མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་ཁུལ་ལ་བཤད་འདོད་པའི་སྐད་ཆ་ཁ་ཤས།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

ཁ་སང་གསུམ་ཅུའི་དུས་དྲན་གྱི་ཉིན་མོར། ཤར་ཕྱོགས་ཁུག་རྟ་ཟེར་བ་ཞིག་གིས་དགྲ་བོའི་དར་ཆ་འཁུར་སོང་བ་དང་དེ་སྔོན་གཞོན་ལྷན་གྱིས་དགྲ་བོའི་དར་ཆ་མེར་བསྲེགས་བཏང་བ་གཉིས་ཀར་ཧ་ལས་ཤིང་ཧོན་འཐོར་དགོས་དོན་ཅི་ཡང་མེད། དོན་དག་གི་ངོས་ནས་རྩོད་མི་དགོས་པའི་གནད་དོན་ཞིག་རེད། ང་ཚོས་ངེས་པར་དུ་འཐབ་རྩོད་བྱ་དགོས་པ་དེ་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་བོད་མི་རིགས་ལ་རང་དབང་ཞིག་འཐོབ་དགོས་པ་དེ་ཡིན། དེའི་ཕྱིར་རྣམ་པ་འདྲ་མིན་གྱི་སྟེང་ནས་འཐབ་རྩོད་བྱ་དགོས་པའང་གནས་ལུགས་ཤིག་སུས་མ་རེད་ཟེར་ཕོད། ངས་བལྟས་ན་རང་རེའི་སྤྱི་ཚོགས་ནང་ད་ལྟའི་དུས་ཚོད་འདི་ལ་དགྲ་བོའི་ལས་འགན་འཁུར་མཁན་རེ་ཟུང་སིམ་འཛུལ་བྱས་མེད་དམ་སྙམ།

དེ་ནི་ལྟ་བ་དང་ལངས་ཕྱོགས་མི་མཐུན་པའི་ལས་འགུལ་འདི་གཉིས་ཀྱི་བར་དུ་ཤགས་འགྱེད་དང་རྩོད་གླེང་བྱེད་མཁན་དང་། ཆེད་དུ་མངགས་ནས་དེ་དག་གི་སྐོར་ནས་བསམ་ཚུལ་མི་མཐུན་པ་བཟོས་ནས་འུ་ཅག་གི་ཕྱོགས་སོ་སོའི་འཐབ་རྩོད་ཀྱི་སྟོབས་ཤུགས་ཆུང་དུ་གཏོང་མཁན་དེ་དག་རེད། ཁ་སང་དེ་རིང་དྲ་རྒྱ་དང་ངོ་དེབ་སོགས་སུ་བཟང་ངན་གྱི་བསམ་ཚུལ་བཤད་ཁུལ་གྱིས་སྤྱི་ཚོགས་དཀྲུགས་ནས་མི་མང་གི་སེམས་ལ་རྨ་ཁ་བཟོ་མཁན་ཉུང་ཉུང་མིན་པ་མཐོང་ནས་བདག་ལ་ལྡོག་ཕྱོགས་ཀྱི་བློ་འཚབ་འདི་སྐྱེས་སོང་བས་ན། ལས་འགུལ་བ་དང་འཐབ་རྩོད་པ་སུ་ཡིན་གར་བཞུགས་དག་གིས་དོན་མེད་ཀྱི་རྙོག་ཟིང་འདི་དག་ལ་ཅི་བས་ཀྱང་རྣ་བ་མ་གཡོར་རོགས་ཞུ་རྒྱུ་ཡིན།

ང་ཚོས་ཉན་དགོས་པ་དགྲ་བོའི་ཕྱོགས་དང་རྩོད་དགོས་པ་དགྲ་བོའི་ཕྱོགས་ན་ཡོད་ལ། ང་ཚོས་ཁ་རྩོད་དང་རྒྱལ་ཕམ་གྱི་གནད་དོན་ཞིག་ཐག་གཅོད་དགོས་ནའང་དགྲ་བོ་དང་ཉེ་བར་བཅར་དགོས། དེ་ལྟ་མ་ཡིན་པར་ནང་ཁུལ་གྱི་ཁབ་དང་སྐུད་པ་ལྟ་བུའི་ཤགས་འགྱེད་དང་རྩོད་གླེང་ནི་རང་གིས་རང་ཉིད་འཕོང་བར་བྱེད་པ་ལས་མ་འདས་པ་ཚང་མའི་སེམས་ལ་ཉར་རོགས། ང་ཚོའི་འཐབ་རྩོད་ཁ་དང་དགྲ་བོའི་འཐབ་རྩོད་ཁོག་ན་ཡོད་སྟབས། ངྷ་སའི་རི་གྲོང་འདིར་དགྲ་བོས་གསང་སྐུད་ཕྲ་མོ་ཞིག་འཐེན་ནས། དངུལ་དང་མིའི་ཡོ་ལང་ཤུགས་ཆེ་ཙམ་ཡོད་ངེས་ན། ཁོང་དག་གི་ཁ་ཤུགས་དབང་ཤུགས་ཀྱི་འོག་ཏུ་མི་འགྲོ་རྒྱུ་དེ་ང་ཚོའི་སྤྱི་ཡོངས་ཀྱིས་ཤེས་དགོས་པ་དང་། ང་ཚོའི་ངོས་ནས་རང་བཙན་དང་དབུ་མ་གང་ཡིན་རྩོད་གླེང་གིས་ཐག་གཅོད་བྱ་དགོས་པ་ཞིག་མིན།

མ་གཞི་གནད་དོན་འདིའི་ཡོང་ས་གཙོ་བོ་དེ་གླིང་ཚ་ཚེ་བརྟན་རྡོ་རྗེའི་འཐབ་རྩོད་ཀྱི་སྟེང་ནས་འོང་བ་ཞིག་ཡིན་ནའང་། ཁོས་འཁུར་བའི་དགྲ་བོའི་རྒྱལ་དར་དེར་དེ་འདྲའི་སྡང་དགོས་དོན་ཅི་ཡིན་བདག་གིས་ད་དུང་མ་ཤེས། བདག་གི་ངོས་ནས་གླིང་ཚ་བས་དགྲ་བོ་ལ་ཁ་གཏད་ནས་འགྲོ་ཡི་ཡོད་པ་དང་དགྲ་བོ་དང་ མཉམ་དུ་འུ་ཅག་ལ་དགོས་པ་དེ་རྩོད་ལེན་བྱེད་ཀྱི་ཡོད་སྟབས། དེ་ནི་མི་འོས་པ་ཞིག་མ་རེད་ཀྱང་འདོད་མོད། གལ་སྲིད་དེས་བོད་ཀྱི་རྩ་དོན་ལ་གནོད་ཀྱི་ཡོད་ན་མི་སྒེར་གཅིག་གིས་ནོར་བ་ཡིན་སྟབས། སྤྱི་ཚོགས་ནང་ཁུལ་ལ་འཕོང་དཀྲུག་འོང་གཞི་ལྟ་བུར་འགྱུར་དགོས་དོན་མེད། ཤར་ཁུག་ཀྱང་དེ་ལྟར་ཡིན།

ད་ལྟའི་དུས་ཚོད་འདི་ནི་ང་ཚོ་ཚང་མས་རིག་པ་བསྒྲིམ་དགོས་པའི་དུས་ཤིག་ཡིན། རྒྱུ་མཚན་ནི་གཞིས་ལུས་སྤུན་ཟླ་ཚོའི་སྙིང་སྟོབས་དར་བའི་སྒང་ཡིན་པ་དང་། ཁོང་ཚོའི་རེ་བ་དང་ཡིད་ཆེས་ཆ་ཚང་བོད་ཕྱི་ལོགས་ཡིན་སྟབས། འདི་ཕྱོགས་ནས་དོན་མེད་རྩོད་གླེང་གི་ནང་འཁྲུག་གིས་བགས་ཆགས་ངན་པ་ཐེབས་ཚེ། ཁོང་ཚོའི་སེམས་ཤུགས་ཆག་ངེས་ན་དེ་ནི་དགྲ་བོའི་ངོས་ནས་འབད་བརྩོན་བྱེད་ཀྱིན་པའི་རེ་བ་ཉག་གཅིག་བུ་དེ་ཡིན། དེའི་སྟབས་ཀྱིས་ལས་འགུལ་བ་དང་དཔྱད་བརྗོད་པ། ལྷག་པར་དུ་སྤྱི་ཚོགས་སྟེང་གི་མི་ཚང་མས་གཟབ་གཟབ་གནང་རྒྱུ་དེ་ཁ་ཚ་དགོས་གཏུགས་ཡིན། ༸གོང་ས་མཆོག་གིས་ཀྱང་བོད་མི་ཞིག་ཡིན་ཕྱིན་མི་རེའི་ངོ་རེ་ལ་འགན་རེ་ཡོད་སྟབས་བོད་སྤྱི་བའི་རྩ་དོན་ཐད་འགན་རེ་འཁུར་དགོས་པའི་བཀའ་སློབ་དེ་ཡང་དང་བསྐྱར་དུ་གནང་ཡོད་པ་བཞིན། ཆེ་བས་ཆེ་བ་དང་ཆུང་བས་ཆུང་བ་ལྟར་རང་རང་གིས་ལས་དོན་ཞིག་མི་འཁྱོངས་ནའང་བསམ་པ་དཀར་བོ་དང་། ནང་ཁུལ་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས་ཤིག་ལ་ཅི་བས་འབད་བརྩོན་གནང་རོགས།

༢༠༡༣ ། ༣ ། ༡༡ ། ལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༢ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 6

  1. འཇམ་གཅེས ། says:
    ལོ་ 13 སྔོན།

    མིག་མི་འཛུམ་ལགས། དེ་སྔར་ངས་ཁྱེད་ཀྱིས་དཔྱད་རྩོམ་ཁ་ཤས་ལ་དགག་པ་རྒྱག་པ་ཙམ་དུ་མ་ཟད་ཚིག་ངན་ཁ་ཤས་བེད་སྤྱོད་བཏང་བ་ཡིན། དེ་རིང་ངོ་མ་ཁྱེད་ཀྱིས་དཔྱད་རྩོམ་འདི་ནི་མཐོང་དཀོན་པའི་ལེགས་བཤད་ཞིག་རེད་འདུག་པས་ངས་ཁྱེད་ལ་སྙིང་ནས་གུས་འདུད་ཞུ་ངེས་ཡིན། ད྄གྲོགས་ཚོ་ངེས་པར་དུ་ཡིད་གཟབ་དགོས་གལ་ཆེ། རྒྱུ་མཚང་པོར་བགྲངས་དགོས་མི་འདུག །མིག་མི་འཛུམ་ལགས་ཀྱིས་གོང་གསལ་རྩོམ་ཡིག་འདིའི་ནང་དུ་གསལ་འདུག །

    Reply
  2. བཙན་ནག་པས། says:
    ལོ་ 13 སྔོན།

    མི་རིགས་ཞིག་དང་རིགས་གཞུང་གཅིག་སྐྱོབས་པའི་ཐབས་ལམ་སྣ་ཚོགས་ཡོད་དགོས་ལའང་ཡོད་ཀྱང་མཆོག་པ་ཞིག་ཡིན། འོན་ཀྱང་དགྲ་དགའ་གཉེན་སྡུག་དུ་མ་སོང་བའི་འགན་འཁྲི་ཞིག་ཀྱང་ངེས་པར་དགོས། ཡོད་ཚད་ལ་རྒྱའི་རྒྱུགས་ཁྱི་འམ་རྒྱའི་མྱུལ་མ་ཞེས་ཚངས་མིང་དོགས་ཀྱང་བྱས་པ་ཡིན་ན་དེ་ཡང་དཔྱོད་ཤེས་ཞིག་ག་ལ་ཡིན། གལ་ཏེ་རྒྱའི་མྱུལ་མ་ཞིག་ཡོད་ན་མཐར་འབུད་གཏོང་ཀྱང་མ་མཛད་པར་དེ་ལ་རང་རེས་སློབ་གསོ་སྤྲད་ནས་བོད་མི་རིགས་དང་བོད་མིའི་སྤྱི་ཚོགས་ཞབས་འདེགས་ཞུ་བཅུག་ན་གཅིག་གོ་གཉིས་ཆེད་མ་ཡིན་ནམ།

    Reply
  3. བྱ་གཞུང་དཔལ་རྡོར། says:
    ལོ་ 13 སྔོན།

    བཀླགས་ཟིན། ཡོག་པོ་འདུག མུ་མཐུད་ཕྲིས་དང་མུ་མཐུད་བཀླག་ཆོག

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ནང་ཁུལ་ལ་བཤད་འདོད་པའི་སྐད་ཆ་ཁ་ཤས། ནང་ཁུལ་ལ་ཤོད་བགྱིད་ཡོད་པའི་སྐད་ཆ་ཁ་ཤས། ཞེས་པ་ཞིག་བྲིས་ན་ལེགས།
    ཡང་ཁོང་གིས། ་་་་་ ཤར་ཕྱོགས་ཁུག་རྟ་ཟེར་བ་ཞིག་གིས་དགྲ་བོའི་དར་ཆ་འཁུར་སོང་བ་དང་དེ་སྔོན་གཞོན་ལྷན་གྱིས་དགྲ་བོའི་དར་ཆ་མེར་བསྲེགས་བཏང་བ་གཉིས་ཀར་ཧ་ལས་ཤིང་ཧོན་འཐོར་དགོས་དོན་ཅི་ཡང་མེད། ་་་་ཟེར།
    ཡང་།
    ་་་་་ ང་ཚོའི་ངོས་ནས་རང་བཙན་དང་དབུ་མ་གང་ཡིན་རྩོད་གླེང་གིས་ཐག་གཅོད་བྱ་དགོས་པ་ཞིག་མིན། ་་་་ཟེར།

    Reply
  5. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    ཡག་པོ་བྲིས་འདུག ཐུགས་རྗེ་ཆེ། ནང་ཁུལ་རྡོག་རྩ་གཅིག་སྒྲིལ་དང་། དགྲ་བོས་སིམ་འཛུལ་ལ་དོགས་ཟོན་དགོས།

    Reply
  6. གླག་ཕྲུག says:
    ལོ་ 13 སྔོན།

    དགྲ་དར་འཕྱར་བའི་གནས་ཚུལ་འདི་མིག་ལམ་ན་ཡལ་འགྲོ་བའི་སྐབས་འདིར་ཡང་མིག་མི་འཛུམ་ཟེར་མཁན་ཁྱེད་ཀྱིས་ཤེས་མདོག་གིས་ཅིའི་ཕྱིར་གླེང་གི་ཡོད། ད་དུང་གླིང་ཚ་ཡང་དྲུད་ནས་ཡོང་གིན་འདུག རྙོག་གླེང་གི་བསམ་ཚུལ་དྲ་ངོས་སུ་མ་བཀོད་ན་བཟང་གི་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese