མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་རང་སྲེག་མཚམས་འཇོག་དགོས་ན་རྒྱ་གཞུང་གི་དབང་སྒྱུར་སྲིད་བྱུས་མཚམས་ཞོག

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་ལྔ་མཉམ་འབྲེལ་ཐོག རྒྱལ་སྤྱི་དང་རྒྱ་ནག་ལ་དགོས་འདུན་དོན་ཚན་གསུམ་བཏོན་ཏེ། ངྷ་ས་ཉིན་སློབ་ནས་ཀཱ་ཅཱ་རི་ས་གནས་ཁྲིམས་ཁང་བར་བོད་ཀྱི་རྒྱལ་དར་དང་རང་སྲེག་གཏོང་མཁན་ཚོའི་སྐུ་པར་འཁྱེར་བཞིན་ཞི་བའི་གོམ་བགྲོད་གནང་སོང་།

ངྷ་སའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔའི་གོ་སྒྲིག་འོག  དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་བཞུཊ་སྒར་ངྷ་ས་མེག་གྷན་ཉིན་སློབ་ཏུ། དབུས་བོད་ཀྱི་གཞོན་ནུའི་ཚོཊ་གཞོན་དོན་གྲུབ་ལྷ་དར་དང་བུད་མེད་ལྷན་ཚོཊ་ཀྱི་སྐུ་ཚབ་པདྨ་ཆོས་སྒྲོན། དགུ་བཅུ་གསུམ་ལས་འགུལ་ཚོཊ་པའི་དྲུང་ཆེ་གངས་ལྷ་མོ། ངྷ་ས་བོད་རང་བཙན་སློབ་ཕྲུག་ཚོཊ་པའི་ཚོཊ་གཙོ་རྡོ་རྗེ་ཚེ་བརྟན། བོད་རྒྱལ་ཡོངས་མང་གཙོ་ཚོཊ་པའི་ཚོཊ་གཙོ་དགེ་ལེཊ་འཇམ་དབྱངས་བཅས་ཐུན་མོང་ཐོག དེང་སྐབས་བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཐད། རྒྱལ་སྤྱིའི་སྤྱི་ཚོཊ་དང་རྒྱ་གཞུང་ལ་དགོས་འདུན་དོན་ཚན་གསུམ་གྱི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།

གསར་འགོད་ལྷན་ཚོཊ་གྲུབ་མཚམས་ཚོཊ་པ་ཁག་གི་ཚོཊ་གཙོ་རྣམ་པའི་སྣེ་ཁྲིད་དེ། ༼ཚེ་སྲོག་བརྒྱ་ལྷག་གི་གདུང་འབོད། བོད་ཀྱི་རང་དབང་སླར་གསོ༽ཞེས་པའི་མགོ་བརྗོད་འོག་བཞུཊ་སྒར་ཁུལ་གྱི་བོད་མི་སེར་སྐྱ་ ༤༠༠ ཙམ་གྱིས་བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་ཚོའི་སྐུ་པར་རེ་དང་བོད་རྒྱལ་ཁབ་ཀྱི་རྒྱལ་དར་རེ་འཕྱར་བཞིན། “བོད་རང་བཙན་གཙང་མ་ཡིན། བོད་ནང་དམར་གསོད་མཚམས་འཇོག་དགོས། བོད་མི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ”ཅེས་སྐད་འབོད་རྒྱག་བཞིན་ངྷ་ས་ནས་ཀཱ་ཅཱ་རིལ་ས་གནས་ཁྲིམས་ཁང་མདུན་ཐང་བར་ཞི་བའི་གོམ་བགྲོད་གནང་སོང་།  

གསར་འགོད་པས་དབུས་གཞོན་ནུའི་ཚོཊ་གཞོན་དོན་གྲུབ་ལྷ་དར་ལཊ་སུ། རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་རང་སྲེག་གནད་དོན་ལ་ཁ་གཡར་ཏེ་གང་བྱུང་ཁྲིམས་ཐག་གཅོད་བཞིན་པ་དེའི་ཐོག་ནས། མ་འོངས་པར་བོད་ནང་རང་སྲེག་ལས་འགུལ་མཚམས་འཇོག་ཡོང་མིན་སྐོར་དྲིས་སྐབས། “བོད་ནང་མེར་བསྲེཊ་གནས་ཚུལ་བྱུང་རྗེས་རྒྱ་གཞུང་གིས་བོད་ནང་གི་དགོན་པ་དང་གྲོང་པ་བཅས་ལ་འཇིཊ་སྐུལ་དང་སུན་གཙེར་སྣ་ཚོཊ་བྱས་པ་དེས། བོད་པའི་ལས་འགུལ་མཚམས་འཇོག་བྱ་རྒྱུར་འགྱུར་བ་གང་ཡང་ཐེབས་ཀྱི་མ་རེད། བོད་མི་རིཊ་ནི་སྙིང་སྟོབས་ཆེན་པོ་ཡོད་པའི་མི་རིཊ་ཤིག་ཡིན་པའི་ཆ་ནས། དགྲ་བོ་རྒྱ་ནག་གིས་བོད་མིར་བཙན་གནོན་ཅི་ཙམ་བྱས་པ་དེའི་ཚོད་ཀྱིས་བོད་མིའི་སྙིང་སྟོབས་ཤུཊ་ཆེ་རུ་འགྲོ་ཡི་རེད། བོད་ནང་གི་རང་ལུས་མེར་བསྲེཊ་གནས་ཚུལ་མཚམས་འཇོག་དགོས་ན། རྒྱ་གཞུང་གིས་བོད་དབང་སྒྱུར་དང་རྩ་མེད་བཟོ་བཞིན་པ་མཚམས་འཇོག་དང་། བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངེས་པར་བསྐྱར་ཞིབ་བྱ་དགོས་པ་རེད ” ཅེས་བརྗོད།

དགུ་བཅུ་གསུམ་མི་མང་ལས་འགུལ་ཚོཊ་པའི་དྲུང་ཆེ་སྤྱི་འཐུས་གངས་ལྷ་མོ་ལཊ་སུ། བོད་ནང་ཛ་དྲག་གནས་སྟངས་ལ་གཞིཊ་ཏེ་བཙན་བྱོལ་སྤྱི་ཚོཊ་ནང་ལས་འགུལ་སྤེལ་ཕྱོཊ་ཐོག་འདོད་པ་ཁེངས་ཀྱི་ཡོད་མེད་དྲིས་པར། “ང་རང་ལས་འགུལ་སྤེལ་ཕྱོཊ་དེར་འདོད་པ་ཁེངས་མ་སོང་། རྒྱ་གཞུང་གིས་བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་ཚང་མ་༸རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གིས་བརྒྱུད་སྐུལ་བྱས་པ་རེད་ལབ་ཀྱི་ཡོད་སྟབས། ང་ཚོའི་ལམ་ཁ་ཚང་མ་འགག་བསྡད་ཡོད་པ་རེད། ལམ་ཁ་འགག་པའི་རྐྱེན་གྱིས་བོད་ཕྱི་གཉིས་ཀྱིས་ཆིག་སྒྲིལ་ཐོག་ལས་འགུལ་སྤེལ་མ་ཐུབ་པ་དང་། ང་ཚོས་ལས་འགུལ་གང་སྤེལ་བ་དེས་བོད་ནང་ལྡོག་ཕྱོཊ་ཀྱི་ཤུགས་རྐྱེན་ཐེབས་སྲིད་ཀྱི་ཡོད། དེའི་རྐྱེན་པས་ང་ཚོའི་ལས་འགུལ་དེར་རྒྱ་གཞུང་གིས་འཛེམ་ཟོན་བྱེད་ཀྱི་ཡོད། བོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་ལ་ཆ་བཞག་ནའང་། བོད་ནང་ལ་ཁྱེད་ཚོས་འདི་བྱ་དགོས་པ་རེད་དང་མ་རེད་ཟེར་བའི་འབོད་སྐུལ་ཙམ་ཡང་ཞུ་ཐུབ་ཀྱི་མེད་དུས། ཁོང་ཚོས་གང་བྱས་པ་དེའི་ཐོག་འགྲོ་བསྡད་ཡོད་པ་རེད། དེའི་ཐོག་ང་ཚོར་དཀའ་ངལ་འཕྲད་བསྡད་ཀྱི་ཡོད ” ཅེས་བརྗོད སོང་།

ཚོཊ་པ་ཁག་གི་གསལ་བསྒྲགས་ནང་འཁོད་པ་ལྟར་ན། རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་དྲག་གནོན་དང་འཇིཊ་སྐུལ་ཇི་ལྟར་བྱས་རུང་། བོད་མི་ཚོས་མགྲིན་དབྱངས་གཅིག་གྱུར་ཐོག་བོད་ལ་རང་དབང་དགོས་པ་དང་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་ངོ་རྒོལ་སྐད་འབོད་གནང་ཡོད་ཅིང་། ད་བར་བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་ ༡༠༢ ཙམ་བྱུང་ཡོད་པའི་ཁྲོད་མི་ ༨༦ སྐུ་གྲོངས་ཡོད་པ་དང་། ལྷག་པར་དུ་༸གོང་ས་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་བསྐྱར་དུ་ཁྱབ་བསྒྲཊ་བྱས་ཏེ་མི་ལོ་བརྒྱ་འཁོར་སྐབས་དང་བསྟུན། མདོ་སྨད་བླ་བྲང་ནས་ཡིན་པའི་རང་ལོ་ ༢༦ ཡིན་པའི་འབྲུག་པ་མཁར་ལཊ་དང་། རང་ལོ་ ༢༥ ཡིན་པའི་གྲྭ་སྒྲུབ་ཚེ། རང་ལོ་ ༥༠ ཡས་མས་ཡིན་པའི་གནམ་ལྷ་ཚེ་རིང་ལཊ་བཅས་ཀྱིས། སྔ་རྗེས་སུ་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་སྐོར་བརྗོད་འདུག

ཚོཊ་པ་ཁག་གིས་རྒྱལ་སྤྱི་དང་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་དོན་ཚན ༣ ནི། གཅིག འཛམ་གླིང་དབུ་ཁྲིད་ཐུན་མོང་གིས་བོད་དོན་འབྲེལ་མཐུད་པ་ཞིག་བསྐོ་བཞག་གིས། བོད་ཀྱི་ས་ཁུལ་གང་སར་རྒྱ་གཞུང་གིས་དྲག་གནོན་བྱེད་བཞིན་པ་དེར། བྱ་སྤྱོད་སྣ་མང་སྒོ་ནས་གནོན་ཤུཊ་སྤྲོད་རྒྱུ་དང་བོད་མིའི་གཞི་རྩའི་ཐོབ་ཐང་བསྐྱར་གསོ་གནང་ཐབས་བྱ་རྒྱུ། གཉིས། བོད་མིའི་རང་སྲེག་ཞི་རྒོལ་སྤེལ་དགོས་བྱུང་བའི་རྒྱ་གཞུང་གི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་བོད་མིའི་སྤྱི་ཚོཊ་དང་དབུ་ཁྲིད་ལ་བརྩི་བཀུར་ཞུ་རྒྱུའི་མཚོན། བོད་མི་ཡོངས་ཀྱི་འཚོ་གནས་དང་དགོས་འདུན་བསྐང་དགོས། གསུམ། རྒྱལ་ཚོཊ་ཀྱི་ངོ་ཚབ་དང་རང་དབང་གསར་འགོད་པ་བོད་ནང་བཀག་འགོག་མེད་པར་འགྲོ་བསྐྱོད་ཆོག་རྒྱུ་དང་། བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་བྱུས་ཀྱི་ཤུཊ་རྐྱེན་ཅི་ཐེབས་དང་བོད་མིའི་གནས་སྟངས་ཐོག་ཉམས་ཞིབ་དགོས་རྒྱུ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་དང་འགྲོ་བ་མིའི་ཐོབ་ཐང་ཚོཊ་སྡེ་ཁག་གིས། གནས་ཡུལ་རྒྱལ་ཁབ་སོ་སོའི་གཞུང་དང་གྲོས་ཚོཊ་ལ་ཞུ་གཏུག་གིས་བོད་མིར་དོན་ཕན་ལྡན་པའི་རོཊ་སྐྱོར་འཚོལ་རྒྱུ་བཅས་བཀོད་འདུག

གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་ལྔའི་གོ་སྒྲིག་འོག དེ་རིང་དགོང་དྲོ་བཞུཊ་སྒར་ངྷ་ས་མེག་གྷན་ཁྲོམ་གཞུང་དུ། བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་དང་། མེར་བསྲེཊ་ཀྱི་ཉེས་འཛུཊ་འོག་བཙོན་འཇུག་ཁྲིམས་ཐག་གཅོད་མཁན་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

ཆུ་ཚོད་ ༥ སྔོན་ལ།
འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦

མཆན། 4

  1. ཁྱམས་འཇུགས་ says:
    ལོ་ 13 སྔོན།

    རང་སྲེགས་དོན་ཀྱེན་རྣམས་ཏྭ་ལ་རུ་ཚོགས་ཡིན་པ་དཔང་བརྟགས་གསལ་དགོས་

    Reply
  2. བསྟན་འཛིན་རབ་ཡངས། says:
    ལོ་ 13 སྔོན།

    ༼ བོད་མིའི་རང་སྲེག་མཚམས་འཇོག་དགོས་ན་རྒྱ་གཞུང་གི་དབང་སྒྱུར་སྲིད་བྱུས་མཚམས་ཞོག ༽ཞེས་པའི་དོན་ནི། བོད་ནང་གི་བོད་མི་ཚོར་རྒྱ་ནག་གི་སྲིད་བྱུས་བསྒྱུར་བཅོས་མ་བཏང་བར་རང་སྲེག་ཐོངས་ཞེས་པ་དེ་རེད། རང་སྲེག་ངན་སྐུལ་བྱེད་སྟངས་འདི་འདྲ་རེད།

    གཉིས་ནས་ལས་འགུལ་འདི་ལས་འགུལ་ཞིག་གང་ནས་ཡིན། རང་སྲེག་གཏོང་མཁན་ཚོའི་དགོངས་དོན་དང་མཐུན་པ་ཞིག་གང་ནས་ཡིན། རང་སྲེག་ལ་ཁ་གཡར་ནས་རང་བཙན་སྐད་འབོད་བྱས་པ་ཙམ་རེད། འཁྲབ་སྟངས་ཙམ་པོ་བ་འདི་དོན་གྲུབ་ལྷ་དར་གྱིས་ཞེ་དྲག་ཅིག་ཡིན་པར་བརྩི་ཡི་རེད། དེར་འཁྲབ་སྟངས་ཤིག་ཡོད་པ་ཧ་གོ་ནས་བུད་མེད་ཚོགས་གཙོ་སླེབས་མེད་དོན་དེ་རེད།

    Reply
  3. ཀླུ་སྨྱོན། says:
    ལོ་ 13 སྔོན།

    འཕྲེད་དར་རང་དབང་སླར་གསོ་རེད། །
    འབོད་ཚིག་རང་བཙན་སྐྱར་གསོ་རེད། །
    མགོ་བོ་རྨོངས་པའི་ལས་འགུལ་འདིས། །
    མི་ལུས་མེར་མཆོད་སྐུལ་འདེད་བྱེད། །

    Reply
  4. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    མཉམ་འབྲེལ་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ངོ་མ་དེ་ཡིན་དུས། ད་ཐེངས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་ལས་འགུལ་འདི་སྤེལ་བར་ཡི་རངས་ཞུ།

    ད་དུང་། མཉམ་རུབ་ཀྱི་ནུས་པ་ཕྱོགས་གཅིག་ཏུ་སྤུངས་ཐབས་སུ་འབད་རོགས་ཞུ། ཚོགས་པ་རང་རང་གི་ལྟ་བ་དང་ལངས་ཕྱོགས་གཙོར་འདོན་མི་བྱེད་པར་གཞིས་བཞུགས་བོད་མིའི་བློས་གཏོང་དང་ཆོད་སེམས་འདི་ལ་གྲུབ་འབྲས་ཡོང་ཐབས་སུ་རྣམ་དཔྱོད་འདོན་རོགས།

    གུ་ཡངས་སྒམ་དཀྱེལ་གྱི་བསམ་བློ་དང་མཉམ་འབྲེལ་ནི། མཐར་ཐུག་གི་གྲུབ་འབྲས་ཐོན་ཐབས་ཡོད་ན་མེད་ན་དེ་ཡིན་དུས། མུ་མཐུད་ནས་ཚོགས་པ་སོ་སོའི་མིང་མཐོང་ལྟ་བུའི་ཆེད་དུ་མ་ཡིན་པར། ལས་འགུལ་མཉམ་འབྲེལ་གྱིས་སྤེལ་རོགས།

    ད་ལྟ་ནི། ཆིག་སྒྲིལ་བྱེད་པའི་དུས་ཚིགས་གལ་ཆེན་ཞིག་ཡིན་དུས། བསམ་བློའི་ཐོག་ནས་མཉམ་རུབ་བྱས་ཏེ་མ་འོངས་པའི་འཐབ་རྩོད་ལ་གསོན་ཤུགས་ཇེ་རྒྱས་སུ་གཏོང་རོགས།

    བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་ཁ་ཐོར་དུ་མི་འཇུག་པར་ཕྱོགས་གཅིག་ཏུ་སྤུངས་རོགས། འཐབ་རྩོད་ལ་ནུས་པ་དགོས་ན། མཉམ་ལས་མཉམ་འགུལ་གནད་འགག་ཆེན་པོ་ཡིན་པ་དུས་དང་དངོས་ཡོད་ཀྱིས་གསལ་བཤད་བྱེད་ཀྱིན་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese