མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦིར་ཕྱོཊ་ཀྱི་གསུམ་དུས་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp


གནས་ཚུལ་བཏང་འབྱོར་ལ། དེ་རིང་སྦིར་ཅོན་ཏ་ར་སྡེ་ནང་གསུམ་མཉམ་འབྲེལ་ཐོག ཅོན་ཏ་ར་རྒྱ་གར་སློབ་གྲྭ་རྩེ་ཐང་དུ། བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྲུང་གཙི་གནང་ཡོད་པ་དང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པའི་སྟེང་། ས་གནས་མགོ་འཛིན་གསུམ་གཙོས་ས་གནས་འཐུས་ཚོགས་དང་། བོད་མི་མང་སྤྱི་འཐུས། དགོན་སྡེ་ཁག་གི་འཐུས་ཚབ། སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ། ས་གནས་གཞོན་ནུ་དང་ས་གནས་བུད་མེད། བོད་ཁྱིམ་གཉིས་དང་སམ་བྷོ་ཊ་བཅས་ཀྱི་དགེ་ལས་སློབ་ཕྲུག་ཡོངས། བཀྲ་ཤིས་ལྗོངས་གཞིས་ཆགས། ཁུ་ནུ་བ་མི་མང་རླངས་འཁོར་ཆེ་བ་གཅིག་བཅས་མི་མང་ ༡༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག 

སྐབས་དེར་ཅོན་ཏཱ་རའི་གཞིས་ཆགས་ཀྱི་ལས་དྲུང་བསོད་ནམས་བདེ་སྐྱིད་ལགས་ཀྱིས་མཛད་རིམ་གཙོ་སྐྱོང་འོག ཚང་མ་སྐུ་བཞེངས་ཐོག་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ་གཉིས་བཏང་རྗེས། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་ངག་བཅད་སྐར་མ་གཅིག་རིང་གནང་ཡོད་པ་དང་།  དེ་རྗེས་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ལགས་ནས་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་། སྡེ་དགེ་གཞིས་མགོ་ཚེ་རིང་ཕུན་ཚོགས་ལགས་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་ཞུས་ཤིང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་གསུངས་བ་དང་། སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེ་བློན་ཆེན་ཟུར་བ་ཊ་གོར་གྷུ་ལབ་སྲིང་ལགས་ཀྱིས་མར་མེ་ཞལ་འབྱེད་དང་། མི་མང་ལ་གཏམ་བཤད་གནང་ཡོད་འདུག

ཉིན་རྒྱབ་སེར་སྐྱ་མི་དམངས་རྣམས་པ་ལིམ་པུར་ཁྲོམ་གཞུང་དུ་ཕེབས་ནས་བྱང་ཆུབ་སེམས་མཆོག་འུར་འདོན་བྱེད་བཞིན་གོམ་བགྲོད་གནང་བ་དང་། དེའི་རྗེས་པ་ལིམ་པུར་ས་གནས་སྲིད་གཞུང་གི་མདུན་ཐང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་དང་ས་གནས་འགན་འཛིན་བཅས་ཀྱིས་གཏམ་བཤད་གནང་ཡོད་ཅིང་། ས་གནས་མགོ་འཛིན་དང་དགོན་སྡེ་ཁག་གི་སྐུ་ཚབ་བོད་ཁྱིམ་གཉིས་ཀྱི་དབུ་འཛིན་དང་སམ་བྷོ་ཊའི་སློབ་གྲྭའི་འགན་འཛིན་བཅས་ནས་གསར་འགོད་གསལ་བསྒྲགས་ཤིག་ཀྱང་བསྐྱངས་ཡོད་འདུག དེ་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཚོ་ལ་གཞིས་མགོ་རྣམ་པས་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་རེར་བསྒྲོན་པ་དང་། འབིར་གཞིས་མགོ་ཚེ་རིང་ལྷ་མོ་ལགས་ནས་ཐུགས་རྗེ་ཆེ་ཞེས་གསུངས་བཤད་གནང་རྗེས་དགེ་འདུན་པ་དང་སློབ་ཕྲུག་མི་དམངས་བཅས་ནས་བདེན་ཚིག་སྨོན་ལམ་འུར་འདོན་གནང་བཞིན་ལས་རིམ་མཇུག་བསྡུས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༥ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༦ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༠ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese