དེ་རིང་ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༡༥ སྟེང་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སྐོར་ལམ་དུ། བོད་པའི་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་འདུག
གནས་ཚུལ་དེ་བྱུང་མ་ཐག་བལ་ཡུལ་ཉེན་རྟོག་པ་མང་པོ་བསླེབས་ཏེ་མེ་གསོད་ཐབས་བྱས་ཏེ་སྨན་ཁང་དུ་འཁྲིད་ཡོད་ཀྱང་། ཉེ་འཁོར་གྱི་མི་མང་ཚོས་བརྗོད་པ་ལྟར་ན་གྲྭ་བ་ཁོང་འདས་གྲོངས་སུ་སོང་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག
དགེ་འདུན་པ་ཁོང་གི་མིང་དང་ལོ། ས་ཆ་གང་ནས་ཡིན་པ་སོགས་ད་སྔ་ཤེས་རྟོགས་ཐུབ་མ་སོང་བས། རིམ་པ་བཞིན་གསར་འགྱུར་ཇེ་རྒྱས་ཇེ་གསལ་དུ་གཏོང་རྒྱུ་ཡིན།
བལ་ཡུལ་ནང་བོད་པ་ཚོས་ཆབ་སྲིད་ལས་འགུལ་སྤེལ་རྒྱུར་རྒྱ་ནག་གི་གནོན་ཤུགས་འོག བལ་ཡུལ་ཉེན་རྟོག་པས་བཀག་སྡོམ་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། བོད་མི་ལས་འགུལ་བ་ཚོར་ཉེས་རྡུང་བཙོན་འཇུག་རབ་དང་རིམ་པ་བྱུང་ཡོད།
དེ་རིང་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་བསྐྱར་ནན་བསྒྲགས་གཏམ་སྤེལ་ཏེ་ལོ་བརྒྱ་འཁོར་བའི་ཉིན་མོ་ཡིན་ལ། དགེ་འདུན་པ་འདིས་རང་ལུས་མེར་བསྲེགས་གནང་བ་ནི་ཕྱི་ལོ་ ༢༠༡༣ ལོར་བཙན་བྱོལ་ནང་རང་ལུས་མེར་བསྲེགས་གནང་མཁན་དང་པོ་དེ་ཆགས་ཡོད།
རིམ་པ་གཉིས་པ། གྲྭ་བ་དེས་རང་ལུས་མེར་བསྲེགས་གནང་སྐབས་“རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག“ཅེས་སྐད་འབོད་གནང་ཡོད་འདུག བལ་ཡུལ་མཆོད་འབྱོར་ཉེན་རྟོག་དཔོན་ (Keshav Adhikari)ལགས་ཀྱིས་བརྗོད་པ་ལྟར་ན། གྲྭ་བ་དེས་རང་ལུས་མེར་བསྲེགས་བཏང་བ་མཐོང་མ་ཐག ཉེན་རྟོག་པ་ཚོས་མེ་བསད་དེ་ (Tribhuwan University Teaching Hospital)ཞེས་པའི་སྨན་ཁང་དུ་འཁྲིད་ཡོད་པ་དང་། ཁོང་ད་ལྟ་ལོ་ ༢༡ ཙམ་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་པ་ལས་ལོ་རྒྱུས་ཞིབ་ཕྲ་ད་དུང་ཞིབ་འཇུག་བྱེད་མུས་ཡིན་ཞེས་བརྗོད་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
སྔོན་ཆད་བོད་ནང་ལས་འགུལ་ཆུང་ངུ་ཞིག་སྤེལ་ཡང་རྒྱལ་སྤྱིར་ནུས་པ་ཆེན་པོ་ཞིག་འཐོན་གི་ཡོད་སྐོར་ཤོད་མཁན་ཡོད་ལ་སོ་སོས་ཀྱང་དེ་ལྟར་ཡིན་ཤག་དྲན། དེ་རིང་བལྟས་ཡོང་ན་ཤོད་སྟངས་དེ་རྦད་དེ་ནོར་འདུག
བྷེ་བྷེ་སི་དང་སི་ཨིན་ཨིན། ནེའུ་ཡོག་དུས་བབ་སོགས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་གི་སྐད་ཡིག་མང་པོ་ཞིག་གིས་བོད་མིའི་དཔལ་འབར་བརྒྱ་ཐམ་པ་འདི་གླེང་གི་འདུག
1.) http://www.washingtonpost.com/world/asia_pacific/tibetan-protester-sets-himself-on-fire-in-nepals-capital-in-apparent-protest-against-china/2013/02/12/26d43e8a-7592-11e2-9889-60bfcbb02149_story.html
2.) http://news.yahoo.com/tibetan-monk-sets-himself-fire-nepal-043322848.html
3.) http://www.nytimes.com/2013/02/14/world/asia/tibetan-monk-immolates-himself-in-nepal.html?_r=1&
4.) http://www.bbc.co.uk/news/world-asia-21439609
5.) http://www.fr-online.de/politik/protest-gegen-china-100–fall-von-selbstanzuendung-eines-tibeters-,1472596,21791196.html
6.) http://www.channelnewsasia.com/stories/afp_asiapacific/view/1253945/1/.html
7.) http://www.dailymail.co.uk/news/article-2277907/Horrifying-image-Tibetan-monk-flames-street-101st-person-self-immolate-protest-China.html
8.) http://www.directmatin.fr/monde/2013-02-13/nepal-tentative-dimmolation-la-100e-selon-le-bureau-du-dalai-lama-383306
9.) http://edition.cnn.com/2013/02/13/world/asia/nepal-tibetan-self-immolation/index.html?hpt=hp_bn5
10.) http://www.youtube.com/watch?v=YMiFTRp1f60
དེ་རིང་། བལ་ཡུལ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་ཁོང་གི་མཚན་ལ་ལྷུན་གྲུབ་རྡོ་རྗེ་དང་འབྲས་སྤུངས་དགོན་ཆེན་གྱི་གྲྭ་པ། ཕ་ཡུལ་ལ་སྟོད་དིང་རི། རང་ལོ་ ༢༡ བཅས་རེད་ཟེར་སྐད་ཐོས་སོ།།
རྒྱལ་གཅེས་པ་ཁོང་གི་དགོངས་དོན་འགྲུབ་པའི་སྨོན་ལམ་འདེབས།
བོད་ཀྱི་བསྟན་པ་ཆབ་སྲིད་དང་བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་རང་ལུས་མཆོད་མེ་སྒྲོན་མཁན་གྱི་དཔའ་པོ་དཔའ་མོ་རྣམས་ཀྱིས་ཐུགས་སྨོན་བཞིན་མྱུར་དུ་འགྲུབ་པའི་སྨོན་ལམ་དང་དཔའ་པོ་དཔའ་མོ་དེ་དག་གི་ཕ་མ་སྤུན་ཆེད་རྣམས་གདུངས་སེམས་མཉམ་སྐྱིད་ཡོད།
དེ་རིང་ཞོགས་པའི་བལ་ཡུལ་གྱི་ཆུ་ཚོད་ 8:15 སྟེང་གནས་ཚུལ་དེ་བྱུང་རྗེས། ཆུ་ཚོད་ 11:12 སྟེང་ཝ་ཞིན་ཊོན་ཆ་འཕྲིན་ Washington Post དང་། ཡ་ཧཱའོ་གསར་འགྱུར་ YAHOO.news སོགས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཏུའང་གནས་ཚུལ་དེ་བརྒྱུད་གཏོང་བྱས་འདུག
གནས་ཚུལ་དེ་དག་ནང་གཅིག་གྲགས་སུ་རྗོད་བཞིན་པ་ནི། བལ་ཡུལ་ཉེན་རྟོག་དཔོན་ Keshav Adhikari ཟེར་བ་ཞིག་གི་སྐད་ཆ་ལུང་འདྲེན་གྱིས་གྲྭ་བ་དེས་མེར་བསྲེགས་བཏང་མ་ཐག་སྐོར་སྲུང་བས་མེ་བསད་དེ་སྨན་ཁང་དུ་འཁྲིད་ཡོད་པ་དང་། གྲྭ་བ་དེའི་ལོ་རྒྱུས་གསལ་བོ་ད་དུང་ཤེས་དཀའ་ཡང་། ལོ་ ༢༡ ཙམ་ཡིན་སྐོར།
གྲྭ་བ་དེས་རང་ལུས་མེར་བསྲེགས་བཏང་བ་ནི་ ༢༠༠༩ ལོའི་ཚུན་ལ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། བོད་མིར་རང་དབང་སྤྲོད་དགོས་པ་དང་ཏཱ་ལའི་བླ་མ་ཕྱིར་བོད་ནང་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་ 100 དེ་ཆགས་ཡོད་ཚུལ།
གཞན། ༡༩༥༩ ལོ་ནས་བོད་མི་སྟོང་ཕྲག་མང་པོས་ཧི་མ་ལ་ཡ་བརྒྱུད་དེ་བལ་ཡུལ་དང་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་གི་ཡོད་པ་དང་། བལ་ཡུལ་གཞུང་གིས་བོད་མི་ཚོའི་སྟེང་ལ་དམ་དྲག་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་ནང་ལས་འགུལ་སྤེལ་འཇུག་གི་མེད་པ་སོགས་བཀོད་འདུག
1.) http://www.washingtonpost.com/world/asia_pacific/tibetan-protester-sets-himself-on-fire-in-nepals-capital-in-apparent-protest-against-china/2013/02/12/26d43e8a-7592-11e2-9889-60bfcbb02149_story.html
2.) http://news.yahoo.com/tibetan-monk-sets-himself-fire-nepal-043322848.html
རྒྱལ་གཅེས་དཔའ་བོ་ཁོང་ལ་མྱ་ངན་རྗེས་དྲན་ཞུ་བ་དང་
ཆབས་ཅིག ༸གོང་ས་བཅུ་གསུམ་པས་བོད་རང་བཙན་བསྐྱར་དུ་གསལ་བསྒྲགས་བསྐྱངས་ནས་མི་ལོ་བརྒྱ་འཁོར་བར་དྲན་གསོ་ཞུ།
བྱས་ཀྱི་སྤུན་ཟླ་ཡོངས་ཀྱི་ཚབ་ཞུས་ཏེ་དཔའ་བོ་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཡོད།
དཔའ་བོ་ཁོང་ལ་སྙིང་ནས་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཡོད། བོད་རྒྱལ་ལོ།
དཔའ་བོ་ཁོའི་སྙིང་སྟོབས་ལ་གུས་འདུད་དང་དེས་ཀྱང་རྒྱ་དམར་གྱི་གདུག་རྩུབ་ཆེ་བའི་སྲིད་ཇུས་མགོ་རྟིང་སློག་པ་དང་གངས་ཅན་བོད་ཀྱི་བདེན་པ་མྱུར་དུ་གསལ་བའི་ཉེར་རྒྱུར་གྱུར་ཅིག་གུ
དཔའ་བོ་ཁོང་གིས་སྙིང་སྟོབས་ལ་ཡིད་རང་དང་གུས་འདུས་བཅས་ཁོང་གིས་བསམ་དོན་དང་རེ་འདོད་རྣམས་ཡིན་བཞིན་དུ་
འགྲུབ་པའི་སྨོན་འདུས་གྲགས་པོ་དང་བཅས།། བོད་རྒྱལ་ལོ། བོད་རྒྱལ་ལོ།