དེ་རིང་སྔ་དྲོ་མོན་གྷོ་གཞིས་གྲོང་བརྒྱད་པའི་བོད་མི་སྐྱེས་པ་ ༡༣ གྱིས། མཱ་ཧཱ་ར་ཤི་ཊ་མངའ་སྡེའི་ས་གནས་ཁག་ ༢༡ ནང་སྦག་སྦག་སྐོར་ལས་འགུལ་སྤེལ་མགོ་བཙུཊ་འདུག
སྔ་ལོའི་ཕྱི་ཟླ་ ༤ པའི་ནང་ལྷོ་ཕྱོཊ་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་བརྒྱད་པའི་བོད་མི་ ༡༦ གིས་དང་བླངས་ཐོག བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད། ལྷོ་ཕྱོཊ་མངའ་སྡེ་ཀ་ན་ཊ་ཀར་སྦག་སྦག་སྐོར་སྐྱོད་ལས་འགུལ་ཞིག་སྤེལ་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ པ་ཙམ་ལ་མོན་གྷོ་གཞིས་གྲོང་བརྒྱད་པའི་རང་ལོ་ ༢༧ ནས་ ༥༢ བར་གྱི་སྐྱེས་པ་ ༡༣ གྱིས། སླར་ཡང་མཱ་ཧཱ་ར་ཤི་ཊ་མངའ་སྡེའི་ནང་དང་བླང་སྦག་སྦག་སྐོར་སྐྱོད་ལས་འགུལ་ཐེངས་གཉིས་པ་སྤེལ་མགོ་བཙུཊ་ཡོད་ཅིང་། ད་ལྟ་ཁོང་རྣམ་པ་མོན་གྷོ་གཞིས་ཆཊ་དང་བར་ཐག་ལེ་དབར་ ༡༢༠ ཙམ་གྱི་སར་ཡོད་པའི་བྷེལ་ཀེམ་ས་གནས་སུ་འབྱོར་ཡོད་འདུག་ལ། དེ་དགོང་མུམ་བྷེ་དང་ས་འབྲེལ་ཡིན་པའི་ཀོ་ལ་བྷིར་དུ་ཕྱག་སྡོད་གནང་རྒྱུ་ཡིན་འདུག
དེ་རིང་སྔ་དྲོ་གསར་འགོད་པས་ཁ་པར་བརྒྱུད་ཐེངས་འདིའི་ལས་འགུལ་ནང་ཞུཊ་མཁན་སྐུ་ཞབས་འགུ་གྲགས་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། ད་ཐེངས་ཀྱི་ལས་འགུལ་དེ་ནི་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་བརྒྱད་པའི་སྦག་སྦག་སྐོར་སྐྱོད་ལས་འགུལ་ཐེངས་གཉིས་པ་དེ་ཡིན་ཞིང་། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ད་བར་བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་ ༡༡༤ ཙམ་བྱུང་ཡོད་པ་དག་ལ་གདུང་སེམས་མཉམ་སྐྱེད་མཚོན་མཆེད་དང་། བོད་ཀྱི་འཐབ་རྩོད་ཆེད་ལས་འགུལ་སྤེལ་རྒྱུ་ནི། བོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་ལས་འགན་ཙམ་མིན་པར་བོད་མི་མི་རེ་ངོ་རེས་འགན་འཁུར་དགོས་པའི་དྲན་སྐུལ་བྱ་རྒྱུ། རྒྱ་གར་མངའ་སྡེ་མཱ་ཧཱ་ར་ཤི་ཊ་རྒྱ་གར་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་གང་ཐད་ནས་གལ་གནད་ཆེ་བའི་མངའ་སྡེ་ཞིག་ཆཊ་ཡོད་སྟབས། སྦག་སྦག་སྐོར་སྐྱོད་དང་འབྲེལ་བོད་ནང་རང་ལུས་མེར་བསྲེཊ་གཏོང་བཞིན་པ་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་བྱ་རྒྱུ་བཅས་ཡིན་འདུག
ལས་འགུལ་བ་འགུ་གྲགས་ཀྱིས་བརྗོད་དོན། “ད་ལོའི་ལས་འགུལ་ནང་ཞུགས་མཁན་ཁྱོན་མི་ ༡༣ ཡོད་པའི་ཁྲོད་སྦག་སྦག་ཞོན་མཁན་མི་ ༦ དང་གཞན་པ་ཚང་མ་མོ་ཊ་གཅིག་གི་ནང་བསྡད་དེ་འགྲོ་བཞིན་ཡོད། ན་ནིང་ཀ་ན་ཊ་ཀ་མངའ་སྡེ་ནང་ལམ་ཐག་ལེ་དབར་ ༢༢༠༠ ཙམ་བསྐྱོད་དེ། གྲོང་ཁྱེར་དང་ས་གནས་ཁག་ ༧༠ ནང་དབྱིན་ཧིན་གཉིས་ཐོག་བོད་དོན་ཡིག་ཆ་འགྲེམས་སྤེལ་བྱས་པ་ཡིན། ད་ལོར་མཱ་ཧཱ་ར་ཤི་ཊ་མངའ་སྡེ་ནང་ལེ་དབར་ ༣༥༠༠ ཙམ་བསྐྱོད་དེ་ས་གནས་ཁག་ ༢༡ ནང་བོད་དོན་ཡིག་ཆ་འགྲེམས་སྤེལ་བྱ་རྩིས་ཡོད ”ཅེས་བརྗོད་སོང་།
གསར་འགོད་པ། དཔལ་ལྡན།