མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོལ་ཁ་གསུམ་མཉམ་རུབ་ཀྱིས་གྱ་སྟོན་བྱས་ན་རྣམ་དཔྱོད་ལྡན་པ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་ས་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་མདོ་སྨད་དམིགས་བསལ་ཚོགས་ཆེན་དབུ་འཛུགས་གནང་སོང་ལ། ཉིན་གཉིས་རིང་གི་ཚོགས་ཐོག་ཏུ་མ་འོངས་པར་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་སྐབས་གྱ་སྟོན་གནང་ཕྱོགས་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱེད་སྟངས་བཅས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་རེད།   

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ སྟེང་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག ངྷ་ས་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། ཉིན་གཉིས་རིང་གི་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་ ༡༥ པའི་དམིགས་བསལ་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོ་མགོ་འཛུགས་གནང་ཡོད། སྐུ་མགྲོན་གཙོ་བོར་བཀའ་ཟུར་བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིག་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག གཞན་མདོ་སྨད་སྤྱི་ཟུར་དང་ལས་ཐོག་སྤྱི་འཐུས་ཁག་ཅིག མདོ་སྨད་དབུས་ས་གཉིས་ཀྱི་རྒྱུན་ལས་བཅས་ཕེབས་འདུག

མཛད་སྒོ་དབུ་འབྱེད་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་དང་༧སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་མཚམས། ཚོགས་བཅར་པ་ཡོངས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་རྗེས། བོད་བསྟན་པ་ཆབ་སྲིད་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་རིང་གནང་པ་དང་། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས་ཐེངས་འདིའི་ཚོགས་ཆེན་གྱི་ཉིན་གཉིས་རིང་གི་ཚོགས་འདུའི་ལས་རིམ་ངོ་སྤྲོད་གནང་བའི་ནང་། ༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པར་གྱ་སྟོན་དང་། བོད་ནང་གི་ཛ་དྲག་ཐད་ལས་འགུལ་སྤེལ་ཕྱོགས། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་ཕྱོགས། དབུས་སའི་འབྲེལ་མལ་ཡར་རྒྱུས་གཏོང་ཕྱོགས་སོགས་བརྗོད་སོང་།  

ཁོང་གིས་༧གོང་ས་མཆོག་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་ཕྱོགས་གང་ཐད་ནས་དཀའ་ངལ་ཆེན་པོ་འཕྲད་སྐབས་མདོ་སྨད་ཀྱི་རྒན་རབས་པ་ཚོས་རྒྱག་གཅིག་མཆོང་གཅིག་ཐོག་ ༧གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར། བཙན་བྱོལ་ནང་མདོ་སྨད་ཀྱི་མི་འབོར་ཉུང་ཤོས་དང་དབུས་རྒྱུན་ལས་ཁང་ལ་མཚོན་ན་དཔལ་འབྱོར་སྐྱོ་ཤོས་ཆགས་ཡོད་ཀྱང་། བོད་མིའི་སྤྱི་དོན་ཐད་འབུར་དུ་ཐོན་མེད་ན་རྗེས་སུ་ལུས་མེད་སྟབས། མདོ་སྨད་ཀྱི་རྒན་རབས་པ་ཚོར་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། ༧གོང་ས་མཆོག་གིས་གཏན་འབེབས་གནང་པའི་དབུ་མའི་ལམ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་བཅས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་སྐོར་བརྗོད་བྱུང་།

དེའི་རྗེས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དྲུང་ཆེ་རྒྱ་རིག་ཐར་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་ཞུས་སྐབས།  སྔ་ལོའི་དུས་དབང་སྐབས་མདོ་སྨད་རྔ་པ་ཕྱོགས་ཀྱི་མཇལ་སྐོར་པ་ཁག་ཅིག་རྒྱ་གར་དང་བལ་ཡུལ་མཐའ་མཚམས་ནས་རྒྱལ་མཚམས་རྒལ་བའི་ཉེས་མིང་འོག་རྒྱ་གར་གྱི་བཙོན་ཁང་དུ་ལྷག་ཡོད་པ་རྣམས་བཙོན་གྲོལ་དང་བལ་ཡུལ་ནས་བོད་བར་ལམ་འཇུག་རོགས་རིམ་བྱས་པ། འབྲུག་ཡུལ་མ་གཏོགས་རྒྱ་གར་དང་བལ་ཡུལ་ནང་གི་ས་གནས་ཁག་ཚང་མར་ཕྱོགས་སྐྱོད་ཐོག་བོད་བསྟན་སྲིད་དང་ཆོལ་གསུམ་མཐུན་སྒྲིལ་གྱི་ལས་དོན་སྒྲུབ་ཕྱོགས་ཐད་མཇུག་སྣོན། རྒྱ་གར་ནང་ཡོད་པའི་མདོ་སྨད་པ་ཉམས་ཐག་རིགས་ལ་འཚོ་སྣོན་དང་ཛ་དྲག་ནད་མནར་སོགས་ཀྱི་ཐད་རོགས་འདེགས། མདོ་སྨད་ཀྱི་ཉམས་ཐག་སློབ་ཕྲུག་རེ་ཟུང་ཞིག་ལ་སློབ་ཡོན་ཐད་རོགས་རིམ་བྱས་ཡོད། སྔ་ལོའི་གླིང་ཚ་ཚེ་བརྟན་རྡོ་རྗེའི་བོད་སྐྱོད་གོམ་བགྲོད་སྐབས་མཐུན་འགྱུར་རོགས་རིམ་བྱས་ཡོད་སྐོར་སོགས་བརྗོད་སོང་།

དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་ཁོང་རང་ཉིད་ཀྱང་མདོ་སྨད་པའི་ཆ་ཤས་ཤིག་ཡིན་སྐོར་དང་། སྔོན་མ་མདོ་སྨད་པ་མི་གྲངས་ཉུང་ཉུང་ཡིན་ཡང་ཆིག་སྒྲིལ་ཧ་ལས་པ་ཡོད་པས་མུ་མཐུད་མཐུན་སྒྲིལ་དགོས་སྐོར། རྒྱ་གཞུང་གིས་བོད་པར་གླགས་ཁེལ་གྱི་མེད་པ་དེ་བོད་མིའི་མཐུན་སྒྲིལ་ལ་བརྟེན་ནས་བྱུང་གི་ཡོད་པ་དང་ད་ལྟའང་སྤྱི་ཚོགས་ནང་རྡོག་རྩ་ཆིག་སྒྲིལ་ཡོང་རྒྱུར་ཚང་མས་ཡིད་གཟབ་བྱ་དགོས་སྐོར། སྨྲ་བརྗོད་རང་དབང་ཡོད་པ་ལྟར་དེ་ལ་འགན་ཁུར་ཏེ་སྤྱི་ལ་ཕན་པ་ཞིག་གི་ཐད་སྨྲ་བརྗོད་རང་དབང་བེད་སྤྱོད་བྱ་དགོས་པ་དང་། རང་དབང་བེད་སྤྱོད་བྱ་རྒྱུ་དེ་རང་དབང་མེད་པ་ལས་དཀའ་ལས་ཁག་ཚུལ། ད་ལྟའི་བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེགས་གནང་པའི་རྒྱུ་མཚན་བཙན་བྱོལ་བོད་མི་ཚོས་ཅིག་གནང་གི་རེད་དགོངས་ཏེ་བློས་གཏོང་གནང་གི་ཡོད་སྟབས། ཁོང་ཚོའི་བློས་གཏོང་སྟོང་ཟད་དུ་འགྲོ་འཇུག་རྒྱུ་ཡིན་ནམ་གྲུབ་འབྲས་ལྡན་པ་ཞིག་བཟོ་རྒྱུ་བཙན་བྱོལ་བོད་མི་ཚོའི་ལག་ཏུ་ཡོད་སྐོར།  རང་བཙན་རྩོད་མཁན་ཚོའི་ཐད་ཁོང་གིས་“རང་བཙན་གསུང་ན་གསུང་སྟངས་ཡོད་རེད། རང་བཙན་ལེན་ཐུབ་པ་ཡིན་ན་སུ་ལ་ཡིན་ན་དགོས་ངེས་རེད་མོད། ཅིག་གིས་འཇོན་མི་འདུག་མདོག་མདོག་དང་ང་ཚོས་ཅིག་བྱ་རྒྱུ་ཡིན་མདོག་མདོག་བཤད་མཁན་གྱི་གྲས་དེ་ཚོ་སྣང་བར་འགྲོ་ཡི་མི་འདུག” ཅེས་གསུངས་སོང་།

མཐར་སྐུ་མགྲོན་གཙོ་ཐུབ་བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིག་མཆོག་གིས། ༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་གནང་འཆར་དེ་འཇིག་རྟེན་ཆོས་བརྒྱད་ཀྱི་ངོ་བོར་མ་སོང་པའི་ཐོག ༧གོང་ས་མཆོག་ལ་མཆོད་པ་འགྲོ་བའི་དོན་དམ་གྱི་གྱ་སྟོན་ཞིག་ཡོང་ཐབས། བོད་ཀྱི་སྲོལ་རྒྱུན་རང་བཞིན་གྱི་གྱ་སྟོན་རྒྱ་ཆེན་པོ་ཞིག་གོ་སྒྲིག་བྱ་རྒྱུའི་ཐག་གཅོད་དེ་མདོ་སྨད་དབུས་རྒྱུན་ནང་བྱུང་ཡོད་པ་ལྟར། རབ་བྱུང་ན་ཐེངས་འདིའི་ཚོགས་ཆེན་སྟེང་འགྲོ་ལུགས་བྱེད་ཕྱོགས་ཐད་གྲོས་བསྡུར་གནང་མཐར་ཆོལ་ཁ་གཞན་གཉིས་ལ་གྲོས་མགོ་བཏོན་ཏེ། ཆོལ་གསུམ་མཉམ་རུབ་ཀྱི་གྱ་སྟོན་གནང་ཐུབ་པ་ཡིན་ན་བོད་པ་ནང་ཁུལ་ཡིན་ན་འདྲ་ལ། ཕྱིའི་དགྲ་བོ་ཡིན་ནའང་འདྲ་ཕྱོགས་གང་ཐད་ནས་རྣམ་དཔྱོད་ལྡན་པ་དང་དགེ་མཚན་ཆེན་པོ་ཡོད་སྐོར། ༧གོང་ས་མཆོག་གི་སྐུ་ཕྱཱར་ཚང་མས་སེམས་ཁུར་བྱེད་ཀྱི་ཡོད་ཀྱང་དེ་རྒྱ་གར་གཞུང་ལ་བློ་འགེལ་ཆོག་ཅིང་། གཙོ་བོ་ནང་དུ་འགལ་རྐྱེན་མ་བྱུང་པ་དང་༧གོང་ས་མཆོག་གི་དགོངས་བཞེད་ལམ་སྟོན་ལག་བསྟར་བྱེད་ཐུབ་པ་ཡིན་ན། གྱ་སྟོན་ཟེར་ན་འདྲ་སྐུ་ཕྱཱའི་ཞབས་རིམ་དེ་ལས་ལྷག་པ་མེད་སྐོར་གསུངས་ཡོད།

ཡང་ཁོང་གིས་རང་བཙན་རྩོད་མཁན་དང་ལམ་དབུ་མ་རྩོད་མཁན་གང་ཡིན་ཡང་མཛུབ་མོ་ནང་ལ་མ་བཙུགས་པར། ཚང་མའི་ཁ་ཕྱོགས་རིའི་ཕ་རོལ་དུ་གཏད་དེ་འགྲོ་དགོས་སྐོར། དེང་སྐབས་བོད་ནང་གི་གནས་སྟངས་ཛ་དྲག་ཆགས་ཡོད་པ་དང་། བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་ཉིང་དགོས་ “རང་དབང་” ཡིན་པ་ལྟར། དེང་སྐབས་རྒྱལ་སྤྱིའི་སྟེང་ག་རེ་བཤད་ཀྱི་ཡོད་མེད་ལ་མ་བལྟས་པར་གཙོ་བོ་ཁོང་ཚོའི་ཉིང་དགོས་དེ་བསྒྲུབ་ཐུབ་ཀྱི་ཡོད་མེད་ལ་བལྟས་ཏེ་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་འགན་འཁུར་དགོས་པ་དང་ཤུགས་རྒྱག་རྒྱུ་གལ་ཆེན་པོ་ཡིན་སྐོར། བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་དང་སྨྱུག་ཐོག་པ་ཚོ་ཡིན་ནའང་སོ་སོ་གསར་འགོད་པ་ཞིག་དང་སྨྱུག་ཐོག་པ་ཞིག་ཡིན་པ་དང་མཉམ་དུ་སྐྱབས་བཅོལ་ཞིག་དང་འཐབ་རྩོད་པ་ཞིག རྒྱ་ནག་ལ་བརྡ་ལན་སྤྲོད་མཁན་ཞིག་ཡིན་པའི་ཐོག་འགྲོ་རྒྱུ་གལ་ཆེན་པོ་ཡིན་སྐོར་བཅས་གསུངས་སོང་།

ཐེངས་འདིའི་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་རྗེས་སུ་མདོ་སྨད་ཀྱི་གནད་ཡོད་མི་སྣ་དང་དབུས་སའི་རྒྱུན་ལས་ལྷན་འཛོམས་ཐོག ཉིན་གཉིས་རིང་གོང་གི་གྲོས་གཞི་དག་གི་ཐད་གོ་བསྡུར་ཐག་གཅོད་གནང་རྒྱུ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 2

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    དཀྲོག་གཏམ་དང་འགལ་བ་ཞིག་བཟོ་བར་གང་ཞིག་ཇི་ལྟར་བཤད་རྒྱུ་འབད་པས་འཚོལ་བཞིན་པའི་ནོར་ལགས། འདི་ནི་སྔ་ས་ནས་བསྒྲོག་ཟིན་པ་ཞིག་རེད། ཞར་ལ་མདོ་སྨད་པའི་ཐུན་མིན་ལུགས་སྲོལ་ཡིན་པས། ཡིན་གཅིག་མིན་གཉིས་ཆོལ་ཁ་གསུམ་མཉམ་དུ་གནང་དགོས་དོན་མི་འདུག་སྙམ།

    Reply
  2. ནོར། says:
    ལོ་ 13 སྔོན།

    མདོ་སྨད་ཀྱི་གསང་བའི་ཚོགས་ཆེན་དེ་རིང་ཚོགས་བཞིན་པ་འདི། དེ་རིང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མ་ཐོན་པའི་ཡར་སྔོན་དུ་མདོ་སྨད་མི་མང་གིས་གཅིག་ཀྱང་གོ་ཡོད་པ་མ་རེད། གནས་སྟངས་འདིའི་རྒྱབ་ལྗོངས་ནས་གནས་ཚུལ་མང་པོ་ཞིག་སྦོས་སྐུང་བྱས་ཡོད་པ་རེད། ད་དེ་གཡུགས་ཞོག
    སྤྱིར་ཆོལ་གསུམ་ཆིག་སྒྲིལ་ཐོག་གྱ་སྟོན་ཞུས་པ་ཡིན་ན་ཡག་ཐོག་ཡག་ལྟ་བུ་ཞིག་རེད། ཡིན་ནའང་། ལོ་བརྒྱད་ཅུར་བུད་སྐབས་གྱ་སྟོན་ཞུ་ལུགས་འདི་ཆོལ་ག་གཞན་གཉིས་ལ་སྲོལ་ཡོད་མེད་དེའང་གནས་སྟངས་གཞན་ཞིག་རེད་བསམ། ཡིན་ནའང་། ཐུབ་བསྟན་ལུང་གི་སྐད་ཆ་དེ་འཁྲབ་སྟོན་རང་རེད། གནས་ཚུལ་འདི་ནི་སྐབས་བཅུ་བཞི་པའི་མདོ་སྨད་ཚོགས་ཆེན་ཐོག་༸གོང་ས་མཆོག་ལ་གྱ་སྟོན་ཞུ་རྒྱུ་དེ་གྲོས་འདོན་ཐག་གཅོད་བྱུང་བ་ཞིག་ཡིན་པ་མ་ཟད། ཡར་༸གོང་ས་མཆོག་ལ་སྙན་ཞུ་གནང་སྟེ་ངོས་བཞེས་གྲུབ་ཟིན་ནས། ད་ལྟའི་ཆར་ཚོགས་ཆུང་དང་ལས་དོན་གོ་སྒྲིག་གི་མཐའ་མའི་རིམ་པ་ལྟ་བུར་བསླེབས་ཚར་ཡོད་པ་རེད། ད་རེས་གློ་བུར་དུ་བྱུང་བ་ཞིག་མ་རེད། སྐབས་སྔོན་མ་ནས་གནས་ཚུལ་འདི་ཐུབ་བསྟན་ལུང་རིག་གིས་གསལ་བོ་ཐང་བོ་ཤེས་ཡོད་པ་རེད། དེ་དུས་ནས་ག་རེ་བྱས་ནས་མ་བཤད་པ་རེད། ཁོས་དེ་དུས་ནས་མ་བཤད་པར་ད་རེས་གློ་བུར་དུ་བཤད་པ་དེ་ནི་སྒེར་དོན་ཁོག་བཅངས་ཀྱི་འཁྲབ་སྟོན་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese