མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཡན་ལག་རྒྱ་ཡིག་སྡེ་ཚན།

བོད་ཀྱི་དུས་བབ།
༢༠༡༣/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གིས་རྒྱ་ཡིག་རྒྱ་སྐད་མཁྱེན་མཁན་ཚོས་རྒྱ་ཡིག་དཔེ་དེབ་ལྟ་གཡར་བྱེད་པ་དང་། རྒྱ་ཡིག་ཐོག་ནས་བོད་རིག་པར་ཞིབ་འཇུག་ཆེད། དཔེ་མཛོད་ཁང་གི་འཁྲིས་སུ་རྒྱ་ཡིག་དཔེ་མཛོད་ཡན་ལག་ཅིག་དང་། སྤྱིར་བཏང་དཔེ་ཁང་བཅས་གསར་འཛུགས་གནང་འདུག

གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གིས་བོད་མི་རྒྱ་ཡིག་ཤེས་མཁན་ཚོར་དཔེ་དེབ་ལྟ་གཡར་དང་། རྒྱའི་སྐད་ཡིག་ནང་བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས་དང་ཆབ་སྲིད་བཅས་ལ་ཞིབ་འཇུག་བྱེད་མཁན་བཅས་ལ་དམིགས་ཏེ། གངས་སྐྱིད་དཔེ་མཛོད་ཁང་གི་འཁྲིས་སུ་རྒྱ་ཡིག་དཔེ་མཛོད་སྡེ་ཚན་ཞིག་གསར་དུ་ཕྱེ་ཡོད་པ་དང་། རྒྱ་ཡིག་དཔེ་མཛོད་ཀྱི་ གཤམ་འོག་ཏུ་‘སྤྱི་བཏང་དཔེ་མཛོད’ཅེས་པའི་དཔེ་དེབ་ལྟ་གཡར་བྱེད་ས་སྟབས་བདེ་ཞིག་ཀྱང་གསར་འཛུགས་གནང་འདུག  

གསར་འགོད་པས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སུ། རྒྱ་ཡིག་དཔེ་མཛོད་གསར་པ་དེའི་སྐོར་ལ་བཅར་འདྲི་ཞུས་དོན་ལྟར་ན། ཁོང་ཐོག་མར་གངས་སྐྱིད་དཔེ་མཛོད་ཁང་དུ་ཡོང་སྐབས། དཔེ་མཛོད་ཁང་ནང་རྒྱ་ཡིག་གི་དཔེ་དེབ་མང་པོ་ཞིག་ཉར་ཚཊ་བྱས་ཡོད་པ་ལས་ལྟ་ཀློག་བྱེད་མཁན་ཧ་ལམ་གཅིག་ཀྱང་བྱུང་མེད་ཀྱང་། བོད་ནས་གསར་དུ་འབྱོར་བ་ཚོའི་ནང་རྒྱ་ཡིག་ཤེས་མཁན་མང་པོ་ཡོད་པ་དང་། ༧གོང་ས་མཆོག་གིས་ཀྱང་རྒྱ་རིགས་མང་ཚོགས་ལ་འབྲེལ་བ་འཛུགས་རྒྱུའི་མཚོན་པའི་རྒྱ་ཡིག་རྒྱ་སྐད་ཐོག་ཐུགས་སྣང་ཆེན་པོ་གནང་གི་ཡོད་པ་བཅས་ལ་དམིགས་ཏེ། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གིས་རྒྱ་ཡིག་དཔེ་མཛོད་ཁང་ལོགས་སུ་ཕྱེ་པ་ཞིག་ཡིན་འདུག

རྒྱ་ཡིག་སྡེ་ཚན་གྱི་དོ་དམ་པས་ངོ་སྤྲོད་གནང་བ་ལྟར་ན། ད་ལྟ་རྒྱ་ཡིག་སྡེ་ཚན་དེར་དཔེ་དེབ་ ༥༠༠༠ ལྷག་ཡོད་པ་དང་། དེ་དག་གཙོ་བོ་རྒྱ་ཡིག་གི་བཀའ་འགྱུར་བསྟན་འགྱུར་དང་། བོད་བརྒྱུད་ནང་བསྟན་རྒྱ་ཡིག་ཏུ་འགྱུར་ཡོད་པ་ཁག ནང་ཆོས་དང་འབྲེལ་བའི་དཔྱད་རྩོམ། དེ་བཞིན། ༸གོང་ས་མཆོག་གིས་བཀའ་རྩོམ་གནང་བའི་ཆོས་དང་ཆབ་སྲིད་སྐོར། བཀའ་ཟུར་མདའ་དཔོན་སྟག་ལྷ་ཕུན་ཚོཊ་བཀྲ་ཤིས་ལཊ་ཀྱིས་བོད་ཀྱི་དཔེ་མཛོད་ཁང་ལ་ཞལ་འདེབས་སུ་བསྩལ་བའི་བོད་རྒྱའི་གནའ་རབས་ལོ་རྒྱུས་སྐོར། མི་ཉག་ལོ་རྒྱུས་དང་བོད་ཀྱི་རྩོམ་རིག གསོ་བ་རིག་པ། བོད་ཆོལ་ཁ་གསུམ་གྱི་ས་གནས་ཁག་གི་ལོ་རྒྱུས། རྒྱ་ནག་གི་དམངས་སྲོིལ་དང་དེང་རབས་རྩོམ་རིག རྒྱ་ནག་དཔོན་རིགས་ཚོའི་རུལ་སུངས་ཀྱི་གནད་དོན་ཚུད་པའི་རྒྱ་ནག་གི་ཆབ་སྲིད་གནས་བབ། ཕྱི་རྒྱལ་མཁས་པས་བྲིས་པའི་བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་ཆབ་སྲིད་རྩོམ་ཡིག་སོཊ་ཡིན་འདུག

ཁོང་གིས་བརྗོད་དོན། “ རྒྱ་ཡིག་སྡེ་ཚན་འདིའི་ནང་དུ། བོད་ཀྱི་དཔེ་མཛོད་ཁང་གིས་སྔོན་མ་ནས་བདག་ཉར་བྱས་ཡོད་པའི་རྒྱ་ཡིག་གི་དཔེ་དེབ་མང་པོ་ཞིག་འདུག དེའི་སྟེང་ལ་བོད་གཞུང་གི་ལས་བྱེད་རྒན་རབས་པ་ཚོའི་ཕྱག་དེབ་ཞལ་འདེབས་སུ་ཕུལ་བའང་མང་པོ་ཞིག་འདུག དེ་དག་ནང་ཧ་ཅང་རྩ་ཆེན་པོ་འགའ་རེ་འདུག གཞན་པ། ཐའེ་ཝན་དང་ཧོང་ཀོང་། ཨོ་སི་ཊོ་ལི་ཡ། རྒྱ་ནག་བཅས་ནས་ཉོས་པ་རེད། ང་ཚོས་ནང་ཆོས་ཀྱི་དཔེ་དེབ་ཁག་ཐའེ་ཝན་ནས་ཉོ་བཞིན་ཡོད། ཆབ་སྲིད་སྐོར་ཧོང་ཀོང་དང་ཨོ་རི་ཊོ་ལི་ཡ་ནས་རག་པ་རེད། ད་ལྟའི་ཆར་དཔེ་མཛོད་འདིའི་ནང་ནང་ཆོས་སྐོར་གྱི་དཔེ་དེབ་མང་ཤོས་རེད། དེ་ནས་ཆབ་སྲིད་སྐོར་ཏོག་ཙམ་ཡག་པོ་ཡོད། ལོ་རྒྱུས་དང་རྩོམ་ཡིག འཕྲོད་བསྟེན། དམངས་སྲོལ་སོགས་ཀྱི་དེབ་མང་པོ་ཞིག་བསྡུ་རྒྱུའི་འཆར་གཞི་འགྲོ་བཞིན་པ་ཡིན། རྒྱ་ཡིག་སྡེ་ཚན་འདི་མ་འོངས་པར། རྒྱ་ཡིག་གི་ཐོག་ནས་བོད་རིག་པ་ཞིབ་འཇུག་བྱེད་སའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུའི་རེ་བ་རྒྱག་གི་ཡོད”ཅེས་བརྗོད་བྱུང་།

གངས་སྐྱིད་བོད་ཀྱི་དཔེ་མཛོད་ཀང་གི་ཡན་ལག་ ‘སྤྱི་བཏང་དཔེ་ཁང’ཟེར་བ་དེའི་སྐོར་ལ་རྒྱུས་ལོན་བྱས་པ་ལྟར་ན། ཡན་ལག་དཔེ་མཛོད་ཁང་དེ་ནི་གངས་སྐྱིད་ཁུལ་གྱི་གཞུང་ཞབས་ཚོ་དང་། ངྷ་སའི་གཞུང་འབྲེལ་མིན་པའི་ཚོཊ་པ་དང་ལས་ཁུངས་ཁག་གི་ལས་བྱེད་ཚོར་དམིཊ་ཏེ། ཉིན་རེའི་སྔ་དགོང་གཉིས་དང་གཞུང་འབྲེལ་གུང་གསེང་དང་གཟའ་སྤེན་པ་བཅས་ལ་སྒོ་འབྱེད་ཀྱི་ཡོད་ཅིང་། དབྱར་ཁའི་དུས་ཚིགས་ཏེ་ཕྱི་ཟླ་ ༣ པ་ནས་ ༡༠ བར་སྔ་དྲོའི་ཆུ་ཚོད་ ༡༡ ནས་དགོང་དྲོའི་ཆུ་ཚོད་ ༧ པའི་སྒོ་འབྱེད་རྒྱུ་དང་། དགུན་ཁའི་དུས་ཚིགས་ཏེ་ཕྱི་ཟླ་ ༡༡ ནས་ ༢ བར་ཞོགས་པའི་ཆུ་ཚོད་ ༡༠ བ་ནས་དགོང་དྲོའི་ཆུ་ཚོད་ ༦ བར་སྒོ་འབྱེད་རྒྱུ། དཔེ་མཛོད་ཁང་དེ་ནས་དཔེ་དེབ་གཡར་དགོས་བྱུང་ན། དེབ་དེའི་མ་གནས་སྒོར་མོ་གང་འཚམ་ཞིག་དཔེ་མཛོད་དོ་དམ་པར་གཏའ་མར་འཇོག་དགོས་པར་མ་ཟད། དེབ་ཀྱི་གཡར་གླ་ཉིན་རེར་ཧིན་སྒོར་གཅིག་རེ་ལེན་གྱི་ཡོད་འདུག

གསར་འགོད་པས་སྤྱི་བཏང་དཔེ་ཁང་གི་དོ་དམ་པ་ཟླ་སྒྲོན་ལགས་སུ། དཔེ་དེབ་ལྟ་གཡར་བྱེད་མཁན་སྐོར་ལ་སྐད་ཆ་དྲིས་པར། སྤྱི་བཏང་དཔེ་མཛོད་ཟེར་བ་དེའི་ནང་དཔེ་དེབ་གང་ལ་གང་འཚམ་སྣ་འཛོམ་པོ་ཡོད་ཀྱང་། སློབ་གྲྭའི་གུང་གསེང་སྐབས་སློབ་མ་རེ་ཟུང་ཡོང་གི་ཡོད་པ་ལས་བོད་མི་དཔེ་དེབ་ཀློག་མཁན་ཉུང་ཉུང་ཡིན་པ་དང་། ལྷག་པར་དུ་གངས་སྐྱིད་ཁུལ་གྱི་ལས་བྱེད་ཚོའི་ནང་དཔེ་དེབ་ཀློག་གི་ཡོང་མཁན་དང་དཔེ་དེབ་གཡར་མཁན་ཧ་ཅང་དཀོན་པོ་ཡིན་འདུག ནམ་རྒྱུན་དཔེ་མཛོད་དེར་དེབ་ཀློག་མཁན་མང་ཆེ་བ་ཕྱི་རྒྱལ་བ་ཆགས་ཡོད་འདུག

ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བརྗོད་ན། ད་ཆར་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག ཧིན་རྡུ། སྤྱིར་བཏང་ཡན་ལག་དཔེ་མཛོད་བཅས་གསར་འཛུཊ་གནང་ཡོད་ཅིང་། དཔེ་མཛོད་བོད་ཡིག་སྡེ་ཚན་ཁོ་ནར་དཔེ་སྣ་འབུམ་ ༡ ཙམ་བསྡུ་རུབ་དང་ཉར་ཚཊ་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 2

  1. མེ་རིའི་ངར་མ། says:
    ལོ་ 13 སྔོན།

    དེ་ནི་གཏམ་བཟང་རེད།

    Reply
  2. Dawai Shonu says:
    ལོ་ 13 སྔོན།

    བོད་པ་དང་དེབ་གཉིས་བདུན་ཟུར་ཡིན། གཞུང་གི་ལས་བྱེད་ཚོར་་ཡིན་ཅིག་མིན་ཅིག་རྒྱལ་བ་རིན་པོ་ཆེའི་སྐུ་དཔར་ཡོད་པའི་དེབ་ཅིག་དགོས་པ་རེད། ཡང་ན་དེབ་རིན་མེད་གཅིག་དགོས་པ་རེད། དེ་མིན་དེབ་ཉོ་བ་དང་ཀློག་པ་སོགས་ཧ་ལམ་་་་་་

    དཔེ་མཛོད་ཀྱིས་དེབ་ཀློག་ཁང་ཞིག་བཟོས་འདུག ཡག་པོ་རེད། ཡིནའང་ས་ཆ་ཁུག་སྐྱོག ཁང་པ་ནག་ཁུང་ཧ་ཅང་གྲང་ངར་ཅན་ནང་དེབ་ཀློག་ཡས་འཁོར་ཡུག་ཅི་ནས་ཀྱང་མིན་འདུག དཔེ་མཛོད་ནང་ལོག་ལ་དེབ་ཀློག་ས་གཉིས་འདུག དེབ་ཀློག་མཁན་ནི་མིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese