མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་ཆོས་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བའི་མཚན་མོར་རྒྱ་གཞུང་གི་དམག་མིས་ལི་ཐང་གཡོན་རུ་ཧོར་རྙིང་སྡེ་བའི་ཚེ་ཆོས་ཞུ་བ་འཛིན་བཟུང་བྱས་ཡོད་འདུག

སེར་སྨད་བློ་དགའ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༤ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༠ ཙམ་ལ། ལི་ཐང་གཡོན་རུ་ཧོར་རྙིང་སྡེ་བའི་གྲྭ་ཟུར་ཚེ་ཆོས་ལགས། ལི་ཐང་ཧོར་རྙིང་འབྲོག་སྡེའི་བློ་ཟླ་ཚང་ཞེས་པའི་འབྲོག་ཁྱིམ་ཞིག་ནས་རྒྱ་ནག་གི་དམག་མིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

ས་གནས་མི་མང་ཚོས་ཚེ་ཆོས་ལགས་འཛིན་བཟུང་བྱས་དོན་ནི། སྔ་ལོའི་ཕྱི་ཟླ་ ༡༢ པའི་ནང་ཧོར་རྙིང་སྡེ་བའི་མི་མང་སྤྱི་ཁང་སྟེང་གུང་ཁྲན་གྱི་དར་དམར་འཛུགས་དགོས་པའི་བཙན་བཀའ་བཏང་སྐབས། ཁོང་མདུན་དུ་ཐོན་ཏེ་དེར་མོས་མཐུན་རྩ་བ་ནས་མེད་པའི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ཡོད་སྟབས། དེ་ཆབ་སྲིད་ཀྱི་ཉེས་པར་བརྩིས་ཏེ་ད་རེབ་ཁོང་འཛིན་བཟུང་བྱས་པ་ཞིག་ཡིན་སྐོར་རྗོད་ཀྱི་ཡོད་འདུག

ཚེ་ཆོས་ལགས་ནི་རྒྱ་གར་ནང་བཙན་བྱོལ་དུ་ཡོང་མྱོང་བ་དང་ ༢༠༠༠ ལོར་ཕྱིར་རང་ཡུལ་དུ་ལོག་ཡོད་པ་དང་། ཁོང་གི་ཕ་མ་གཉིས་སྔོན་མ་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག  

གཞན། ཟླ་འདིའི་ཕྱི་ཚེས་ ༡༣ ནས་ལི་ཐང་ཐིལ་དུ་རྒྱ་དམག་ཕོན་ཆེའི་འགྲེམ་འཇོག་བྱས་ཏེ་ས་གནས་མི་མང་འདུག་བཟོ་མི་བདེ་བ་བཟོས་ཐོག ལོ་སར་གྱི་སྔོན་དེར་རྫོང་སྲིད་གཞུང་གི་མི་སྣས་ལོ་སར་གྲ་རྒྱས་པོ་གཏོང་དགོས་ཚུལ་དང་། ལོ་སར་སྐབས་དམག་མི་ཕོན་ཆེན་འབྱོར་ཏེ་རུ་སྒྲིག་དཔུང་ངོམ་བྱས་ཏེ་མི་མང་ལ་ཧ་ཅང་སུན་གཙེར་བཟོས་ཡོད་འདུག དེ་སྔོན་ལི་ཐང་ས་ཁུལ་དུ་སྐད་འཕྲིན་(wechat)ཡི་བརྒྱུད་ལམ་ནས་འབྲེལ་བ་བྱེད་ཐུབ་ཀྱང་། ལོ་གསར་སྔ་རྗེས་ནས་བཟུང་སྐད་འཕྲིན་གྱི་འབྲེལ་ལམ་ཡང་བཀག་ཡོད་འདུག 

ཕྱི་ཟླ་ ༢ ཚེས་ ༡༠ དང་བོད་ཟླ་ ༡ པའི་ཚེས་ ༢ ཉིན་གྱི་མཚན་མོར་ལི་ཐང་ཨོ་ཐོག་སྨད་ཐལ་མའི་མི་མང་སྤྱི་ཁང་མེར་བསྲེགས་ཡོད་པ་དང་། དེའི་ཉིན་འགའི་སྔོན་དུ་ས་གནས་མི་མང་ཚོས་ལོ་སར་སྐོར་ལ་ཚོགས་འདུ་བསྡུས་ཏེ། ཁག་ཅིག་གིས་རྟེན་འབྲེལ་གྱི་ལོ་གསར་ཙམ་གཏོང་དགོས་ཚུལ་དང་། ཁག་ཅིག་གིས་མྱ་ངན་ཞུ་བའི་ལོ་སར་གཏོང་དགོས་ཚུལ། ཡང་མང་པོ་ཞིག་གིས་ལོ་སར་གྱི་རྣམ་པ་རྩ་བ་ནས་སྟོན་གྱི་མིན་སྐོར་སོགས་གླེང་ཡོད་འདུག

བོད་ཚེས་ ༢ ཉིན་སྨད་ཐ་མའི་ཞབས་རིམ་སྒྲུབ་སའི་སྤྱི་ཁང་མེར་ཤོར་ཡོད་པ་དང་། རྒྱ་མི་ཚོས་སྤྱི་ཁང་དེ་བྲོ་ཁྲབ་སའི་ཁང་པ་ཡིན་སྐོར་བཤད་ཡོད་པ་དང་། ད་ལྟ་རྒྱ་ཕྱོགས་ནས་སྤྱི་ཁང་མེར་བསྲེགས་གཏོང་མཁན་བོད་པ་ཚོ་ཡིན་ཚུལ་རྗོད་ཀྱི་ཡོད་ཀྱང་། ས་གནས་བོད་མི་ཚོས་ལོ་གསར་སྐབས་མི་མང་སྤྱི་ཁང་ནང་མི་མང་འདུ་འཛོམ་གྱིས་མཆོད་འབུལ་དང་ཞལ་འདོན་གསོག་སྒྲུབ་བྱེད་རྒྱུར་དོགས་ཏེ། འབྲེལ་ཡོད་རྒྱ་མིའི་ལས་བྱེད་པས་མེ་བརྒྱབ་ཚུལ་གླེང་གི་ཡོད་འདུག   

ད་ལོར་ལི་ཐང་ཐིལ་གྱི་བདེ་སྐྱིད་གྲོང་པས་གཙོས་ལི་ཐང་གྲོང་ཤོག་བརྒྱད་ཀྱིས་ལོ་སར་གྲ་རྒྱས་པོ་བཏང་མེད་པར་མ་ཟད། ཁྱིམ་ཚང་སོ་སོའི་ནང་༸རྒྱལ་བའི་ཞབས་བརྟན་དང་རྒྱལ་གཅེས་དཔའ་བོ་ཚོའི་ཆེད་དུ་སྨོན་ལམ་གསོག་སྒྲུབ་བྱས་ཡོད་འདུག  

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese