མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་ནང་ཉམས་ཞིབ་ཐད་ཆེད་མཁས་སློབ་སྟོན་པ་དཀོན་པོ་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་མཐོ་སློབ་ཏུ་ཉིན་གཉིས་རིང་ཉམས་ཞིབ་ཟབ་སྦྱོང་ཞིག་ཚོགས་པ་དང་བསྟུན་ཏེ། འདི་གའི་གསར་འགོད་པས་ཚོགས་ཞུགས་པ་འགར་ཉམས་ཞིབ་བརྒྱུད་རིམ་དང་ཉམས་མྱོང་སྐོར་ལ་དགོངས་ཚུལ་བསྡུས།

ཤེས་རབ་དགའ་ཚལ་སློབ་གླིང་གི་བོད་དགེ་སྐལ་བཟང་ཉི་མ་ལགས་ཀྱིས་༼བོད་ཀྱི་ཕྲུ་གུའི་རྩོམ་རིག་གི་གནས་བབ་དང་མདུན་ལམ་༽ཞེས་པའི་བརྗོད་གཞིའི་ཐོག་ཉམས་ཞིབ་གནང་གི་ཡོད་ཅིང་། ཁོང་ལ་བརྗོད་གཞིའི་དེའི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས། སོ་སོ་དགེ་རྒན་བྱས་རིང་གི་ཉམས་མྱོང་བརྒྱུད། བོད་ཀྱི་སྲོལ་རྒྱུན་གཞི་རིམ་རྩོམ་རིག་སྟེ། བོད་རང་གི་གནའ་སྔ་མོ་ནས་བརྒྱུད་ཡོང་བའི་བྱིས་པའི་རྩོམ་རིག་ལ་དོ་སྣང་བྱུང་ཞིང་། བཙན་བྱོལ་གྱི་བྱིས་པའི་རྩོམ་རིག་ནི་རྒྱ་གར་འགྱུར་མ་ལྟ་བུ་ཞིག་གམ། རྒྱ་གར་གྱི་བྱིས་རྩོམ་གྱིས་ལྷད་ཞུགས་པ་མང་ཞིང་། བོད་ཀྱི་སྲོལ་རྒྱུན་གྱི་བྱིས་པའི་རྩོམ་རིག་གི་གཡའ་དང་དྲི་འགོས་མེད་སྟབས། བོད་རང་གི་བྱིས་པའི་རྩོམ་རིག་ལས་ལེགས་ཆ་རྣམས་བསྡུས་ཏེ། བོད་ཀྱི་སྲོལ་རྒྱུན་བྱིས་པའི་རྩོམ་རིག་གི་སྒྲོམ་གཞི་ཞིག་བསླང་ཐུབ་ན་སྙམ་སྟེ་བརྗོད་གཞི་འདི་བདམས་པ་ཡིན་སྐོར་བརྗོད་བྱུང་།

            ཉམས་ཞིབ་བརྒྱུད་རིམ་ཁྲོད་ཀྱི་ཉམས་མྱོང་དང་དཀའ་ཚགས་སྐོར་དྲིས་པར་ཁོང་གིས། ཉམས་མྱོང་ཆེ་ཤོས་དེ་ཞིབ་འཇུག་གི་བརྗོད་བྱ་ཅུང་ཁ་གསལ་བོར་འགྲོ་བཞིན་པའི་སྟེང་ནས་སྔར་གྱི་བྱིས་པའི་རྩོམ་རིག་གི་ཁྱད་ཆོས་མང་པོ་ཞིག་མཐོང་བ་དང་། ལྷག་པར་དུ་ཞིབ་འཇུག་གི་ཐབས་ལམ་གྱི་སྟེང་ནས་མིས་བཤད་པ་དང་རང་གིས་བཙལ་ཏེ་སྦྱངས་པའི་གོ་རིམ་ཁྲོད། ཞིབ་འཇུག་ཟེར་བ་དེ་བོད་སྤྱི་ཚོགས་ཀྱི་ཟུར་ཞིག་ན་སྤྱི་བམ་པ་ཞིག་དང་སྐད་ཆ་སྦོམ་བཤད་ཀྱི་སྤྱི་སྣང་ཞིག་ཡོད་པ་དེ་མ་ཡིན་པར། ཞིབ་འཇུག་ནི་རྒྱུ་ཆ་དང་གོ་རིམ་གྱི་སྟེང་ནས་ཁ་སྐད་ཀྱིས་བཤད་ན་སྐད་ཆ་གསལ་བོ་གོ་རྒྱུ་ཡོད་པ་ཞིག་ཡིན་དགོས་པའི་མྱོང་སྣང་བྱུང་བ་དང་། དཀའ་ངལ་གྱི་ཐད་ནས་ཞིབ་འཇུག་གི་བརྗོད་བྱ་དེར་ད་དུང་བོད་ཕྱི་ནང་གང་ནའང་བདག་པོ་མང་པོ་མེད་སྟབས་རྒྱུ་ཆ་འཚོལ་ཞིབ་ཀྱི་དཀའ་ངལ་ཡོད་པ་དང་། དེ་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་རིགས་གཅིག་རྐང་འཛིན་སློབ་སྦྱོང་བྱེད་མཁན་ཚོར་ཐུན་མོང་གི་དཀའ་ངལ་ཞིག་ཡོད་པ་ནི་སྐད་ཆ་འདྲི་ས་དང་ལམ་སྟོན་ཞུ་ས་མི་རག་པར་ཁེར་རྒྱུག་ལྟ་བུ་བྱེད་དགོས་ཤིང་། ཞིབ་འཇུག་བྱེད་ཐབས་ཀྱི་ཐད་ནས་རྒན་རབས་ཞིབ་འཇུག་པ་ཚོས་རང་ལུགས་འཇོག་པ་དང་གཞན་ལུགས་དགག་པ། རྩོད་པ་སྤོང་བ་ཞེས་སྤྱི་འགྲོས་ཤིག་བགྲང་པ་ལས་ཞིབ་འཇུག་གི་དུས་ཡུན་དང་སྡེ་ཚན་མི་འདྲ་བའི་སྒྲོམ་གཞི་དང་སྒྲིག་གཞི་སོགས་གཏན་འཁེལ་ཞིག་བཤད་རྒྱུ་མེད་པ་སོགས་ཀྱི་དཀའ་ངལ་ཡོད་སྐོར་བརྗོད་བྱུང་།

            ཤེས་རིག་གིས་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་པ་ཚོར་ཟབ་སྦྱོང་ཐེངས་གཉིས་གོ་སྒྲིག་གནང་པ་དེས་ཕན་ཐོགས་བྱུང་ཡོད་མེད་དྲིས་སྐབས། ཟབ་སྦྱོང་ཐེངས་གཉིས་ཀ་སྤྱི་ཡོངས་ནས་ཤེས་ཡོན་གྱི་ཐོས་པ་བསགས་པའི་ཕན་པ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་མཁས་པ་རྒན་རབས་པ་མང་པོ་ཞིག་ལ་འབྲེལ་འདྲིས་དང་། ཁོང་རྣམ་པར་རང་རང་གི་མཁས་རྩལ་གྱི་ཡོན་ཏན་མི་འདྲ་བ་མཇལ་རྒྱུ་བྱུང་བ་བཅས་པ་དགེ་ཕན་དུ་མཐོང་ཡང་། གཙོ་བོ་ཟབ་སྦྱོང་ཐེངས་གཉིས་ཀ་ཞིབ་འཇུག་བྱེད་ཐབས་ཀྱི་ཐད་ཡིན་སྟབས། གོང་ནས་བཤད་པ་ལྟར་སྤྱི་བཤད་ཙམ་ལས་བྱེ་བྲག་གི་ཐབས་ལམ་དང་དཀའ་ངལ་རེ་རེ་བཞིན་སེལ་ཐུབ་པ་ཞིག་བྱུང་མེད་སྐོར་བརྗོད་བྱུང་།

ས་རཱ་མཐོ་སློབ་ཀྱི་རྒྱལ་རབས་དགེ་རྒན་གཙང་ཕྲུག་སྟོབས་ལགས་ཀྱིས་༼༧པཎ་ཆེན་སྐུ་ཕྲེང་དགུ་བའི་སྲིད་དོན་མཛད་རྣམ་༽ཞེས་པའི་བརྗོད་གཞིའི་ཐོག་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། ཁོང་གི་ལོ་གཉིས་མ་ཟིན་ཙམ་རིང་གི་ཉམས་ཞིབ་གནས་སྟངས་གང་འདྲ་ཆགས་ཡོད་མེད་དྲིས་པར་ཁོང་གིས། ད་ཆར་ཉམས་ཞིབ་སྤྱིའི་སྒྲོམ་གཞི་གྲུབ་ཟིན་ཏེ་བསྐྱར་ཞིབ་དང་སྣོན་འཕྲི་སྤོར་གཅོག་གི་མཚམས་སུ་སླེབས་ཡོད་སྐོར་དང་། ཉམས་ཞིབ་ཀྱི་བརྗོད་གཞི་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་བའི་སྐོར་དང་། ལྷག་པར་དུ་ཁོང་གི་སྲིད་དོན་མི་ཚེའི་སྐོར་ཡིན་སྟབས། གཙོ་བོ་ཡིག་ཐོག་དང་ངག་རྒྱུན་དཔང་རྟགས་གཉིས་རྩ་འཛིན་བྱེད་ཀྱི་ཡོད་ཅིང་། ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་བ་མཆོག་གི་མི་ཚེའི་ལོ་རྒྱུས་ནི་ ༡༨༨༨ ནས་ ༡༩༣༧ བར་གྱི་གནས་ཚུལ་ཞིག་ཆགས་ཡོད་སྟབས། དུས་སྐབས་དེ་དག་གི་གནས་ཚུལ་བོད་རྒྱ་དབྱིན་གསུམ་ནང་གང་རག་པ་དང་། ཡིག་ཐོག་ཁ་གསབ་དང་ཁ་གསལ་མེད་པའི་གནས་ཚུལ་མང་པོ་ཞིག་འབྲེལ་ཡོད་མི་སྣ་བརྒྱུད་ངག་རྒྱུན་གནས་ཚུལ་འཚོལ་བསྡུ་བྱས་ཡོད་སྐོར་བརྗོད་སོང་།

            མ་འོངས་པར་ཤེས་རིག་ལས་ཁུངས་དང་ཉམས་ཞབས་པ་རང་ངོས་བཅས་ནས་ཡར་རྒྱས་གཏོང་དགོས་ས་གང་དག་ཡོད་མེད་དྲིས་པར། ཉམས་ཞིབ་པ་ཁག་ཅིག་ལ་བརྗོད་གཞི་དང་འབྲེལ་བའི་ཆེད་མཁས་པ་བཙན་བྱོལ་ནང་མེད་པའམ་དཀོན་པོ་ཡིན་པས་སློབ་སྟོན་པ་དང་བློ་འདྲི་ཞུ་ས་ཡག་པོ་མེད་པའི་དཀའ་ངལ་ཡོད་པར་ཤེས་རིག་གིས་དགོངས་པ་བཞེས་དགོས་པ་དང་། ཉམས་ཞིབ་པ་སོ་སོའི་ངོས་ནས་ཁྲལ་ལྟ་བུ་མ་ཡིན་པར་གྲུབ་དོན་ཡག་པོ་ཡོང་ཐབས་ལ་འབད་བརྩོན་དང་། གྲུབ་དོན་དེ་རྒྱ་ཁྱབ་ཏུ་སྟོན་རྒྱུ་ཡོད་པ་ཞིག་གནང་རྒྱུ་གལ་ཆེན་པོ་ཡིན་པ། ཤེས་རིག་གིས་ཀྱང་ཉམས་ཞིབ་གྲུབ་དོན་ཡག་པོ་ཡོད་པ་དག་ལ་ཆེ་མཐོང་དང་ངོས་འཛིན་ལག་འཁྱེར་སྤྲོད་རྒྱུ། མཐར་ཕྱིན་ལག་འཁྱེར་སྤྲོད་སྐབས་མཛད་སྒོ་རྒྱས་པ་ཚོགས་པ་སོགས་བརྒྱུད་སྤྱི་ཚོགས་ནང་ཤེས་རྟོགས་དང་མ་འོངས་པའི་ཉམས་ཞིབ་པ་ཚོར་དོ་སྣང་སླེབས་ཐབས་བྱ་གལ་ཆེ་བ། ཁོང་རང་ཉིད་ལ་མཚོན་ན་དབྱིན་ཡིག་དང་རྒྱ་ཡིག་སོགས་རང་རྐྱ་འཕེར་བ་ཞིག་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་།

སྒྲོལ་མ་གླིང་དང་རྒྱུད་སྟོད་བོད་དགེ་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ ༼དགེ་རྒན་གྱི་མཚན་ཉིད་དང་འོས་ཆོས་སྐོར་ལ་དཔྱད་པ་༽ཞེས་པའི་བརྗོད་གཞིའི་སྟེང་ཉམས་ཞིབ་བྱེད་ཀྱི་ཡོད་ཅིང་། ཁོང་ལ་ཐོག་མར་ཉམས་ཞིབ་ལ་བཟུང་པའི་ལྟ་ཚུལ་དང་རྗེས་ཀྱི་ལག་ལེན་དངོས་ལ་ཁྱད་པར་གང་འདྲ་བྱུང་ཡོད་མེད་དྲིས་པར་ཁོང་གིས། ཉམས་ཞིབ་ནང་དངོས་སུ་ཞུགས་སྐབས། ཐོག་མའི་བསམ་བློ་འཁོར་ཕྱོགས་དང་གཏན་ནས་མི་འདྲ་བ་ཞིག་བྱུང་ཡོད་པ་དང་། དེ་ནི་གཅིག་ནས་སྔོན་མ་དེང་རབས་ཉམས་ཞིབ་ཀྱི་འགྲོ་སྟངས་ལྟར་ཉམས་ཞིབ་བྱས་མྱོང་མེད་པ་དང་། གཉིས་ནས་ཉམས་ཞིབ་ཀྱི་སྒྲོམ་གཞི་འགོད་སྟངས་དང་རྒྱུ་ཆ་མཁོ་སྒྲུབ་བྱེད་སྟངས། དཔྱད་ཞིབ་བསྡུར་གསུམ་གྱི་ཐབས་ལམ་སོགས་ལ་ཞིབ་ཚགས་ཤེས་རྟོགས་མེད་སྟབས། ཟབ་སྦྱོང་སྐོར་ལ་ཆེད་མཁས་མི་སྣ་ཚོས་ལམ་སྟོན་བྱེད་ཡོང་སྐབས། ཐོག་མའི་སོ་སོའི་བསམ་བློ་གཏོང་སྟངས་དེ་འགྲིག་གི་མེད་པ་ཧ་གོ་རྗེས། ཁོང་རང་ཉིད་ལ་མཚོན་ན་ཉམས་ཞིབ་ཀྱི་བརྗོད་གཞིའི་ཁྱབ་ཁོངས་དང་འཆར་འགོད་སོགས་ཀྱི་ཐད་འགྱུར་བ་གཏོང་དགོས་བྱུང་ཡོད་སྐོར་བརྗོད་བྱུང་།

            ཡང་ཁོང་ཉམས་ཞིབ་པ་མང་ཆེ་བ་གཞུང་སྒེར་ཚོགས་སྡེ་སོགས་སུ་ལས་ཞོར་ཆགས་ཡོད་སྟབས། ཉམས་ཞིབ་ཚགས་ཚུད་ཡོང་ཐུབ་མིན་དྲིས་པར། ཁོ་རང་དགེ་རྒན་ཞིག་ཡིན་སྟབས་ཉམས་ཞིབ་རྒྱུ་ཆ་འཚོལ་བསྡུར་ཕྱོགས་སྐྱོད་བྱ་རྒྱུར་དུས་ཚོད་ཀྱི་དཀའ་ངལ་ཡོད་པ་དང་། མ་འོངས་པར་ཤེས་རིག་ལས་ཁུངས་ཀྱིས་ལས་ཞོར་མ་ཡིན་པའི་ཉམས་ཞིབ་པ་བསྡུ་ཐུབ་ན་ཉམས་ཞིབ་ཀྱི་གྲུབ་དོན་དང་སྤུས་ཚད་ཡག་པོ་འབྱུང་ངེས་ཡིན་པ། དེ་བཞིན་ཤེས་རིག་གི་ངོས་ནས་ཉམས་ཞིབ་ཚད་ལྡན་ཡོང་ཕྱིར་མ་འོངས་པར་མཐུན་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་བྱུང་།

སྙན་ངག་པ་བློ་གྲོས་ཟླ་འོད་ལགས་ཀྱིས་༼མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་མིའི་རྩོམ་རིག་གནས་བབ་ལ་དཔྱད་པ༽ ཞེས་པའི་བརྗོད་གཞིའི་ཐོག་ཉམས་ཞིབ་གནང་གི་ཡོད་ཅིང་། གསར་འགོད་པས་ཁོང་ལ་ཉམས་ཞིབ་བརྗོད་གཞི་དེ་ཐོག་མར་བདམས་པའི་ཀུན་སློང་སྐོར་དྲིས་པར་ཁོང་གིས། སོ་སོ་བོད་དུ་ཡོད་སྐབས་ཀྱི་ཉམས་མྱོང་ལ་གཞིགས་ཏེ་དང་ཐོག་བོད་ཀྱི་རྩོམ་རིག་སྤྱིའི་སྐོར་ལ་ཉམས་ཞིབ་བྱ་འཆར་ཡོད་ཀྱང་། སློབ་སྟོན་པ་དང་གྲོགས་པོ་ཁག་ཅིག་བཅས་ཀྱིས་བོད་ཀྱི་རྩོམ་རིག་སྤྱི་ཟེར་པ་དེ་བརྗོད་གཞིའི་ཁྱབ་ཁོངས་ཆེ་དྲགས་པ་དང་། གཉིས་ནས་བོད་ཀྱི་རྩོམ་རིག་སྐོར་གང་འཚམ་མང་པོ་ཡོད་པ་དང་། བཙན་བྱོལ་གྱི་ལོ་ ༥༠ རིང་གི་རྩོམ་རིག་དང་དེའི་འཕེལ་འགྱུར་སོགས་ཀྱི་སྐོར་མེད་པ་བཅས་ལ་བརྟེན་ཏེ་བརྗོད་གཞི་དེ་བདམས་སྐོར་བརྗོད་བྱུང་།

            བཙན་བྱོལ་རྩོམ་རིག་ཉམས་ཞིབ་ཀྱི་ཁྱབ་ཁོངས་དང་དུས་རིམ་སོགས་དབྱེ་བ་ཇི་ལྟར་ཕྱེས་ཏེ་ཞིབ་འཇིག་བྱེད་ཀྱི་ཡོད་མེད་དྲིས་པར། ཁོང་གི་རྩོམ་རིག་ཞིབ་འཇུག་གི་ཁྱབ་ཁོངས་ཀྱི་ཆ་ནས་སྒྲུང་རྩོམ་དང་སྙན་ངག ལྷུག་རྩོམ། དཔྱད་རྩོམ། སྒྱུར་རྩོམ་སོགས་གཙོ་བོ་སྒྱུ་རྩལ་རྩོམ་རིག་སྐོར་ཡིན་པ་དང་། དུས་རིམ་གྱི་ཆ་ནས་ལོ་རབས་དྲུག་ཅུ་ནས་དགུ་བཅུའི་བར་དང་། ལོ་རབས་དགུ་བཅུ་ནས་ཉིས་སྟོང་བར། ཉིས་སྟོང་ནས་ཉིས་སྟོང་བཅུ་བར་བཅས་རིམ་པ་གསུམ་ལ་དབྱེ་སྟེ་ཞིབ་འཇུག་བྱེད་ཀྱི་ཡོད་འདུག་ལ། ཁོང་གིས་བོད་ནང་གི་རྩོམ་རིག་དང་བསྡུར་ན་བཙན་བྱོལ་གྱི་རྩོམ་རིག་གི་སྤུས་ཚད་ཞན་པ་དང་། མི་ཐོག་རྒན་པའི་དུས་སྐབས་སུ་རྩོམ་རིག་ཆེས་དཀོན་པ་མ་ཟད་གང་འཚམ་རེ་བྲིས་ཡོད་པ་དག་དེང་སྐབས་རག་ཁག་པོ་ཡིན་པ། སྤྱིར་བཙན་བྱོལ་དུ་རྩོམ་རིག་གི་མཁའ་དབུགས་ཆུང་དྲགས་པ་བཅས་ལ་བརྟེན། ཉམས་ཞིབ་བྱེད་ཆོག་ཆོག་ཅིག་མེད་པ་མ་ཟད། རང་ཉིད་ལ་མཚོན་ན་ཤེས་རིག་གི་དུས་བཀག་ནང་ཡོངས་སུ་འགྲུབ་ཐུབ་པའི་གདེང་ཚོད་མེད་ཀྱང་། དུས་ཡིན་གང་འཚམ་ཞིག་གི་ནང་འདོད་པ་ཁེངས་པ་ཞིག་ཡོང་ཐུབ་བྱ་འདོད་ཡོད་སྐོར་བརྗོད་བྱུང་། ཁོང་གིས་མུ་མཐུད། ཉམས་ཞིབ་སྤུས་དག་པོ་ཞིག་ཡོང་དགོས་ན། ས་གནས་འདྲ་མིན་དང་དཔེ་མཛོད་ཁང་སོགས་སུ་རྒྱུ་ཆ་འཚོལ་བསྡུ་བསྐྱོད་དགོས་སྟབས། ཤེས་རིག་གི་ངོས་ནས་ཉམས་ཞིབ་པ་ཚོའི་མཐུན་རྐྱེན་ཐོག་ཡར་རྒྱས་གཏོང་གལ་ཆེ་སྐོར་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. རི་བོང། says:
    ལོ་ 13 སྔོན།

    ཉམས་ཞིབ་པ་ཚོར་བཀྲ་ཤིས་བདེ་ལེགས་ཡོད། ཉམས་ཞིབ་པའི་མཐུན་རྐྱེན་གལ་ཆེན་ཡིན་པ་སྨོས་མེད་རེད། དེ་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་དགོངས་པ་བཞེས་དགོས་པ་ཞིག་དང་། ཉམས་ཞིབ་པ་རང་ངོས་ནས་ཀྱང་རང་གི་དཀའ་ངལ་འབྲེལ་ཡོད་ལ་ཞུ་རྒྱུ་གལ་ཆེན་ལོས་ཡིན་མོད། ཉམས་ཞིབ་པའི་འགན་འཁྲི་འདི་ལྗིད་ཁོག་ཚ་བོ་ཡིན་པ་དང་རང་ཉིད་ཀྱིས་ཉམས་ཞིབ་པ་ཞིག་གི་ལས་འགན་ཏག་ཏག་སྒྲུབ་ཐུབ་ཀི་ཡོད་མེད་སོགས་ལའང་དགོངས་པ་བཞེས་རྒྱུ་དེ་ལས་ཀྱང་གལ་ཆེན་རེད་སྙམ། ལྷག་སྒྲོན་ལགས་ཀྱིས་གསུངས་དེ་དག་ཀྱང་དེ་ལས་གྲ་རྒྱས་ཙམ་དང་ཁ་གསལ་ཙམ་གསུངས་ཐུབ་ན་ངན་པ་ལང་ཤོར་ཁ་ཤས་སྤྱི་ཚོགས་སྟེང་གསལ་བོ་ཆགས་རྒྱུ་ལ་ཕན་སྲིད་གི་རེད།

    Reply
  2. ལྷག་སྒྲོན། says:
    ལོ་ 13 སྔོན།

    བཙན་བྱོལ་བོད་གཞུང་གི་ལས་གཞི་ཁག་ལས་གྲུབ་འབྲས་ཐོན་ཡ་མེད་ཤོས་དང་། ཤེས་རིག་ལས་ཁུངས་འོག་གི་མི་སྒེར་གཅིག་གཉིས་ཤིག་གིས་དབང་བསྒྱུར་དང་ཁུ་སིམ་སིམ་ཁེ་བཟང་ཟ་ས་ཞིག་ཆགས་བསྡད་ཡོད། ད་རེས་ཉམས་ཞིབ་པ་ཟེར་བ་འདི་སྔོན་མ་<རིགས་གཅིག་རྐང་འཛིན>ཟེར་བའི་ལས་གཞི་ཞིག་ཡོད་པ་དེ་རེད། ད་སྔ་ལོ་བཅུ་གྲངས་ཤིག་གི་བར་སྒྲིག་ཞུགས་པ་དང་སྒྲིག་ཞུགས་མ་ཡིན་པ་ལོ་ལྟར་བཅུ་གྲངས་རེ་ས་མིག་སྤྲོད་ཀྱི་ཡོད་པ་རེད། ཡིན་ནའང་ད་བར་འདི་ཡིན་ཟེར་བའི་སྟོན་རྒྱུ་གཅིག་ཀྱང་བྱུང་མེད་པས་འདི་ལ་བསྐྱར་ཞིབ་ཅིག་ངེས་པར་དུ་བྱེད་དགོས་ཀྱི་འདུག གང་ཡིན་ཟེར་ན་ལས་གཞི་འདི་སྔོན་མ་མགོ་འཛུགས་སྐབས་འགྲོ་སོང་མ་དངུལ་༧སྐུ་མདུན་ཡིད་བཞིན་ནོར་བུའི་སྐུ་སྒེར་ཡིག་ཚང་ནས་གཏོང་གི་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese