀྱི་ཐོག་ཕྱག་ལས་གནང་རྒྱུ་ཡིན་འདུག    

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

སྐར་མ ༣༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༢༠ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

༢༠༢༦/༠༧/༡༩

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 13 སྔོན།

    ཡག་པོ་འདུག་སྙིང་སྟོབས་མ་ཆུང་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese