མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚ་བ་མདའ་སྨྱུག་མཐོང་ཨེ་བྱུང་།

བོད་ཀྱི་དུས་བབ།
༢༠༡༣/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ན་གཞོན་རྩོམ་པ་པོ་ཚ་བ་མདའ་སྨྱུག་ལགས་བོར་བརླག་ཏུ་ཕྱིན་ཏེ་ད་བར་ལོ ༥ འགོར་ཡོད་ཀྱང་། ཁོང་གི་ཤི་གསོན་གནས་སྟངས་མི་སུས་ཀྱང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།

རྩོམ་པ་པོ་ཚ་བ་མདའ་སྨྱུག་ལགས་དང་དུས་རྒྱུན་འབྲེལ་འདྲིས་ཟབ་མོ་ཡོད་མཁན་སུད་སིར་གནས་བཞིགས་ཀརྨ་རབ་གསལ་ལགས་ཀྱིས་གནས་ཚུལ་ཁོ་སྤྲོད་གནང་པ་ལྟར་ན། གཞིས་བཞུགས་རྩོམ་པ་པོ་ཚ་བ་མདའ་སྨྱུག་གམ་དངོས་མིང་ལ་གྲྭ་བློ་གྲོས་དཔལ་ལྡན་ཞུ་བ་ཁོང་ནི། ཡོངས་གྲཊ་ཐོག་བོད་ནང་གི་རྩོམ་པ་པོ་ཞོཊ་དུང་ལཊ་ཀྱི་ལྟ་བ་དང་ལངས་ཕྱོཊ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་དང་། བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐད་རྙིང་ཞེན་དང་གུ་དོག་གི་བསམ་བློ་འཛིན་མཁན་ཚོར་ཁ་གཏད་དུ་ལངས་མཁན་ཞིག་ཡིན་པར་མ་ཟད། རྒྱ་གཞུང་གི་དྲང་བདེན་མིན་པའི་དབང་སྒྱུར་སྲིད་བྱུས་ལ་ཐད་ཀར་སྐྱོན་བརྗོད་བྱེད་མཁན་གྱི་ན་གཞོན་རྩོམ་པ་པོ་ཞིག་ཀྱང་ཡིན་འདུག ཚ་བ་མདའ་སྨྱུག་ལགས་ཀྱི་མངོན་སུམ་འཛེམ་མེད་ཀྱི་གཤིས་ཀ་དེས། ཧ་ཅང་རྙིང་ཞེན་ཆེ་བའི་བོད་ཀྱི་སེར་མོ་བ་རྒན་རབས་པ་ཁག་ཅིག་ལ་ཕོག་ཐུག་ཕྱིན་ཡོད་པ་མ་ཟད། གཞན། ཁོང་གི་ལ་ཞེན་དང་བདེན་དོན་སྐྱོང་བའི་རང་གཤིས་དེས་རྒྱ་གཞུང་གི་དཔོན་རིགས་ཚོའང་ཕོག་ཐུག་བཟོས་ཡོད་འདུག

ཀརྨ་རབ་གསལ་ལགས་ཀྱི་གནས་ཚུལ་ནང་བཀོད་པར། ཚ་བ་མདའ་སྨྱུག་ལགས་ནི་རང་གི་ཕ་ཡུལ་དུ་གཏན་སྡོད་བྱེད་མཁན་ཞིག་མིན་པར་ནམ་རྒྱུན་ཡར་མར་སློབ་གཉེར་དུ་སྐྱོད་ཀྱི་ཡོད་ཅིང་། མཚམས་རེར་ཁོང་གིས་ནང་མིར་འབྲེལ་བ་བྱེད་ཀྱི་ཡོད་ནའང་ནང་མི་ཚོས་ཁོང་གང་དུ་སྡོད་པ་དང་ཕྱག་ལས་ག་རེ་གནང་གི་ཡོད་མེད་ལྐོག་གྱུར་ཡིན་འདུག ཚ་བ་མདའ་སྨྱུག་ལགས་ཀྱིས་མཚམས་རེར་གྲོགས་པོ་རེ་ཟུང་དང་ཕྱི་རྒྱལ་དུ་ཡོད་པའི་ངོ་ཤེས་ཚོར་ཁ་པར་དང་དྲ་ཐོག་སོགས་སུ་འབྲེལ་བ་བྱེད་ཀྱི་ཡོད་འདུག ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༢༧ ཡས་མས་ནས་ཚ་བ་མདའ་སྨྱུག་ལགས་ཁོང་གི་གྲོཊ་པོ་ཚོའི་མཐོང་ལམ་ནས་གློ་བུར་དུ་བོར་བརླག་ཏུ་ཕྱིན་ཡོད་པ་དང་། ཁ་པར་དང་དྲ་ཐོག་སོགས་ནས་ཀྱང་འབྲེལ་ལམ་ཆད་ཡོད་འདུག ཁོང་བོར་བརླག་ཏུ་ཕྱིན་ཏེ་ལོ་ ༥ ཙམ་འགྲོ་བཞིན་ཡོད་སྟབས་ནང་མི་དང་དགའ་ཉེ་གྲོཊ་པོ་ཚོས་ཁོའི་འཆི་གསོན་གནས་སྟངས་ཐོག་སེམས་འཚབ་ཆེན་པོ་གནང་གི་ཡོད་འདུག

ཚ་བ་མདའ་སྨྱུག་ལགས་ནི། ༡༩༧༤ ལོར་ཚ་བ་དཔའ་ཤོད་ཁུལ་གྱི་དབེན་མདའ་ཞེས་པའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ། ཕ་ཟ་སུ་དགེ་ལེཊ་དང་མ་དཔེ་རུ་མ་ཡེ་ཤེས་དབང་མོ་ལཊ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ༡༩༨༧ ལོར་བོད་ལྗོང་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན་པའི་མཁན་པོ་ཀརྨ་རྡོ་རྗེ་ལཊ་ཀྱི་དྲུང་དུ་བོད་ཀྱི་བརྡ་སྤྲོད་སྐོར་གསན་ཉན་གནང་ཡོད་ཅིང་། ༡༩༩༠ ལོར་ཕ་ཡུལ་དུ་ཡེ་ཆེན་དགོན་དུ་གཞུང་ཆེན་སློབ་གཉེར། ༡༩༩༢ ལོར་ཟུར་མང་ནས་ཕེབས་པའི་བླ་མ་ཀརྨ་སེང་གེ་ལཊ་ཀྱི་མདུན་ནས་སྡོམ་གསུམ་གསན་ཞིང་། ༡༩༩༦ ལོར་འཛོ་རྫི་དགོན་དུ་གཞུང་ཆེན་སློབ་གཉེར། དེ་བཞིན་ ༡༩༩༨ ལོར་སྡེ་དགེ་རྫོང་གསར་དུ་སློབ་གཉེར་བཅས་གནང་ཡོད་འདུག

ཚ་བ་མདའ་སྨྱུག་ལགས་ནི་བོད་ཀྱི་ནང་པའི་ཆོས་བརྒྱུད་ཆེན་པོ་བཞི་ལས་བཀའ་བརྒྱུད་ཀརྨ་ཀམ་ཚང་དུ་གཏོགས་ཤིང་། ཁོང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ཁམས་ཀྱི་སྡེ་དགེ་སོཊ་དང་། མདོ་སྨད་རེབ་གོང་རོང་བོ་དགོན་ཆེན། རྔ་པ་ཀིརྟི་དགོན་པ། མཛོད་དགེ་བཅས་སུ་བྱ་བྲལ་གྱི་རྣམ་པའི་ཐོག་ཕེབས་ཏེ། བོད་ཀྱི་ཆོས་ལུགས་དང་ཆོས་བརྒྱུད་རིས་མེད་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་དང་དོཊ་དཔྱོད་ཡང་ཡང་གནང་ཡོད་འདུག་ལ། ཁོང་གི་གུ་ཡངས་ཀྱི་གཞུང་ཆེན་སློབ་གཉེར་གནང་སྟངས་དེས། སྐབས་རེར་ཁོང་ལ་ལྟ་ལོག་ཅེས་པའི་མིང་ཐོ་འདོགས་མཁན་ཡང་བྱུང་ཡོད་འདུག

རྩོམ་པ་པོ་ཚ་བ་མདའ་སྨྱུག་ལགས་ཀྱིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་མ་ཚོགས་གོང་ཙམ་ལ། ཁོང་གི་ཚ་བ་སྒང་བའི་འབྲོག་ཁྱིམ་ཟིན་བྲིས་སྟེང་། “རྩོམ་ཡིག་མགོ་བརྗོད་ལ་རྒྱ་གར་ཡུལ་དུ་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་དུས། རྒྱ་ནག་ཡུལ་ལ་དགའ་སྟོན་བྱེད་པའི་དུས། ཚ་བ་མདའ་སྨྱུག་བཤམ་སྟོན་བྱེད་པའི་དུས” ཞེས་སོགས་བྲིས་ཡོད་པ་དེ་ནི་ཁོང་གི་དྲ་ཐོག་ཏུ་བྲིས་པའི་རྩོམ་ཡིག་མཐའ་མ་དེ་ཆགས་ཡོད་འདུག ཚ་བ་མདའ་སྨྱུག་ལགས་ནི་བདག་དཔེ་ཚོཊ་ཀྱིས་དཔར་སྐྲུན་བྱས་པའི་༼ ཕྱིར་རྟོག ༽ཅེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་དང་། བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་དང་ཀློག་པ་པོ་ཚོས་ཧ་ཅང་དགའ་མོས་བྱེད་ཡུལ་གྱི་དྲ་ཐོག་རྩོམ་པ་པོ་སྐད་གྲགས་ཅན་ཞིག་ཡིན།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 6

  1. བློ་བཟང་ཕུན་ཚོགས། says:
    ལོ་ 13 སྔོན།

    ཁོང་འདི་ལྟར་བོར་སོང་བ་རེད།བོར་ནས་མི་ལོ་ལྔ་འགོར་འདུག ད་ཁོང་གང་ན་ཡོད་ན།ང་ཚོ་གངས་ལྗོངས་གསར་བ་འཛུག་བསྐྲུན་བྱས་པ་ལ་ཤེས་ཡོན་གྱི་ཕྱུག་པའི་མི་བུ་འདི་དག་ང་ཚོ་ལ་མཁོ།

    Reply
  2. སྦྲ་ནག says:
    ལོ་ 13 སྔོན།

    ཁ་སང་དུས་ཚོད་ཀྱིས་རྐྱེན་པས་གསར་འགྱུར་འགོད་ནོར་འདུག་པ་ཁག་གསལ་སྟོན་བྱེད་ཁོམས་མ་བྱུང་བས་དེ་རིང་དོན་གནད་གཉིས་ལ་གསལ་ཁ་བཟོ་གི་ཡིན། ༡༽(༡༩༩༠ ལོར་ཕ་ཡུལ་དུ་ཡེ་ཆེན་དགོན་དུ་གཞུང་ཆེན་སློབ་གཉེར།)སྐབས་དེར་ཡེ་ཆེན་དགོན་དུ་ཆོ་ག་ཕྱག་ལེན་ཙམ་ལས་གཞུང་ཆེན་སློབ་གཉེར་བྱ་སའི་བཤད་གྲ་ལྟ་བུ་མེད། ༢༽(རྩོམ་པ་པོ་ཚ་བ་མདའ་སྨྱུག་ལགས་ཀྱིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་མ་ཚོགས་གོང་ཙམ་ལ། ཁོང་གི་ཚ་བ་སྒང་བའི་འབྲོག་ཁྱིམ་ཟིན་བྲིས་སྟེང་། “རྩོམ་ཡིག་མགོ་བརྗོད་ལ་རྒྱ་གར་ཡུལ་དུ་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་དུས། རྒྱ་ནག་ཡུལ་ལ་དགའ་སྟོན་བྱེད་པའི་དུས། ཚ་བ་མདའ་སྨྱུག་བཤམ་སྟོན་བྱེད་པའི་དུས” ཞེས་སོགས་བྲིས་ཡོད་པ་དེ་ནི་ཁོང་གི་དྲ་ཐོག་ཏུ་བྲིས་པའི་རྩོམ་ཡིག་མཐའ་མ་དེ་ཆགས་ཡོད་འདུག) འདི་ནི་ཐ་མ་མ་ཡིན་པར་ཐོག་མ་ཡིན་ལ་རྒྱ་གར་ཡུལ་ལ་རྔམ་སྟོན་ཟེར་བའི་མཚམས་སུ་ཁྲོམ་སྐོར་ཟེར་བ་མེད། གསལ་བཤད་ཙམ་ཡིན།

    Reply
  3. ལྷུན་གྲུབ། says:
    ལོ་ 13 སྔོན།

    ངས་བདུན་ཕྲག་ཁ་ཤས་སྔོན་ལ་གནས་ཚུལ་འདི་དུས་བབ་ཚགས་པར་སྟེང་ནས་མཐོང་མ་ཐག་ཧང་སང་སོང་། གང་ཡིན་ཟེར་ན། མི་སྣ་འདི་འདྲའི་རྩ་ཆེན་པོ་ཞིག་བོར་བརླག་ཏུ་སོང་སྟེ་དུས་ཚོད་རྒྱུན་རིང་པོ་འཕྱིན་ཚར་ནའང་དེ་ལ་ཐུགས་འཁུར་བྱེད་མཁན་དང་གླེང་སློང་བྱེད་མཁན་མ་བྱུང་བ་དེ་ག་རེ་ཡིན་ན་བསམ་སོང་།

    Reply
  4. གནས་ཚང་། says:
    ལོ་ 13 སྔོན།

    དང་ཐོག་ཚ་བ་མདའ་སྨྱུག་བོར་བརླག་ཏུ་སོང་མ་ཐག་མཛངས་མ་འཇམ་དབྱངས་སྐྱིད་ལགས་ཀྱིས་ཕྱི་བསྒྲགས་གནང་སོང་། ཡིན་ནསི།བྲོས་བྱོལ་བ་ཚོས་ཁོང་ལ་ཆོས་དད་ཡོད་མེད་ཅིག་གླེང་བ་ལས་ཁོང་གི་བདེ་སྡུག་དང་ཤི་གསོན་སྐོར་གླེང་མ་སོང་བས། དེ་ལྟར་ལྷག་སོང་བ་ཞིག་རེད། གང་ལྟར་ཚ་བ་མདས་སྨྱུག་ཁོང་བོད་མི་རྣལ་མ་ཞིག་དང་རང་དབང་ལ་མོས་མཁན་ཞིག་ཡིན་པས། ཁོང་གི་ཤི་གསོན་བརྩད་གཅོད་ཐུབ་མིན་ནི་བྲོས་བྱོལ་སྤྱི་ཚོགས་འདི་བཞིན་དོན་དངོས་སུ་བོད་ལ་ཤ་ཞེན་ཡོད་མེད་དེ་མཚོན་གྱི་ཡོད་ན། དེ་ལྟར་བསྡོམས་ཚིག་ལ་སྒུག་ཆོག་གི་རེད།

    Reply
  5. སྦྲ་ནག says:
    ལོ་ 13 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས། ཐོག་མར་ཁྱེད་ཀྱིས་མདའ་སྨྱུག་གི་སྐོར་བཀོད་པར་བཀྲིན་ཆེ་ཞུ་རྒྱུ་དང་ལྷན་དུ་གུས་པས་བསྐུར་བའི་ཡི་གེའི་ནང་དོན་དང་ཅུང་ཟད་མི་འདྲ་བ་འགའ་བཀོད་འདུག་པས་གསལ་བཤད་ཀྱི་ཚུལ་དུ་འདིར་མ་དཔེ་འགོད་རྒྱུ་ཡིན་པས་རྒྱ་ཆེའི་ཀློག་པ་ཚོར་ཐུགས་བློ་ཅུང་ཟད་ཁེང་པའི་རེ་བ་ཡོད།ཚ་སྒང་བློ་གྲོས་དཔལ་ལྡན་ནམ་ཚ་བ་མདའ་སྨྱུག་གི་ངོ་སྤྲོད་མདོར་བསྡུས། ཕྲན་ནི་རྩོམ་པ་པོ་ཞིག་མིན་ཀྱང་མི་སྣ་འདི་དང་ཐོག་མཐའ་གཉིས་ཀར་་འབྲེལ་
    འདྲེས་ཆེ་ཤོས་ཤིག་ཏུ་ཡིན་བཟོ་འདུག་ལ་ཉེ་ཆར་ཕྱོགས་མཐའ་ཀུན་ནས་ཁོ་ལ་
    བཟང་ངན་ཅི་རིགས་སུ་གཟིགས་བཞིན་པའི་ཤེས་ལྡན་གྱི་མི་སྣ་མང་པོས་ཁོའི་
    ལོ་རྒྱུས་ཤེས་འདོད་ཡོད་པ་གོ་ཐོས་བྱུང་ལ་བློ་དཀར་འགས་ངོ་སྤྲོད་ཅིག་འགོད་ན་
    དགེ་མཚན་ཆེ་ཚུལ་བརྗོད་བྱུང་བས་བརྗོད་བྱ་དང་བརྗོད་བྱེད་གང་གི་ཆ་ནས་སྙན་ཞིང་ཡིད་དུ་འཐད་པ་ཞིག་འདྲི་མི་ཤེས་ཀྱང་མཐོང་ཐོས་དངོས་བྱུང་གང་ཤེས་མདོར་བསྡུས་ཤིག་ཡིག་ཐོག་ཏུ་འགོད་རྒྱུ་ལས་བཟང་ངན་གྱི་དབྱེ་ཞིབ་གང་ཡང་བྱ་རྒྱུ་མིན། དེ་ཡང་ཁོང་ནི་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་མདོ་སྟོད་བར་ཁམས་ཚ་བ་དཔའ་ཤོད་དམ་སྒང་དྲུག་གི་ཡ་གྱལ་ཚ་བ་སྒང། དེར་འབྲོག་སྡེ་སྟོད་སྨད་གཉིས་ལས་སྒང་སྟོད་
    སྐུ་ལྷ་ངང་ཡག་ཅེས་པའི་གནས་རི་དང་ཉེ་བའི་གྲོང་སྡེ་དབེན་མདའ་ཞེས་པར་ཕ་ཟ་སུ་དགེ་ལེགས་དང་མ་དཔེ་རུ་མ་ཡེ་ཤེས་དབང་མོ་གཉིས་ཀྱི་རིགས་སུ་རབ་བྱུང་
    བཅུ་དྲུག་ཤིང་ཕོ་སྟག་གི་ལོར་སྐྱེས། ཕ་འདི་ས་གནས་དེ་གའི་མི་མ་ཡིན་པར་
    སྒང་སྨད་ཚ་བའི་སྨུག་མོ་ཞེས་པའི་གནས་རི་དང་ཐག་ཉེ་སའི་འབྲོག་སྡེ་དབུས་གྲོང་ཟེར་བ་ནས་མག་པ་ཡོང་བ་དང་། བློ་ཁོག་ཆེ་ཞིང་སྤྱོད་པ་རྩིང་ལ་ཕྲུག་གུར་རྡུང་སྡིག་
    མང་པོ་གཏོང་དགོས་མཁན་ཞིག་ཡིན། མ་ནི་གཤིས་ཀ་མཇམ་ཞིང་ཀུན་ལ་བསྟུན་
    མཁས་དང་ཕྲུ་གུར་བྱམས་སྐྱོང་བྱེད་མཁན་ཞིག་ཡིན་པ་མ་ཟད་དཔེ་རུ་མ་ཟེར་བའི་བླ་བརྒྱུད་བཅུ་གསུམ་ཟམ་མ་ཆད་པ་བྱུང་བའི་ལོ་རྒྱུས་ཅན་དང་ཡུལ་མིས་དད་གོས་དང་མཐོང་ཆེན་བྱེད་སའི་ཁྱིམ་ཚང་ཞིག་ནས་ཡིན་ལ་བཤད་སྲོལ་ལ་དཔེ་རུ་མ་ཞེས་པའི་རིགས་རྒྱུད་དམ་རུས་རྒྱུད་འདིའི་མིར་དམིགས་བསལ་གྱི་རིག་སྟོབས་ཡོད་པར་གླེང་། འོན་ཀྱང་དེང་སྐབས་ཆེ་མཐོང་ཡོངས་སུ་ཉམ་ཏེ་ལྟ་ལོག་སོགས་ཀྱི་ཞ་མོ་
    ནག་པོ་གྱོན་ནས་གནས་ཡོད། ཁོ་ལ་སྤུན་བུ་མོ་གཅིག་དང་བུ་དྲུག་ཡོད་པའི་
    ནང་ནས་ཁོ་ཨང་བདུན་པ་དེ་ཡིན་ཞིང་ཆུང་དུས་ནས་ཡི་གེ་ཀློག་འདོན་ལ་གཙོ་བོར་བྲེལ། མི་ལོ་གསུམ་ཙམ་རིང་སྐ་རགས་བཅིང་མྱོང་མེད་ཅེས་ཟེར། དེའི་དོན་
    ནི། མི་ལོ་གསུམ་ལ་ཡི་གེ་ཀློག་ཏེ་ནང་དུ་སྡོད་པ་ལས་སྐ་རགས་བཅིངས་ནས་ཕྱི་རོལ་
    ཏུ་འགྲོ་ཆོག་པའི་གནང་བ་མ་རགས་པ་རེད་ལ་དེ་གའི་རིང་ཕ་རྒན་འགྲམ་ནས་རྟག་ཏུ་རྡུང་སྡིག་ཕོག་བཞིན་ཡོད་པ་གྲོང་རོགས་ཚོར་ཆ་རྒྱུས་ཡོད་པ་ཞིག་རེད། དེའི་རྐྱེན་པས་ཡིག་རྩ་ཧ་ཅང་གི་བཟང་ཞིང་ཀློག་བདེ་ལ་མྱུར། ཐེངས་ཤིག་ཁོང་
    གཅིག་པུས་རྒྱལ་བའི་བཀའ་འགྱུར་ཉིན་བཞིན་པོད་རེ་བྱས་ཏེ་ཀློག་ཡོད་ལ་རྗེས་སུ་ཁོང་ཆོས་ཞུགས་བྱ་སའི་དགོན་དུ་སྤྲུལ་སྐུ་ཞིག་དང་ལྷན་དུ་བཀའ་འགྱུར་ཚར་གཅིག་ཀློག་ཡོད་འདུག གང་ལྟར་ཀློག་བདེ་བ་ནི་ཕུལ་དུ་ཕྱིན་པ་རེད། སྤྱིར་གཏང་
    ཡུལ་འདིའི་གཞོན་སྐྱེས་སྐྱ་སེར་སུ་ཡིན་རུང་ཀློག་པ་ཙམ་ནི་མི་ཤེས་པ་ཕ་ཆེར་མེད། དེ་ནི་སློབ་གྲྭ་སོགས་ཀྱི་མཐུན་རྐྱེན་གང་ཡང་མེད་ཀྱང་ཕ་མ་ཚོར་ཀློག་སློབ་ཏུ་འཇུག་རྒྱུའི་གོམས་གཤིས་ཤིག་སྔར་ནས་ཡོད་འདུག་ལ་མུ་མཐུད་རྒྱུན་འཛིན་བྱེད་བཞིན་ཡོད། ༡༩༨༧ ཡས་མས་ཤིག་ཏུ་ཁོ་དང་ན་མཉམ་གྱི་གཞོན་སྐྱེས་ཁ་ཤས་ལྷན་དུ་
    གནས་ཆུང་སློབ་གྲ་ནས་སློབ་མཐར་ཕྱིན་པའི་ཞིང་གཤེགས་མཁན་པོ་ཀརྨ་རྡོ་རྗེ་ཞུ་བའི་དྲུང་ནས་སུམ་རྟགས་ཀྱི་འཆད་ཁྲིད་ཐེངས་གཅིག་ཞུ་མྱོང་ཡོད། ༡༩༩༠ལྕགས་རྟ་ལོར་
    ཐོག་མར་ཕ་ཡིས་ས་གནས་དེར་ཡོད་པའི་དགོན་པ་ཀོ་དགོན་ནམ་ཐུབ་བསྟན་དཔལ་འབར་བཀྲིས་ཆོས་གླིང་དགོན་ཟེར་བ་དེར་འཇུག་རྒྱུ་བྱས་ཡོད་ཀྱང་ཡེ་ཆེན་སྤྲུལ་སྐུ་ཞུ་བ་ཁོང་དང་ཉེ་འབྲེལ་ཡིན་པའི་སྤྲུལ་སྐུ་དེས་ཁོང་གིས་གཟིགས་སྐྱོང་གནང་སའི་ཡུལ་དགོན་ཡེ་ཆེན་དགོན་ཞེས་པ་སྒང་སྨད་དུ་ཆགས་པའི་དགོན་དེར་ཁྲིད། སྤྱིར་གཏང་ཡུལ་འདིའི་མིས་སྐྲ་ཕུད་ཕུལ་ཚར་ན་གྲྭ་པར་བརྩི་བཞིན་ཡོད་པས་འདི་ཡང་ཆུང་དུས་ནས་སྐྲ་ཕུད་འབུལ་ཚར་མཁན་ཞིག་ཡིན་ཀྱང་བླ་མ་སུར་ཕུལ་མིན་མི་ཤེས། ༡༩༩༢ ཙམ་ལ་སྐྱེ་རེ་དགོན་པའི་བླ་མ་ཀརྨ་སེང་གེ་ཞུ་བའི་མདུན་
    ནས་ཡག་དགོན་དུ་མངའ་རིས་ལོ་ཙཱ་བས་མཛད་པའི་སྡོམ་གསུམ་རྣམ་ངེས་ཀྱི་འཆད་ཁྲིད་ཞུས། སྐབས་དེ་དག་ཏུ་དགོན་འདིར་ཆོ་ག་དང་ཆོས་སྤྱོད་སོགས་ཀྱི་
    ལག་ལེན་ལས་གཞུང་ལུགས་དང་བརྡ་སྤྲོད་སྦྱོང་སའི་འཛིན་གྲྭ་ལྟ་བུ་གང་ཡང་མེད་པས་ཁོ་ཡང་སྤྱི་མཚུངས་ལྟར་ཆོ་ག་སོགས་སྦྱང་ཏེ་དགེ་གཡོགས་ཀྱང་གནང་འདུག ཡུལ་འདིའི་མིར་ཡི་གེ་ཀློག་འདོན་ཙམ་ལས་བརྡ་སྤྲོད་སོགས་རིག་གནས་ཀྱི་ཆུ་ཚད་ཧ་ཅང་སྐྱོ་བས་སྐབས་ཤིག་ཏུ་སྤྲུལ་སྐུ་ཞིག་ཁྲི་སྟོན་མཛད་སྒོའི་སྐབས་ཁོས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་མཎྜལ་གྱི་བཤད་པ་ཞིག་བྲིས་ཏེ་ཀློག་ཡོད་ཅིང་སྐྱ་སེར་ཀུན་ཡིད་སྨོན་ཤོར་འདུག དེ་ཁོས་རང་སྟོབས་ཀྱིས་བྲིས་སམ་དཔེ་བཤུས་བྱས་པ་ཡིན་ཆ་མ་འཚལ། ༡༩༩༥ ལོར་དགོན་དེར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟླ་གཅིག་མ་ཟིན་ཙམ་སྤེལ་ཏེ་མཐའ་བསྡོམས་རྒྱུག་སྤྲོད་ལྟ་བུ་གྲྭ་པ་རེ་ནས་གཏམ་རེ་བཤད་དགོས་སྟབས་གྲྭ་པ་ཚོས་དངོས་ཡོད་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་ནི་མ་ཤེས། ཉིན་ཤས་རིང་སྦྱང་པའི་རྒྱ་གཞུང་གིས་བརྫུན་བསྒྲིགས་ཀྱི་གཏམ་དེ་བསྐྱར་བཟློས་བྱེད་མ་ནུས་ནས་འུ་ཐུག་པའི་སྐབས་ཁོས་བོད་གཙན་པོའི་དུས་རབས་ནས་བཟུང་སྟེ་༡༩༥༠ བར་གྱི་རྒྱལ་རབས་ལྟ་བུ་ཆུ་ཚོད་ཁ་ཤས་རིང་བཤད་སྐབས་རྒྱ་གཞུང་གི་ལས་བྱེད་ཚོས་རྒྱལ་རབས་མི་ཤེས་སྟབས་ཁོ་ཉིན་ཤས་ལས་སློབ་གསོར་ཡོང་མེད་ཀྱང་འདི་ལྟར་ཤེས་པ་དཔེ་མེད་རེད་ཟེར་བ་ཙམ་ལས་ཆབ་སྲིད་ཀྱི་ནག་ཉེས་གང་ཡང་གཡོག་མི་འདུག། དེར་ཡོད་འདུས་མང་ལའང་ངལ་གསོའི་དབུག་ཅིག་ཐོབ་འདུག དེ་དུས་དགོན་པའི་ཉིན་རེའི་བྱེད་སྒོ་ལས་བརྒལ་ཏེ་རང་ངོས་ནས་རྒྱལ་རབས་དང་ལོ་རྒྱུས། བརྡ་སྤྲོད་སོགས་ཀྱི་དེབ་འདྲ་མིན་དུས་ཚོད་སྟོང་པ་ནམ་ཡིན་ལ་ཀློག་བཞིན་ཡོད་ཅིང་ཅུང་ཟད་རིག་གནས་ལ་དུངས་པའི་གྲྭ་གཞོན་འགའ་དང་ལྷན་དུ་བསམ་ཚུལ་བགྲོ་གླེང་བྱེད་བཞིན་ཡོད། ཁོང་གི་སྡོད་ཤག་ནི་དཔེ་མཛོད་ཁང་ལྟར་དེབ་ཧ་ཅང་མང་ཚུལ་གྲོགས་ཚོས་གླེང་། སྐབས་དེ་དུས་ནས་རྩོམ་ཡིག་འབྲི་རྒྱུར་ཧ་ཅང་གི་དགའ་མོས་ཡོད་པ་ཡིན། ཚོགས་སུ་སྐྱབས་ཐོ་དང་སྐྱབས་ཞུ་ལྟ་བུ་འབྲི་སྐབས་ཀྱང་རྟག་ཏུ་སྙན་ཞིང་འཇེབས་ལ་རྒྱས་ཤིང་མ་ཚང་བ་མེད་པ་འབྲི་ཞིང་དག་ཆ་ཚུན་ཆད་ལ་ཧ་ཅང་གིས་ནན་ཏན་བྱེད་བཞིན་ཡོད། སྐབས་འདི་ནི་མདའ་སྨྱུག་རླུང་རྟ་དར་བཞིན་པའི་སྒང་ཡིན་པས་སྐྱ་སེར་སུ་ཡིན་རུང་འདིར་ཡིན་སྨོན་མ་ཤོར་བ་མེད་པ་ལྟ་བུ་རེད། འབྲོག་སྡེ་འདིར་ཀམ་ཚང་བཀའ་བརྒྱུད་ཀྱི་དགོན་ཁག་བཞི་དང་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་ཁག་གསུམ། ཉེ་འཁོར་དུ་དཔའ་ཤོད་དགོན་ཆེན་དང་སྤོམ་མདའ་དགོན་སོགས་དགེ་ལུགས་པའི་དགོན་པའང་ཡོད་ལ་ཁོང་ཞུགས་སའི་དགོན་ནི་ཀམ་ཚང་བཀའ་བརྒྱུད་དགོན་པ་ཡིན།
    སློབ་སྦྱོང་བྱེད་སའི་སྟི་གནས་ཤིག་ལ་སྔར་ནས་འགྲོ་འདོད་ཡོད་ཀྱང་དགོན་བདག་སྤྲུལ་སྐུས་དང་ལེན་མ་གནང་སྟབས་ལོ་ཤས་ལུས། ༡༩༩༦ ལོར་འཛོ་རྫི་དགོན་དུ་ལོ་གཅིག་དང་ཕྱེ་ཙམ་རིང་སྤྱོད་འཇུག་སོགས་ཀྱི་བཤད་ཁྲིད་མི་ཉུང་བ་ཐོབ་ཡོད་འདུག ༡༩༩༨ ལོ་མཇུག་ལ་དགོན་བདག་སྤྲུལ་སྐུ་ལ་མ་ཞུས་པར་གསང་སྟབས་ཀྱིས་ཁམས་ཤར་ཕྱོགས་སྡེ་དགེ་རྫོང་གསར་བཤད་གྲྭར་སོང་། དེ་སྐབས་དགོན་པའི་གྲྭ་ཤག་མ་རེག་པར་ཟུར་དུ་ཤིང་ཁང་རླུང་ལྷག་མི་ཁོག་སར་ཨུ་ཚུགས་ཀྱིས་བསྡད་དེ་ཚོགས་ཆོས་འགྲིམས། ལྟོ་ཚད་ལྡན་མེད་ཅིང་ཉལ་ཆས་ཀྱང་མེད་སྟབས་མཁན་པོ་ཕུན་ཚོགས་རྣམ་རྒྱལ་ཞུ་བས་ཁོང་གི་མ་ཡུམ་མའི་ལུག་ལྤགས་ཀྱི་སླག་པ་རྙིང་པ་ཞིག་གནང་འདུག མཐུན་རྐྱེན་ཧ་ཅང་སྐྱོ་བས་གྲང་འབམ་གྱི་ནད་ཡོད་པ་ཇེ་སྡུག་དུ་སོང་ཡང་འཚོ་བའི་མཐུན་རྐྱེན་མེད་སྟབས་ལོ་དེ་གའི་དབྱར་མཚམས་སྐབས་ལག་གཉིས་མཁར་བ་ལ་བརྟེན་ནས་རྒྱུས་མེད་ཀྱི་རི་ལུང་མང་པོ་བརྒལ་ཏེ་སློང་ལ་སོང་བས་མར་དང་སྐྱུ་ར་སོགས་མི་ཉུང་བ་རེག་འདུག དེ་སྐབས་རྫོང་གསར་བློ་གྲོས་ཟེར་བའི་སྨན་པས་སྨན་བཅོས་བྱས་ཏེ་ཅུང་ཟད་དྲག་སྐྱེད་བྱུང་། མུ་མཐུད་སློབ་གཉེར་གནང་། ལོ་གཅིག་དང་ཕྱེད་ཙམ་ལ་ཕ་ཡུལ་དུ་གཉེན་འཕྲད་ལ་ཁྱུག་ཙམ་ཕེབས། ཕྱི་ལོ་༢༠༠༠ སྤྱི་ཟླ་༦་ཙམ་དུ་སླར་ཡང་རྗོང་གསར་བཤད་གྲྭར་ཕེབས་ཏེ་སྔར་རྒྱུན་བསྲིངས། ༢༠༠༡ ལོར་དགོན་དེའི་བདག་པོ་རྗོང་གསར་མཁྱེན་བརྩེ་རིན་པོ་ཆེ་བོད་དུ་ཕེབས་སྐབས་བརྒལ་བརྟག་ཀྱི་བགྲོ་གླེང་གི་མི་སྣ་རུ་ཁོང་དང་གསེར་གཞུང་བསམ་འགྲུབ་ཞུ་བ་གཉིས་གྲྭ་མང་ནས་གདམས་ཏེ་བགྲོ་གླེང་གནད་དུ་འཁེལ་བ་་གནང་བས་བླ་མ་ཧ་ཅང་གི་ཐུགས་མཉེས་པོ་བྱུང་འདུག དེ་རྗེས་ཙམ་ལ་རྫོང་གསར་དགོན་དུ་མཁན་ཆེན་པདྨ་དམ་ཆོས་མཆོག་གིས་ལམ་འབྲས་ཀྱི་བཀའ་ཁྲིད་གནང་བར་ཞུས། སྤྱིར་ན་སྐུ་གཟུགས་ཐང་པོ་མེད་ཁར་བཤད་གྲྭའི་སྒྲིག་ལམ་ཡང་ཧ་ཅང་དམ་པོ་ཡོད་འདུག་ཀྱང་སློབ་ཚན་ལ་བརྩོན་པ་ལྷོད་མེད་ཐོག་སྒྲིག་ལམ་བརྩི་སྲུང་ཆེ་ཞིང་བློ་རིག་ཧ་ཅང་གི་བཀྲ་བས་སྐབས་དེའི་མཁན་པོ་ལས་ཐོག་པ་ཚེ་བསྟན་ཞུ་བས་ཧ་ཅང་གི་ཐུག་བརྩིས་ཆེན་པོ་གནང་ཡོད་འདུག་ལ་སྒེའུ་ཁུང་ལྕགས་རིའི་ཕྱི་རོལ་དུ་ཁ་ཕྱོགས་པའི་གྲྭ་ཤག་གཉིས་ཡོད་པ་ལས་གཅིག་འདི་དང་གཞན་དེ་གསེར་གཞུང་བསམ་འགྲུབ་ཞུ་བ་བཞུགས་གཅུག་འདུག་ལ་འདིའང་ཆེ་མཐོང་ལྟ་བུ་ཡིན་འདུག ནམ་རྒྱུན་ཁོང་གིས་ཟུར་ཁྲིད་གནང་སའི་སློབ་མ་མང་པོ་ཡོད་འདུག ༢༠༠༢ ནང་བསྐྱར་དུ་ཕ་ཡུལ་ལ་ཟླ་ཤས་རིང་བཞུགས་རྗེས་ཕྱིར་བཤད་གྲྭར་ཕེབས་ཏེ་༢༠༠༣ གི་ལོ་དཀྱིལ་ཙམ་བར་དུ་སློབ་གཉེར་གྱི་རྒྱུན་མཐུད། དེ་རྗེས་གནས་དོན་གང་ཡིན་གསལ་པོ་མ་ཤེས་ཀྱང་བཤད་གྲྭ་དེ་ནས་ཁ་བྲལ་ཅིང་ལྷོ་ཁ་ལྡིང་པོ་ཆེ་དགོན་པར་སོང་སྟེ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པ་མཁན་པོ་བསྟན་པ་རབ་རྒྱས་ཞུ་བ་བསྟེན་ཏེ་དབུ་མའི་བསྟན་བཅོས་ལུང་རིགས་འབྲུག་སྒྲ་དང་བོད་མཁས་པའི་སྙན་ངག་གཉིས་ཀྱི་བཤད་ཁྲིད་ཆ་ཚང་ཞུས་པ་མ་ཟད་གོ་རམས་པའི་གསུང་ཡོངས་འདུས་རབ་གསལ་ལ་དོགས་དཔྱོད་ཞུས། ངག་དབང་ཤེས་རབ་ཞུ་བའི་མདུན་ནས་ཚད་མའི་བསྟན་བཅོས་དབྱང་ཅན་མགྲིན་གླུའི་བཤད་ཁྲིད་ཞུས་ཏེ་ཟླ་ཤས་བཞུགས། དེ་རྗེས་ལྷ་སར་ཟླ་ཤས་རིང་སྨན་བཅོས་གནང་སྟེ་མདོ་སྨད་རེབ་གོང་དུ་ཕེབས་ཤིང་རོང་པོ་དགོན་ཆེན་དུ་ཟུར་བཞུགས་ལྟ་བུ་བསྡད་ཡོད་བཟོ་འདུག་ཀྱང་གནས་ཚུལ་གསལ་པོ་ནི་ནང་མི་དང་སྤུན་མཆེད་ལའང་གསུངས་མེད། ༢༠༠༥ ཙམ་ལ་ཁམས་ཏྲེ་ཧོར་ནས་བཀའ་བརྒྱུད་བན་རྒན་དགོན་པའི་གནད་ཡོད་མི་སྣ་རྗོང་གསར་བཤད་གྲར་ཕེབས་ཏེ་མཁན་པོ་ཞིག་གནང་རོགས་ཞེས་སྐྱབས་འཇུག་ཞུས་པར་རྫོང་གསར་མཁན་པོས་ཚ་སྒང་བློ་གྲོས་དཔལ་ལྡན་འཚོལ་ན་བཟང་ཚུལ་གྱི་ལམ་སྟོན་འོག་ཁོང་ཚོས་རེབ་གོང་དུ་ཡོད་པ་ཤེས་རྟོགས་བྱུང་རྗེས་དགོན་བདག་དང་ཕྱག་མཛོད་གཉིས་གླང་འཁོར་ཆུང་ཆུང་ཞིག་ཁྲིད་ནས་རེབ་གོང་དུ་ཆེད་དུ་ཕེབས་ཏེ་ཁོང་ཚོའི་དགོན་དུ་མཁན་པོ་ཕེབས་རོགས་ཞུས་ཀྱང་ཁོང་གིས་དང་ལེན་གནང་མི་འདུག འོན་ཀྱང་ཨུ་ཚུགས་ཆེ་སྟབས་ཧ་ཅང་གི་སུན་སྣང་བྱུང་གསུངས། སྐབས་དེ་ནས་དེར་བཞུགས་མ་འདོད་པར་གསང་སྟབས་ཀྱིས་རྔ་པ་ཀིར་ཏི་དགོན་པར་ཕེབས། དེ་སྐབས་གསང་བ་བྱ་དོན་ནི་གོང་བཀོད་ལྟར་གང་ཟག་གཞན་པའི་རེ་བ་དང་ལེན་གནང་མི་ཐུབ་པས་ཡིན། དེ་ནས་བཟུང་སྟེ་ཁོང་གིས་ནང་མི་ལའང་ང་ཨ་མདོར་ཡོད་གསུངས་པ་ཙམ་ལས་གར་ཡོད་གསལ་པོ་གཏན་ནས་གསུངས་མེད། སྐབས་དེར་ང་དང་ཁ་དཔར་བརྒྱུད་ནས་འབྲེལ་བ་ཡང་ཡང་བྱུང་། སྐབས་ཤིག་ལ་ཁོང་ལ་རྩོམ་པོ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་བརྩམས་པའི་ནུབ་ཕྱོགས་འགྲིམས་པའི་གཏམ་དགོས་ཚུལ་གསུངས་ཤིང་བསྐུར་ཡུལ་གྱི་རྐྱེན་པས་ངས་དེ་སྐབས་ཁོང་གར་ཡོད་ཤེས་རྟོགས་བྱུང་ཡང་ནང་མིར་མ་བཤད་གསུངས་བྱུང་། དེ་སྐབས་ཀྱང་ཀིར་ཏིའི་དགོན་དུ་ཟུར་ཞུགས་ལྟ་བུའམ་སྒྲིག་ཁོངས་སུ་ཡོད་མེད་སོགས་ཀྱི་གསལ་ཁ་ཕྲན་ལ་གང་ཡང་མེད། ཉིན་ཞིག་ཁོང་གིས་ངར་ཁ་དཔར་བརྒྱུད་གསུང་རྒྱུར། ང་དེ་རིང་ཀིར་ཏི་དགོན་པའི་དགེ་བཤེས་གྲགས་ཅན་ག་གེ་མོ་ཞིག་དང་བགྲོ་གླེང་བྱས་ཡིན། ངས་ཁོང་ལ་ (ཨ་ལགས་དགེ་བཤེས། དེ་རིང་ངས་རླུང་འཕྲིན་བརྒྱུད་༧གོང་ས་མཆོག་གིས་ཨ་རིའི་མཐོ་རིམ་སློབ་གྲྭ་ཞིག་ཏུ་བཀའ་སློབ་གནང་བ་ཞིག་གོ་བྱུང་། དེ་སྐབས་ཁོང་གིས་མཛོད་གནས་གཉིས་པའི་བསྟན་དོན་དེ་མེད་པ་གསལ་པོ་ཆགས་ཟིན་པས་ང་ཚོས་ཨུ་ཚུགས་བྱས་ན་ལྐུག་པ་རེད། དུས་རབས་ཉེར་གཅིག་ཏུ་ཀུན་མཁྱེན་དབྱིག་གཉེན་བསྐྱར་དུ་ཕེབས་ན་མཛོད་གནས་གཉིས་པ་གསར་རྩོམ་གནང་དགོས་རེད་ཅེས་གསུངས་བྱུང་བས་དེའི་ཐད་ཨ་ལགས་ལ་དགོངས་ཚུལ་ག་རེ་ཡོད། དགེ་བཤེས་ལགས་ཀྱིས། ཁྱོད་ཀྱིས་དེ་ལྟར་མ་བཤད། ཁྱོད་ཀྱིས་དེ་ལྟར་གསུངས་བྱུང་ཟེར་བར་ཡིད་ཆེས་རྒྱུ་ལྟ་ཞོག་ང་རང་གིས་དངོས་སུ་ཐོས་ནའང་ང་རང་ལས་སྣང་མ་དག་པས་དེ་ལྟར་ཐོས་པ་ལས་ཁོང་གིས་དེ་ལྟར་གསུངས་ག་ལ་སྲིད་བསམ་ས་རེད།) ཟེར། ཁོང་གཉིས་བར་གྱི་དྲི་བ་དྲི་ལན་དེ་ང་ལ་ཡ་མཚན་མཚན་གནང་ནས་གསུངས་བྱུང་། གོང་དུ་བཀོད་པ་དེ་ཚིག་ཇི་མ་ཇི་བཞིན་ཡིན་མིན་མ་ཤེས་ཀྱང་དོན་ནི་དེ་ག་རེད་འདུག དེ་སྐབས་དགོན་དུ་ཁོང་ལ་ལྟ་སྟངས་གཏན་ནས་ཡག་པོ་མེད་བཟོ་འདུག ཁམས་ཀྱི་མི་འཁྱམ་ལྟ་ལོག་ཅན་དེ་དང་འབྲེལ་བ་མ་བྱེད་མ་གཏོགས་ལོག་ལྟ་སྐྱེ་བའི་ཉེན་ཡོད་ཚུལ་དགེ་བཤེས་དང་སླབ་པ་རྒན་གྲས་འགས་གསུངས་ཚུལ་ཁོང་གིས་ཐོས་འདུག དེ་ནས་གནས་དབྱུང་བཏང་བའམ་རང་དགར་ཐོན་པ་མ་ངེས་ཀྱང་མཛོད་དགེ་དཔེ་མཛོད་ཁང་ཆེན་པོ་ཡོད་ས་དེར་ཕེབས་ཏེ་ཉེ་འགྲམ་གྱི་དུད་ཚང་ཞིག་གི་ཁང་མིག་ཅིག་གླས་ཏེ་ཉིན་ལྟར་དཔེ་མཛོད་ཁང་དུ་དེབ་ཀློག་སར་ཕེབས་ཡོད། ཟླ་འོད་གཞོན་ནུའི་འཁྲི་ཤིང་གི་མགོ་བརྗོད་ཀྱི་རྩོམ་བྱང་དུ་མེ་ཁྱི་ཟླ་བ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་ཞེས་གསལ་བར་གཞིགས་ན་༢༠༠༦་ནས་མཛོད་དགེར་ཡོད་འདུག་པས་ཀིར་ཏིའི་དགོན་དུ་རྒ

    Reply
  6. བསྟན་འཛིན་བསོད་ནམས། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་དྲ་བས་གནས་ཚུལ་འདི་ཁྱབ་བསྒྲགས་གནང་བར་ཐུགས་རྗེ་ཆེ། དུས་བབ་ཚགས་པར་སྟེང་གནས་ཚུལ་འདི་སྔོན་མ་ནས་བཀོད་འདུག་ཀྱང་། ཚགས་པར་ཡང་སྤེལ་རྒྱུར་རེ་བསྒུག་བྱས་བསྡད་པ་ཡིན། དྲ་རྒྱའི་སྟེང་སྤེལ་ཏེ་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱས་ན་མཁས་དབང་ཁོང་གར་བཞུགས་གར་འགྲོ་ཡི་ཁུངས་སྣེ་རེ་བརྙེད་སྲིད་པ་རེད། སྔོན་ཆད་བོད་ནང་གི་བོད་ཡིག་དྲ་གནས་མང་པོ་ཞིག་ལ་ཁོང་གི་སྐོར་སྤེལ་ཏེ་གླེང་སློང་ཤུགས་ཆེན་པོ་བྱས་སོང་མོད། བཙན་བྱོལ་ནང་ནས་སྣང་མེད་དུ་བཞག་པ་འདྲ་བོ་ཆགས་སོང་བས། ད་རེས་ཚང་མས་ཁོང་གི་སྐོར་ལ་གླེང་སློང་རེ་ཡོང་བའི་རེ་བ་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese