མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མ་ ༨ ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མདོ་སྨད་མཚོ་སྔོན་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་བརྒྱད་ལ་ ལོ་གཉིས་དང་ཟླ་དྲུག་ནས་ལོ་བཞི་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག   

 ཟླ་འདིའི་ཕྱི་ཚེས་  ༡༧ ཉིན་ཀྲུང་གོའི་བོད་ཀྱི་དྲ་བའི་སྟེང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ བ་ཡས་མས་སུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་དམངས་ཁྲིམས་ཁང་གིས།  སྔར་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༦ ཉིན་གྱི་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་གི་ངོ་རྒོལ་ཁྲོམ་སྐོར་གྱི་གྱོད་དོན་ལ་འདྲི་གཅོད་བྱས་ཏེ།  སློབ་གྲྭའི་སློབ་ཕྲུག་སངས་རྒྱས་འབུམ་ལ་ལོ་ ༤ དང་། ཀུན་བཟང་འབུམ་དང་ལྷ་བརྟན། བྱམས་པ་ཚེ་རིང་གསུམ་ལ་ལོ་ ༢ དང་ཟླ་ ༦ ། དབང་རྒྱལ་ཚེ་རིང་དང་ཆོས་སྐྱོང་སྐྱབས་གཉིས་ལ་ལོ་ ༣ དང་ཟླ་ ༣ རེའི་དུས་བཀག་བཙོན་འཇུག་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་སྐོར་བསྒྲགས་ཡོད་པ་མ་ཟད། ཁྲིམས་ཆད་ཕོག་པའི་སློབ་ཕྲུག་ ༨ པོས་ནག་ཉེས་ཁས་བླངས་པའི་རྣམ་འགྱུར་དང་སྤྱི་ཚོགས་སྟེང་གནོད་པ་བཟོས་པའི་ཚད་གཞི་ལྟར་ཁྲིམས་གཅོད་བྱས་ཡོད་ཚུལ་དང་། གྱོད་དོན་འདྲི་གཅོད་སྐབས་མཚོ་ལྷོ་ཁུལ་གྱི་ཁོངས་གཏོགས་སློབ་གྲྭ་ཁག་ཅིག་དང་། གུང་ཧོ་རྫོང་ཁོངས་ཀྱི་སློབ་གྲྭའི་དགེ་སློབ་འཐུས་མི།   སློབ་ཕྲུག་ཚོའི་ཁྱིམ་བདག་བཅས་མི་ ༡༠༠ ལྷག་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ནང་སློབ་ཕྲུག་ ༦ མ་གཏོགས་གཞན་གཉིས་ཀྱི་མིང་དང་ཁྲིམས་ཆད་ཀྱི་ལོ་གྲངས་བཅས་གསལ་བོ་བཀོད་མེད་ཀྱང་། དེ་སྔོན་ཕྱི་ཕྱོགས་ཀྱི་གསར་ལམ་དུ་ཐོན་པའི་མིང་གཞུང་ནང་། རྒྱ་ནག་གིས་འདྲི་བརྩད་བཀག་ཉར་བྱས་པའི་སློབ་ཕྲུག་ ༨ ཡོད་པའི་ཁྲོད་མིང་ལ་བཀྲ་ཤིས་ཀུན་བཟང་ཞུ་བ་དང་། རྡོ་ལ་ཚེ་རིང་ཞུ་བའི་སློབ་ཕྲུག་གཉིས་ཀྱང་སྐབས་དེར་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད།  

 སློབ་མའི་ངོ་རྒོལ་གྱི་ལས་འགུལ་དེ་ནི། མཚོ་ལྷོ་ཁུལ་དྲིལ་བསྒྲགས་སྡེ་ཁག་གིས་ ༼མཚོ་ལྷོ་ཁུལ་གྱི་མིག་སྔའི་ལྟ་ཚུལ་འཛིན་སྟངས་བཅུ༽ཞེས་པའི་ཡིག་ཆ་ཞིག་བཏོན་སྟེ། སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་དང་ཡི་གེ་ཁོ་ན་གཙིགས་འཛིན་བྱས་ཚེ་མདུན་ལམ་ཆེན་པོ་མེད་ཚུལ་དང་།  བོད་མིའི་རང་ལུས་མེར་བསྲེགས་ནི་བླུན་པོའི་བྱ་སྤྱོད་ཡིན་སྐོར་སོགས་བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་དམའ་འབེབས་དང་། རྒྱ་ནག་དམར་ཤོག་པར་དྲིན་གཟོ་ཞུ་དགོས་པའི་སློབ་གསོའི་བྱ་འགུལ་སྤེལ་སྟབས། སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་མཚོ་ལྷོ་ལས་རིག་ལག་རྩལ་སློབ་གྲྭའི་སློབ་ཕྲུག་ཚོས་རྒྱ་གཞུང་གི་དྲིལ་བསྒྲགས་ཡིག་ཆ་དེ་དག་མེར་བསྲེགས་དང་།  སློབ་ཕྲུག་ ༡༠༠༠ བརྒལ་བ་ཁྲོམ་གཞུང་དུ་ཐོན་ཏེ་འཕྲེད་དར་ཕྱར་ཏེ་སྐད་འབོད་ཁྲོམ་སྐོར་བྱས་ཡོད། སྐབས་དེར་རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་སློབ་ཕྲུག་ཚོར་གཅར་རྡུང་དྲག་གནོན་བྱས་ཏེ། སློབ་ཕྲུག་མང་པོར་སྨན་ཁང་དུ་བསྐྱལ་དགོས་བྱུང་བ་དང་། སློབ་ཕྲུག་ ༢༠ ཙམ་འཇུ་བཟུང་བཙན་ཁྲིད་ཀྱིས་གཅར་རྡུང་འདྲི་བརྩད་བྱས་རྗེས། སློབ་ཕྲུག་ ༡༦ ལ་མུ་མཐུད་བཀག་ཉར་གྱིས་འདྲི་གཅོད་བྱས་མཐར། དེའི་ཁྲོད་ཀྱི་སློབ་ཕྲུག་ ༨ དངོས་སུ་འཇུ་བཟུང་བྱས་ཡོད།

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡ ཉིན་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་དུ་ཁྲིམས་ར་ཚོགས་ཏེ་ཁྲིམས་ཐག་གཅོད་རྩིས་བྱས་ཀྱང་། སྐབས་དེར་སློབ་ཕྲུག་ཚོའི་ཉེ་འབྲེལ་དང་མཚོ་ལྷོ་ཁུལ་གྱི་ཁོངས་གཏོགས་རྫོང་ཁག་ལྔ་ནས་བསླེབས་པའི་མང་ཚོགས། སློབ་ཕྲུག་དང་གྲྭ་བ་ཚོས་སློབ་ཕྲུག་ཚོར་ཁྲིམས་ཐག་གཅོད་པའི་ནག་ཉེས་ཆེན་པོ་གང་ཡང་བསགས་མེད་པ་དང་། གལ་སྲིད་ཁོ་ཚོར་ཁྲིམས་ཐག་བཅད་པ་ཡིན་ན། རྫོང་ཁག་ལྔའི་ས་གནས་བོད་རིགས་ཡུལ་མི་ཚོས་མུ་མཐུད་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་བརྗོད་བརྗོད་སྟབས། ཉིན་དེར་ཁྲིམས་ཐག་གཅོད་མ་ཐུབ་པར་ཁྲིམས་ར་གྲོལ་ཡོད།

 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༩ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese