ཁ་སང་གཟའ་ལྷག་པའི་ཕྱི་དྲོ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོཊ་པས་བཞུཊ་སྒར་དུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་ཐེངས་ཉེར་བཞི་པ་སྲུང་གཙི་གནང་ཡོད།
ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོ་བཞུཊ་སྒར་ཉིན་སློབ་ཚོཊ་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོཊ་པའི་དབུས་ས་གཉིས་ཀྱི་གོ་སྒྲིག་འོག ༼ ༸པཎ་ཆེན་རྗེས་དྲན། ༽ ཞེས་པའི་༸པཎ་ཆེན་སྐུ་གོང་མའི་མཛད་རྣམ་གློག་བརྙན་དང་། ༸པཎ་ཆེན་རྗེས་དྲན་གྱི་གཞས་སྣ་ཁག་ཅིག་བརྙན་རིས་བརྒྱུད་དེ་གཟིཊ་འབུལ་ཞུས་ཏེ། ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་ཐེངས་ ༢༤ པ་སྲུང་གཙི་གནང་ཡོད་པ་མ་ཟད། དབུས་ས་གཉིས་ཐུན་མོང་གིས་བོད་དབྱིན་གཉིས་ཀྱི་ཐོག་དོན་ཚན་ ༤ ཅན་གྱི་བསྒྲཊ་གཏམ་ཞིག་ཀྱང་སྤེལ་ཡོད།
བསྒྲཊ་གཏམ་དེའི་ནང་ ༡༽ ༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནི་བོད་བསྟན་སྲིད་ཀྱི་བྱུང་རབས་ནང་མཛད་རྗེས་ཤིན་ཏུ་ཆེ་ཞིང་། བོད་མི་མང་གི་འདི་ཕྱིའི་སྐྱབས་གནས་ཕུལ་དུ་བྱུང་བ་ཞིག་ཡིན་པ་ལྟར། དེ་རིང་འདིར་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་ ༢༤ སྲུང་གཙི་ཞུ་བ་དང་ཆབས་ཅིག དུས་རབས་ཉི་ཤུ་པའི་ནང་༸པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་བློ་བཟང་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བོད་བསྟན་སྲིད་དང་མི་རིཊ་རིག་གནས་བཅས་ཀྱི་ཆེད་རླབས་ཆེ་བའི་ཕྱག་རྗེས་ཇི་སྙེད་ཅིག་འཇོག་གནང་མཛད་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ༢༽ བོད་མི་མང་གི་མིག་མདུན་དུ། རྒྱ་ནག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གློ་བུར་སྐུ་བཀྲོངས་པ་དང་། ༸གོང་ས་མཆོག་གིས་ངོས་འཛིན་མཛད་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀྱང་བོད་མིའི་ལག་ནས་བཙན་འཕྲོག་བཙོན་འཇུག་བྱས་ཏེ་མི་ལོ་ ༡༨ ཉེ་བ་ཕྱིན་པའི་གནད་དོན་གཉིས་ནི། བོད་མི་མང་ལ་སེམས་སྡུག་ཧ་ཅང་ཆེན་པོ་ཞིག་ཡིན་པར་རྒྱ་ནག་ལ་དྲན་སློང་བྱ་རྒྱུ་ཡིན།
༣༽ རྒྱ་ནག་གི་འགོ་ཁྲིད་གསར་པས། ༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས། བོད་བསྟན་སྲིད་ལ་དུང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས། སྡང་ཟུག་ཆེན་པོས་བཀག་ཉར་དང་རྩ་མེད་གཏོང་བའི་ཞེ་འཁོན་སྲིད་ཇུས་མུ་མཐུད་བཟུང་བ་ཡིན་ན། དེ་ནི་བོད་རྒྱའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཚབ་ཏུ། མི་རིགས་གཉིས་དབར་འགལ་ཟླའི་རྡོ་རིང་ཆེན་པོ་ཞིག་བསླངས་པར་ངོས་འཛིན་ཞུ་ཡི་ཡོད། ༤༽ ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ད་ལྟའི་གནས་སྟངས་ཐོག རྒྱ་ནག་ནས་རྒྱལ་སྤྱིའི་གསར་འགོད་པ་དང་བརྒྱུད་ལམ་ཚད་ལྡན་གང་རུང་ནས་འགྲེལ་བརྗོད་ཁ་གསལ་ཞིག་ཡོངས་བསྒྲགས་མ་བྱུང་བར།༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མིས་གཙོས་འབྲེལ་ཡོད་རྣམས་ཀྱི་བདེ་འཇགས་ཐད། བོད་མི་ཙམ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ཉིན་རེ་ནས་ཉིན་རེར་དོགས་པ་དང་རྣམ་རྟོག་ཆེ་རུ་འགྲོ་ངེས་པའི་སེམས་ཚོར་གསལ་སྟོན་བྱ་རྒྱུ་ཡིན། ཞེས་འཁོད་འདུག