མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་ཚན་རེ་རེ་བཞིན་གལ་ཆེ་ཆུང་གཅིག་མཚུངས་སུ་བཞག་ན་བཟང་།

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་ངྷ་རམ་ས་ལར་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་རང་བཙན་ཁྱབ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་གནང་ཡོད་པ་དང་། དེ་མིན་འཛམ་གླིང་རྒྱལ་ཁབ་ ༣༠ ཙམ་གྱི་ནང་དུས་དྲན་སྲུང་གཙི་གནང་གི་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༣ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག  བཞུགས་སྒར་ངྷ་སའི་ཉིན་མོ་སློབ་གྲྭའི་ཚོགས་ཁང་ནང་། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་སྤེལ་ཏེ་ལོ་ ༡༠༠  འཁོར་བའི་དུས་དྲན་དང་འབྲེལ་བགྲོ་གླེང་ཞིག་ཚོགས་སོང་། དེར་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཤེས་ཡོན་དཔར་སྐྲུན་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་བཅས་ཀྱིས་གཏམ་བཤད་གནང་སོང་།

མཛད་སྒོ་དེར་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་ ༡༠༠ ལྷག་འདུ་འཛོམ་གྱིས་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་ཆོལ་ཁ་གསུམ་གྱི་སྐུ་ཚབ་མཚོན་པའི་བོད་མི་གསུམ་རྟར་གཞོན་བཅུག་སྟེ། བཞུགས་སྒར་ཁྲོམ་གཞུང་དུ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་ཆུ་གླང་ལོའི་རང་བཙན་བསྒྲགས་གཏམ་ཁྱབ་བསྒྲགས་ཁྲོམ་སྐོར་གནང་རྗེས། སློབ་ཕྲུག་ཚོགས་པའི་རྒྱ་གར་ས་གནས་ཚོགས་གཙོ་རྡོ་རྗེ་ཆེ་བརྟན་ལགས་ཀྱིས། ༡༩༡༣ ལོར་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་མོ་མཆོག་གིས་བོད་རང་བཙན་བསྐྱར་ནན་གནང་སྟེ་མི་ལོ་ ༡༠༠ འཁོར་བའི་ཉིན་མོ་འདིར། བོད་རང་བཙན་སློབ་ཕྲུག་ཚོགས་པས་བཞུགས་སྒར་ཙམ་མ་ཡིན་པར། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མཉམ་འབྲེལ་ཐོག་འཛམ་གླིང་རྒྱབ་ཁབ་ ༣༠ ལྷག་གི་ནང་གཞུང་ཚབ་ཁག་ལ་ཞུ་གཏུག་དང་། སྐད་ཡིག་འདྲ་མིན་ཐོག་རང་བཙན་བསྒྲགས་གཏམ་དེ་རྒྱལ་ཁབ་ཁག་གི་དཔོན་རིགས་དང་མི་མང་ལ་འགྲེམས་སྤེལ། པར་དང་བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་དཔང་རྟགས་འགྲེམས་སྟོན་གནང་བཞིན་པའི་སྐོར་ངོ་སྤྲོད་གནང་སོང་།

དེའི་རྗེས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་དང་བོད་རང་བཙན་གྱི་གཏམ་གླེང་ཞེས་པའི་གཏམ་བཤད་མགོ་འཛུགས་གནང་སོང་སྟེ། བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། ༡༨༩༥ ལོར་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་མོས་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་མཛད་འགན་བཞེས་པའི་སྐབས་ནི། དབྱིན་ཇི་དང་རཱ་ཤི་ཡ། མན་ཇུ་གསུམ་གྱིས་བོད་ཀྱི་ས་ཁུལ་ལ་དམིགས་བསལ་འཐབ་རྩོད་དང་དབང་ཆ་འཐབ་རྩོད་ཀྱི་དུས་སྐབས་ཤིག་ཏུ་ཁེལ་ཏེ། དེང་དུས་ཀྱི་ལོ་རྒྱུས་དང་མཐུན་པའི་ཆིངས་ཡིག་མང་པོ་ཞིག་བཞག་པ་དང་། ༡༩༠༤ ལོར་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་རྗེས། རཱ་ཤི་ཡའི་རྒྱལ་ཁབ་དང་འབྲེལ་བ་ཡོད་སྟབས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སོག་པོ་བརྒྱུད་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། ༡༩༠༥ ལོ་དང་ ༡༩༠༦ ལོར་མན་ཇུའི་རྒྱལ་ཁབ་ཀྱི་དམག་མང་པོ་བོད་ཀྱི་ཁམས་དང་ཨ་མདོའི་ཕྱོགས་སུ་བཙན་འཛུལ་བྱས་ཏེ། མི་མང་ལ་བརྡབ་གསིག་མང་པོ་བཏང་སྟབས། རཱ་ཤི་ཡཱ་ནས་ཕེབས་མ་ཐུབ་པར་པེ་ཅིན་དུ་ཕེབས་ཏེ་རྒྱ་ནག་གོང་དམག་ཚོར་ཁམས་དང་ཨ་མདོ་ཕྱོགས་ཀྱི་མན་ཇུའི་དམག་མི་ཕྱིར་འཐེན་ཡོང་ཐབས་ཞུ་སྐུལ་ཞ་དགོས་ཐུག་ཡོད་ཚུལ།  ༡༩༠༩ དང་ ༡༩༡༠ ལོར་བོད་ནང་ཕེབས་རྗེས་སྐབས་དེའི་མན་ཇུའི་གོང་མ་དང་མཆོད་ཡོན་གྱི་འབྲེལ་བ་མེད་སྟབས། མན་ཇུའི་དམག་ཡོངས་རྫོགས་ལྷ་སར་བཙན་འཛུལ་བྱས་མཐར་རྒྱ་གར་ནང་ཚུར་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་ཀྱང་། རྒྱ་གར་ནང་བཙན་བྱོལ་དུ་བསླེབས་རྗེས་བོད་ནང་མན་ཇུའི་དམག་མཐར་སྐྲོད་གཏོང་རྒྱུའི་ཐབས་ཤེས་མང་པོ་བྱས་ཡོད་པ་མ་ཟད། ༡༩༡༡ ལོར་ལྷ་ས་གཙོས་བའི་བོད་མི་ཡོངས་རྫོགས་ཡར་ལངས་ཏེ་ལོ་གཅིག་རང་དམག་འཁྲུག་བརྒྱབ་རྗེས་མན་ཇུའི་དམག་ཕམ་པར་བརྒྱབ་སྟེ་རྒྱལ་དབང་མཆོག་ཕྱིར་བོད་ལ་གདན་འདྲེན་ཞུས་ཡོད་ཚུལ་སོགས་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་མ་གནང་གོང་གི་བོད་དང་མན་ཇུའི་སྐབས་ཀྱི་གནས་སྟངས་ངོ་སྤྲོད་གནང་སོང་།   

ཐེངས་འདིའི་དུས་དྲན་སྲུང་གཙིའི་ཐད་ཁོང་གིས། “ དེ་རིང་ང་ཚོས་དུས་ཆེན་གལ་ཆེན་པོ་ཞིག་སྲུང་གཙི་བྱེད་ཀྱིན་པ་རེད། ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་ཡིན་ན། ང་ཚོའི་མེས་པོ་ཚོའི་སྐབས་སུ་དེང་དུས་དང་གཅིག་པ་རེད། ༸གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་མོ་མཆོག་ཀྱང་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད། དེ་ཡང་རྒྱ་ནག་དམར་པོ་ང་ཚོ་བོད་ལ་དམག་ཡོང་བ་གཅིག་པ་རེད། དེའི་སྐབས་སུ་ང་ཚོའི་མེས་པོ་ཚོས་རྒྱ་ནག་གི་འོག་ནས་༸གོང་ས་མཆོག་གདན་འདྲེན་དང་གསེར་ཁྲིར་མངའ་གསོལ་སོགས་དཀའ་ལས་གང་འདྲ་བརྒྱབ་ཡོད་མེད་བལྟས་ཏེ། དེང་སང་ང་ཚོའི་སྐབས་སུ་ག་རེ་བྱ་ཐུབ་མིན་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ལོ་རྒྱུས་ཐོག་རང་བཙན་ཡིན་པའི་ཁུངས་སྐྱེལ་བཞག་ཡོད་པ་རེད། ཡིན་ནའང་། ༸གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་མོའི་སྐབས་སུ་སྔར་དང་མ་འདྲ་ཞིག་ཆགས་ཡོད་པ་རེད། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་མོས་སྤྱི་ཡོངས་ཀྱི་འཛམ་གླིང་གི་གནས་སྟངས་དང་། བོད་དང་རྒྱ་ནག་གི་གནས་སྟངས་བཅས་ཕྱོགས་མང་པོར་དགོངས་པ་བཞེས་ཏེ། བདེ་སྐྱིད་ཡོང་བ་ཡིན་ན་རྒྱ་མི་དང་མཉམ་དུ་འདུག་རྒྱུའི་དབུ་མའི་ལམ་གྱི་ཐོག་ནས་འགྲོ་བཞིན་པ་རེད། དེ་ཡང་༸གོང་ས་མཆོག་གིས་མཛད་པའི་རླབས་ཆེན་གྱི་མཛད་འཕྲིན་གཅིག་རེད་བསམ་གྱི་ཡོད། དེང་སང་སྤྱི་ཚོགས་ནང་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ལས་འགུལ་སྤེལ་སྐབས། ཁག་ཅིག་གིས་༸གོང་ས་བཅུ་བཞི་བ་ཆེན་པོར་ཁ་གཏད་དང་ཁ་རྡུང་བཏང་བར་ངོས་འཛིན་བྱེད་ཀྱི་ཡོད་ས་རེད། ལོ་ ༦༠ ལྷག་གི་རྒྱ་ནག་གི་བཙན་བཟུང་བྱས་ཡོད་སྟབས། མ་འོངས་པའི་བོད་ཀྱི་དཀའ་ངལ་སེལ་བའི་ཐབས་ལ་དབུ་མའི་ལམ་གྱི་སྲིད་ཇུས་བཏོན་པ་དེ། འདས་པའི་བོད་རང་བཙན་གཞིར་བཞག་དངོས་ཡོད་གནས་སྟངས་ལ་དཔག་པའི་མཛད་འཕྲིན་ཞིག་ཡིན་སྟབས། ང་རང་གི་ངོས་ནས་འགལ་ཟླ་རྩ་བ་ཉིད་ནས་མཐོང་གི་མེད། མ་འོངས་པར་དེ་འཛམ་གླིང་ནང་ཁྱབ་བསྒྲགས་བྱ་རྒྱུ་དང་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། ” ཅེས་བརྗོད་བྱུང་།

རྒན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས། སྤྱིར་བཏང་འཛམ་གླིང་གི་ཆབ་སྲིད་ཀྱི་ལོ་རྒྱུས་ནང་རང་བཙན་ངོས་འཛིན་བྱེད་སྟངས་ཆ་རྐྱེན་བགྲང་སྐབས། ཆ་རྐྱེན་འདྲ་མིན་མང་པོ་ཡོད་ཀྱང་། དུས་ཀྱི་འཕེལ་རིམ་དབང་གིས་སྐབས་འགར་བདེན་དཔང་ཁག་ཅིག་དུས་ཚོད་རྗེས་མར་གལ་ཆེན་མིན་པར་ཆགས་ཀྱི་ཡོད་པ་དང་། འདས་པའི་ལོ་རྒྱུས་ནང་རྒྱལ་ཁབ་རང་བཙན་ཡིན་མིན་དངུལ་བཟོ་བ་དང་ཐོབ་ཐང་ཡོད་མེད་སོགས་ལ་ལྟ་རྒྱུ་ཡོད་ཀྱང་། དེང་སང་རྒྱལ་ཁབ་གཉིས་དང་གསུམ་གྱི་དངུལ་ལོ་གཅིག་བེད་སྤྱོད་གཏོང་མཁན་ཡང་ཡོད་སྟབས། རིགས་ཁག་ཅིག་དུས་ཚོད་གཅིག་གི་རང་བཙན་ཡིན་མིན་གྱི་ནང་ཁུངས་སྐྱེལ་ལ་འགྲོ་བཞིན་ཡོད་ཀྱང་། དུས་ཚོད་ཅིག་གི་ནང་དེ་ཙམ་གལ་ཆེན་མིན་པའི་གནས་ཚུལ་ཆགས་ཏེ་དུས་ཚོད་གསར་བའི་ནང་ངོས་ལེན་བྱེད་པར་བསམ་བློ་གསར་བ་གཏོང་དགོས་ཆགས་ཀྱི་ཡོད་ཚུལ། དེ་བཞིན་ཁོང་གིས་དུས་རབས་ ༡༩ དང་ ༢༠། ༢༡  ནང་ཁྲིམས་ཐོག་གི་ཡིག་ཆ་གལ་ཆེན་ཆགས་ཀྱི་ཡོད་པའི་སྐོར་སོགས་གསུངས་ཏེ། མ་འོང་པར་ལོ་རྒྱུས་ཡིག་ཆར་སློབ་སྦྱོང་བྱ་དགོས་པ་གལ་ཆེན་ཡིན་པའི་ཐད་ཁོང་གིས།   “ ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཆུ་གླང་རྩ་ཚིག་གི་སྔོན་གླེང་དང་ནང་དོན་ཁག་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔོན་གླེང་ནང་བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་མདོར་བསྡུས་བཀོད་ཡོད་པ་མ་ཟད། ལྷག་པར་དུ་བོད་དེ་མིང་ཙམ་གྱི་རྒྱ་ནག་གི་དབང་འོག་ཡིན་ཟེར་བའི་སྐད་ཆ་སའུ་ཙི་ལེན་ཌི་ཟེར་བ་དེར་མེད་པར་ཆགས་པ་དང་སྐུ་ཕྲེང་ལྔ་བ་ནས་མཆོད་ཡོན་གྱི་འབྲེལ་བ་མཚམས་ཆད་པ་བཅས་གསལ་བོ་ཆགས་ཡོད་བཀོད་ཡོད་སྟབས། སྔོན་གླེང་ཧ་ཅང་གལ་ཆེན་པོ་རེད། དོན་ཚན་དང་པོ་དང་གཉིས་པའི་ནང་གཙོ་བོ། སངས་རྒྱས་ཀྱི་བསྟན་པ་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་སྐོར་རེད། དོན་ཚན་གསུམ་པ་གཙོ་བོ་བོད་མི་མང་གི་བདེ་སྡུག་ཐད་འཛིན་སྐྱོང་གི་ངོས་ནས་བསམ་བློ་གཏོང་སྟངས་དང་འཛིན་སྐྱོང་གནང་ཕྱོགས་རེད། སྤྱིར་བཏང་ཆུ་གླང་རྩ་ཚིག་གི་དོན་ཚན་ཚང་མ་གལ་ཆེན་པོ་ཡིན་ཡང་། ཆབ་སྲིད་དང་འབྲེལ་བ་ཡོད་པ་དེ་དོན་ཚན་བཞི་བ་དང་ལྔ་པ་གཉིས་ཆགས་འདུག ཆུ་གླང་རྩ་ཚིག་མགོ་ནས་མཇུག་བར་རང་བཙན་ཟེར་བའི་ཚིག་རྩ་བ་ཉིད་ནས་ཡོད་པ་མ་རེད།  ཡིན་ནའང་། ནང་དོན་དེ་བོད་རང་བཙན་ཡིན་པའི་གནད་འགག་ཆགས་ཡོད་སྟབས། སྐུ་ངོ་ཞྭ་སྒབ་པས་འགྲེལ་བརྗོད་བྱེད་པའི་སྐབས་སུ་རང་བཙན་གསལ་བསྒྲགས་རེད་ཅེས་སྐད་ཆ་དེ་འདྲ་ཆགས་པ་རེད། དེ་ཆགས་པ་ནས་བཟུང་བོད་པ་ཙམ་མ་ཟད། ལོ་རྒྱུས་སྨྲ་བ་གཞན་པ་ཚོས་ཀྱང་མ་རེད་ཟེར་མཁན་མེད་པའི་གནས་སྟངས་ཆགས་ཏེ། ཆབ་སྲིད་ཀྱི་ཕྱོགས་ནས་གནད་འགག་ཆགས་ཡོད་པ་རེད།  འབྲས་བུ་གང་འདྲ་ཞིག་ལ་འབད་བརྩོན་བྱེད་ཀྱང་དེའི་རྒྱུ་ལ་འབད་བརྩོན་བྱེད་རྒྱུ་གལ་ཆེན་ཡིན་སྟབས། དུས་དྲན་སྲུང་གཙིའི་སྐབས་དོན་ཚན་རེ་རེ་བཞིན་གལ་ཆེ་ཆུང་གཅིག་མཚུངས་ཀྱིས་སྲུང་གཙི་བྱས་པ་ཡིན་ན་ཡག་པོ་ཡོང་གི་རེད། ལྷག་པར་དུ་ད་ལྟའི་ཆར་ཁྲིམས་ཐོག་གི་གནས་ཚུལ་ཧ་ཅང་གལ་ཆེན་ཡིན་སྟབས། བོད་རྒྱལ་ཁབ་དང་ཁྱིམ་མཚེས་རྒྱལ་ཁབ་བར་སྔ་ཕྱི་ཆིངས་ཡིག་མང་པོ་བཞག་ཡོད་སྟབས།  སྐུ་ཕྲེང་བཅུ་བཞི་བའི་སྐབས་ཀྱི་དོན་ཚན་བཅུ་བདུན་དང་གཡུ་རྒྱལ་ལྷུན་རྩེ་རྫོང་དུ་ཕེབས་སྐབས་ཀྱི་གསལ་བསྒྲགས། ཆིངས་ཡིག་དོན་ཚན་བཅུ་བདུན་རྩིས་མེད་སྐོར་གྱི་གསལ་བསྒྲགས་བཅས་ལོ་རྒྱུས་ཀྱི་དཔང་བོ་ཆགས་ཡོད་སྟབས། ལོ་རྒྱུས་ཀྱི་གནས་ཚུལ་ཁྲོད་ཡག་སྡུག་མང་པོ་ཡོད་ཀྱང་། འདས་པའི་ལོ་རྒྱུས་དེ་ལོ་རྒྱུས་རང་ལ་ངོས་འཛིན་གྱིས་སློབ་སྦྱོང་བྱ་དགོས་པ་རེད། ” ཅེས་གསུངས་བྱུང་།

མཇུག་ཏུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས། སྤྱིར་རང་བཙན་བསྒྲགས་གཏམ་དགོས་པ་དེ་ནུབ་ཕྱོགས་ཀྱི་ཚད་གཞི་ཞིག་ཡིན་པ་དང་། བོད་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་ངོས་འཛིན་དེ་ཡང་ཐོག་མར་བོད་པས་བྱས་པ་མིན་པར་བོད་ཀྱི་གནས་བབ་དང་། ༡༩༥༠ ལོར་སིར་ཆིང་སི་བྷེལ་ལགས་ཀྱིས་བརྩམས་པའི་དེབ།  ༡༩༥༢ ལོར་རྒྱ་མིའི་རྩོམ་པ་པོ་ཧྲིན་ཙོན་མེན་གྱི་བརྩམས་པའི་དེབ་བཅས་བོད་མིའི་རང་བཙན་ཡིན་པའི་བསྒྲགས་གཏམ་མ་སྤེལ་ཡར་སྔོན་དུ་ཕྱི་རྒྱལ་གྱི་ཆབ་སྲིད་པ་དང་རྩོམ་པ་པོ་སོགས་ཀྱིས་ངོས་འཛིན་བྱས་ཡོད་པ་དང་།  རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་རང་བཙན་གསལ་བསྒྲགས་དེ་ ༡༧༧༦ ལོའི་ཨ་རིའི་རང་བཙན་བསྒྲགས་གཏམ་དང་། ༡༧༨༩ ལོའི་ཧྥ་རན་སིའི་མི་སེར་ཐོབ་ཐང་བསྒྲགས་གཏམ་བཅས་དང་བསྡུར་སྐབས། ང་ཚོའི་བསྒྲགས་གཏམ་དེའི་ནང་བུད་མེད་དང་རིགས་རྒྱུད་ལ་མཐོང་ཆུང་སོགས་ཀྱི་ཚིག་མེད་པ་མ་ཟད། རྒྱ་ནག་ལའང་དམིགས་བསལ་ཚིག་སྡུག་པོ་དེ་འདྲ་མེད་པ་སོགས་ཆབ་སྲིད་དང་ཤེས་རིག་ཕྱོགས་གང་གི་ཐད་ནས་ཀྱང་འཛམ་གླིང་གི་རང་བཙན་བསྒྲགས་གཏམ་གཞན་ལྟར་ཚད་མཐོན་པོར་ཡོད་སྟབས། རྒྱ་ནག་གཞུང་གིས་ཆབ་སྲིད་གཅིག་པུ་མིན་པར། དཔལ་ཡོན་གྱི་ཕྱོགས་ནས་ཚད་མཐོན་པོར་བསླེབས་ཡོད་པའི་རང་བཙན་བསྒྲགས་གཏམ་དེ་བཀག་འགོག་བྱས་ཡོད་སྐོར་སོགས་བརྗོད་དེ། རྒྱ་ནག་གིས་བོད་རང་བཙན་གྱི་བསྒྲགས་གཏམ་ཐད་ལ་འཁྱོག་བཤད་དང་དམིགས་ཡུལ་འདྲ་མིན་བཟུང་ཡོད་པའི་ཐད་ཁོང་གིས།  “ རྒྱ་ནག་གིས་རང་བཙན་བསྒྲགས་གཏམ་ཐད་སིམ་ལའི་ཆིངས་ཡིག་འཇོག་དགོས་པའི་རྒྱུ་མཚན་གཙོ་བོ། སའུ་ཙི་ལན་ཌི་དང་ཕྱི་བོད་དང་ནང་བོད་ཀྱི་སྐད་ཆ་ཡོད་པ་རེད། རྒྱ་ནག་གིས་ཆིངས་ཡིག་དེ་གླེང་ཡོང་སྐབས་དང་པོ་རྒྱ་ནག་གིས་མཚན་རྟགས་བརྒྱབ་མེད་པའི་དབང་གིས་ཁྲིམས་འགལ་དང་། དཀྲོགས་གཏམ་བཟོ་བྱེད་ཡིན་ཚུལ་སོགས་བཤད་ཀྱི་ཡོད་པ་རེད་ལ། དེ་དང་མཉམ་དུ་བོད་རང་བཙན་བཤད་སར་སིམ་ལའི་ཆིངས་ཡིག་འཁྱེར་ཡོང་གི་འདུག ང་རང་གི་ངོས་ནས་རྒྱུ་མཚན་གཙོ་བོ་བོད་ཕྱི་ནང་གི་སྐད་ཆ་ཡོད་སྟབས། གལ་སྲིད། མ་འོངས་པར་བོད་ཆ་ཚང་བཟུང་མ་ཐུབ་པར་ཤོར་བ་ཡིན་ན། ཕྱི་སོག་དང་ནང་སོག་ལྟར་ཁམས་ཨ་མདོའི་ས་ཆ་ཁ་ཤས་བཟུང་སྟེ། གཞན་རྣམས་ཤོར་བའི་ཐབས་ཤེས་རེད་བསམ་གྱི་འདུག དེ་རིང་ང་ཚོས་རང་བཙན་བསྒྲགས་གཏམ་ཉིན་མོ་སྲུང་གཙི་བྱེད་ཀྱི་ཡོད་པ་རེད། ང་ཚོར་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་འདི་གཅིག་པུ་མ་རེད། ཡིན་ནའང་། ང་ཚོས་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཚད་ལྡན་སྲོང་བཙན་སྒམ་པོའི་སྐབས་ཀྱི་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག ཁྲིམས་ལུགས་ཞལ་ལྕེ་བཅུ་དྲུག ས་སྐྱ་དང་ཕག་གྲུ་སྐབས་ཀྱི་ཡིག་ཆ་ཁག་ལས་ཧང་སངས་བ་མིན་ཡང་། ད་ལྟའི་འཛམ་གླིང་གི་ཡིག་ཆ་ཁག་དང་མཉམ་དུ་འགྲོ་ཐུབ་པའི་ནུས་པ་ཡོད་པ་དང་། ༡༩༡༣ ལོ་ནས་ ༡༩༥༡ གྲོས་མཐུན་དོན་ཚན་བཅུ་བདུན་བར་བོད་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་ཏེ་མི་ལོ་ ༤༠ ཕྱིན་ཡོད་སྟབས་སྲུང་གཙི་བྱེད་དགོས་པའི་རྒྱུ་མཚན་རེད་ལ། དེ་དང་མཉམ་དུ་རང་བཙན་བསྒྲགས་གཏམ་གཅིག་པུ་མིན་པར་སྐབས་དེའི་སྣེ་ཁྲིད་པ་དག་གི་སྣེ་འཁྲིད་ཀྱི་ནུས་པ་བཅས་རིན་ཐང་ཆེན་པོ་རེད། ” བརྗོད་བྱུང་།

དེ་རིང་དགོང་དྲོའི་ཆུ་ཚོད་ ༦།༣༠ ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པས་སུད་སི་དང་རྒྱ་གར་བཅས་སུ་ཡོད་པའི་བོད་རིགས་གཞས་པ་ཁག་ཅིག་གདན་ཞུའི་ཐོག  ངྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་རང་བཙན་ཉིན་མོར་ཕྱིར་དྲན་གྱི་རོལ་དབྱངས་འདུ་འཛོམས་ཞེས་པ་གོ་སྒྲིག་གནང་ཡོད། 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༦ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

༢༠༢༥/༠༧/༠༣
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

༢༠༢༥/༠༧/༠༣
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese