མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་ནང་དེང་དུས་ཤེས་ཡོན་ཐོག་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གིས་ཌལ་ཧོར་གཏན་སློབ་དབུ་བརྙེས་ཏེ་ལོ་ ༥༠ འཁོར་བའི་མཛད་སྒོའི་ཐོག་བཀའ་སློབ་བསྩལ་ཏེ། བོད་པ་ཚོས་ཀྱང་འཛམ་གླིང་ས་ཆ་གང་དུ་བསྡད་མིན་ལ་མ་ལྟོས་པར་བོད་པའི་ངོ་བོ་མཚོན་ཐུབ་པར་བྱས་ཏེ་འཐབ་རྩོད་གསོན་པོར་གནས་དགོས་སྐོར་གསུངས་འདུག

ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་ཌལ་ཧོར་གཏན་སློབ་རྩེད་ཐང་དུ་སློབ་གྲྭ་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་ཚོཊ་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་༸གོང་ས་མཆོག་གིས་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱག་རོཊ་བཀའ་བློན། ཌལ་ཧོར་སློབ་སྤྱི་ཟུར་པ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་སྤྱི་འཐུས་ཁག་ཅིག གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ། ས་གནས་འབྲེལ་ཡོད་མི་སྣ། དེ་བཞིན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་བཅར་བའི་ཌལ་ཧོར་གཏན་སློབ་ཀྱི་སློབ་ཟུར། སློབ་གྲྭའི་དགེ་ལས་དང་ས་གནས་མི་མང་བཅས་ཁྱོན་མི་ ༡༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

ཉིན་དེའི་སློབ་གྲྭའི་མཛད་སྒོའི་ཐོག་ཌལ་ཧོར་གཏན་སློབ་ཀྱི་སློབ་སྤྱི་ཟླ་བ་ཚེ་རིང་ལཊ་ཀྱིས་སློབ་གྲྭའི་ལས་སྡོམ་སྙན་སེང་ཞུས་མཚམས། སློབ་ཟུར་ཐུང་མོང་གི་སྐུ་ཚབ་ཀྱིས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་ཆེད་ཕྱག་རྟགས་གསེར་ཀོང་ཞིག་༸གོང་ས་མཆོག་ལ་འབུལ་ལམ་ཞུས་རྗེས། ༸གོང་ས་མཆོག་གིས་ཌལ་ཧོར་སློབ་ཟུར་ཐུན་མོང་གི་གཟེངས་རྟཊ་རྒྱ་གར་གཞུང་དམངས་གཉིས་དང་སློབ་སྤྱི་ཟུར་པ་ཟམ་གདོང་རིན་པོ་ཆེ་གཉིས་ལ་བསྩལ་ཡོད་པ་དང་། སྐབས་དེར་སློབ་གྲྭའི་དུས་དྲན་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་དབུ་འབྱེད། བོད་ཀྱི་ཟློས་གར་ཚོགས་པས་མང་ཚོགས་གཞས་སྣ་ཁག་གཟིཊ་འབུལ་ཞུས་ཡོད་འདུག མཇུག་ཏུ་སློབ་ཟུར་རྣམས་ལ་ཟུར་མཇལ་ཐོག་བཀའ་སློབ་དང་འབྲེལ་དྲན་རྟེན་སྐུ་པར་ཡང་བསྒྲོན་འབུལ་ཞུས་ཡོད་འདུག

སྐབས་དེར། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུཊ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཌལ་ཧོར་གཏན་སློབ་ཀྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་གྲུབ་འབྲས་ཆེན་པོ་བླངས་བར་བསྔཊ་བརྗོད་དང་། དེང་སྐབས་བོད་མིའི་སྒྲིག་འཛུཊ་ལྷན་ཁང་ཁག་གི་སྲི་ཞུ་བ་མང་ཆེ་བ་གཏན་སློབ་ཁག་ནས་སློབ་མཐར་ཕྱིན་མཁན་ཡིན་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུཊ་ཀྱི་བཀའ་བློན་བདུན་གྱི་ཁྲོད་མི་ ༣ ཌལ་ཧོར་གཏན་སློབ་ནས་ཡིན་སྐོར་གསུངས་འདུག

༸གོང་ས་མཆོག་གིས་མང་ཚོཊ་ལ་བཀའ་སློབ་བསྩལ་ཏེ། གངས་ཅན་པའི་མི་རིཊ་དེ་འཚོ་ཞིང་གནས་དགོས་ན་བོད་ཀྱི་ཆོས་དང་རིག་གཞུང་དེ་རྩ་བ་ཆཊ་ཡོད་ཅིང་། འདས་པའི་ལོ་རྒྱུས་ཁྲོད་བོད་པར་ཆབ་སྲིད་ཀྱི་འགྱུར་བ་སྣ་ཚོཊ་བྱུང་ཡོད་རུང་། ཆོས་རྒྱལ་མེས་དཔོན་རྣམ་གསུམ་སྐབས་ནས་རྨང་གཞི་ཡག་པོ་བཏང་ཡོད་པའི་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་རྣམས་ད་དུང་ཡང་རྩ་ཡལ་དུ་འགྲོ་མ་ཐུབ་པར་གནས་ཐུབ་ཡོད་པར་མ་ཟད། བོད་པ་ཚོས་ཀྱང་འཛམ་གླིང་ས་ཆ་གང་དུ་བསྡད་མིན་ལ་མ་ལྟོས་པར་བོད་པའི་ངོ་བོ་མཚོན་ཐུབ་པར་བྱས་ཏེ་འཐབ་རྩོད་གསོན་པོར་གནས་དགོས་སྐོར་གསུངས་ཡོད་འདུག

ཚེས་ ༢༧ ཉིན་༸གོང་ས་མཆོག་ཌལ་ཧོར་དུ་ཞབས་སོར་འཁོད་པའི་ཉིན་དང་པོར། སློབ་གྲྭའི་རྩེད་ཐང་དུ་དགེ་ལས་སློབ་ཕྲུག་དང་ས་གནས་མང་ཚོཊ་ལ། རྒྱལ་སྲས་ཐོཊ་མེད་བཟང་པོས་མཛད་པའི་༼ལག་ལེན་སོ་བདུན་མ༽བཀའ་ཁྲིད་སྐབས། ཌལ་ཧོར་གཏན་སློབ་གསར་འཛུཊ་གནང་སྟེ་ལོ་ལྔ་བཅུ་འཁོར་བའི་སྐབས་སློབ་ཕྲུག་གསར་རྙིང་རྣམས་ལྷན་གཅིག་ཏུ་འཛོམས་ཐུབ་པ་དེར་ཐུཊ་སྤྲོ་བོ་བྱུང་ཡོད་ཅིང་། ཌལ་ཧོར་ས་ཆ་དེ་བོད་མི་ཚོ་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས། མ་ས་མ་རིར་ཚ་བའི་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་སྟེ་ཛ་དྲག་ཐོག་གནས་སྤོས་བྱས་པ་ཞིག་ཡིན་སྐོར་གསུངས་ཏེ། “ལོ་ལྔ་བཅུ་ང་གྲངས་དེ་ང་ཚོ་ལུང་པ་བྲལ་ཏེ་བཙན་བྱོལ་བ་བྱས་ཏེ་བསྡད་པ་རེད། ཐོག་མར་བོད་པ་ཚོ་མ་ས་མ་རི་འབྱོར་སྐབས་ངོ་ཤེས་པ་ས་དང་གནམ་མ་གཏོཊ་མེད། དེ་དུས་འབྱུང་འགྱུར་ལྔ་བཅུར་དེ་འདྲ་ཡོང་གི་རེད་བསམ་པ་ཡོད་པ་མ་རེད། ཕྱོཊ་གཅིག་བྱས་ནས་ལོ་གཉིས་གསུམ་ནང་བོད་ལ་ལོག་ཐུབ་ཀྱི་རེད་བསམས་ཏེ་བསྡད་པ་རེད། གང་ལྟར་ལོ་ཡུན་དེ་དག་འགོར་གྱི་རེད་བསམ་པ་ཞིག་དང་ལོ་ཡུན་དེ་དག་རིང་ང་ཚོ་གང་ཅིའི་ཐོག་མི་གྲལ་ལ་ཚུད་ཀྱི་རེད་བསམ་པ་ཞིག་ཡོད་མ་རེད། ངོས་རང་ཐོག་མར་ཌལ་ཧོར་དུ་ཡོང་སྐབས་གདན་ས་གསུམ་གྱི་དགེ་འདུན་པ་གང་ཙམ་ཞིག་ཡོད། དེ་བཞིན་སློབ་གྲྭ་བཙུཊ་ཏེ་ལོ་ལྔ་བཅུ་ཕྱིན་ཡོད་པ་རེད། སློབ་གྲྭ་འདིའི་སློབ་སྤྱི་དང་པོ་ཀུན་བདེ་གླིང་ངག་དབང་རྒྱལ་མཚན་རེད། ཁྱེད་ཚོ་སློབ་གྲྭ་འདིར་ཐོག་མར་ཞུཊ་ཏེ་རིམ་བཞིན་སློབ་གྲྭ་ཐོན་རྗེས་སྤྱི་པའི་སྒྲིག་འཛུཊ་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུཊ་ནང་ལས་ཀ་བྱེད་མཁན་མང་དག་ཅིག་བྱུང་ཡོད། ད་ལྟ་བདེ་སྲུང་བཀའ་བློན་ལ་ཆ་བཞག་ན་ཌལ་ཧོར་གཏན་སློབ་ཐོན་པ་རེད། དེ་མིན་སྒྲིག་འཛུཊ་དང་སྒེར་པ་སོ་སོའི་ལས་རིཊ་འདྲ་མིན་ནང་ལས་ཀ་བྱས་ཏེ་མི་ཚེ་སྐྱལ་གྱི་ཡོད། བོད་མི་རིཊ་ཀྱི་ལ་རྒྱ་ཞེན་ཁོག་ནམ་ཡང་ཉམས་པ་མེད་པར་གནས་བསྡད་ཡོད། ས་ཆ་གང་དུ་བསྡད་ཀྱང་བོད་མིའི་ཚབ་བྱས་ཏེ་བསྡད་ཡོད། དེ་ལྟ་བུའི་སོ་སོའི་ལ་རྒྱ་ཞེན་ཁོག་དང་གཞུང་བཟང་པོ་ཞིག་ཡོད་སྟབས། ལོ་ལྔ་བཅུ་འཁོར་བའི་དུས་དྲན་ལ་ཁྱེད་རང་ཚོ་ཆེད་མངཊ་ཡོང་བ་རེད ”ཅེས་གསུངས།

༸གོང་ས་མཆོག་གིས་མུ་མཐུད་གསུངས་དོན “ང་ཚོས་སློབ་གྲྭ་འཛུཊ་རྒྱུ་གལ་ཆེ་ཤོས་བརྩིས་པའི་ཐོག་ཤེས་རིག་ལས་ཁུངས་ཀྱིས་འགན་ཁྱེར་ཏེ་ཤུཊ་ཡོད་ཚད་སློབ་གྲྭ་ཁག་ཏུ་བརྒྱབ་པ་རེད། དེ་ལྟར་རྒྱག་དགོས་དོན་ང་ཚོའི་གནས་ཚུལ་ཐབས་སྐྱོ་པོ་དེ་ལྟར་ཆཊ་རྒྱུ་དེ། དེང་དུས་ཤེས་ཡོན་ཐོག་ནས་རྗེས་ལུས་ཐེབས་པ་ཉམས་མྱོང་གསལ་པོ་བྱུང་ཡོད་སྟབས། དེང་དུས་ཤེས་ཡོན་སློབ་སྦྱོང་འཛུཊ་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་སྟེ་སློབ་གྲྭ་འཛུཊ་རྒྱུ་གཙོ་འདོན་བྱས་པ་རེད། དེ་ནས་གཞིས་ཆཊ་ཁག་བཙུཊ་རྗེས་དེའི་ནང་མ་སྐུལ་དང་བླང་ཐོག ལྷ་ཁང་དང་དགོན་པ་ཆུང་ཆུང་དེ་འདྲ་རྒྱག་མཁན་བྱུང་ཡོད། རིམ་བཞིན་བཤད་གྲྭ་ཆེ་ཁག་དེ་དག་གཞིས་ཆཊ་ཁག་ནང་ཚུཊ་པ་རེད། འདས་པའི་བཙན་བྱོལ་མི་ཚེའི་རིང་གྲུབ་འབྲས་ཆེ་ཤོས་དེང་དུས་ཤེས་ཡོན་ཐོག་མི་དམན་པ་ཞིག་ཐོབ་ཡོད ”ཅེས་གསུངས།

མཇུག་ཏུ་༸གོང་ས་མཆོག་གིས་བོད་མི་ཚོ་རྒྱ་གར་དུ་ཐོག་མར་འབྱོར་སྐབས་རྒྱལ་སྤྱིའི་སྟེང་བོད་པའི་ཆོས་དང་རིག་གཞུང་ལ་རྒྱུས་མངའ་དང་དོ་སྣང་ཡོད་མཁན་དེ་ཙམ་མེད་ཁར། བོད་པའི་གནས་སྟངས་ཐོག་གང་འཚམ་ཤེས་ཀྱི་ཡོད་པ་དག་གིས་ཀྱང་བོད་པའི་ཆོས་དེ་སངས་རྒྱས་པའི་ཆོས་ངོ་མ་དེ་མིན་པར་བླ་མའི་ཆོས་ལུཊ་ཡིན་སྐོར་བཤད་ཀྱི་ཡོད་པ་དང་། འདས་པའི་མི་ལོ་ལྔ་བཅུའི་རིང་འབད་བརྩོན་བྱས་པ་བརྒྱུད། ད་ཆར་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་འཛམ་གླིང་གང་སར་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པར་མ་ཟད། ལྷག་པར་དུ་རྣམ་དཔྱོད་ཡོད་པའི་ཚན་རིག་པ་མང་དག་ཅིག་གིས་བོད་པའི་ནང་ཆོས་ལས་གསུངས་པའི་སེམས་ཀྱི་རྣམ་གཞག་དང་ཚོར་བའི་སྐོར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཚུལ་གསུངས་འདུག

དེའི་རྗེས་༸གོང་ས་མཆོག་གིས་ས་གནས་དེར་ཡོད་པའི་ (Dalhousie Public School) སློབ་གྲྭར་ཆིབས་བསྒྱུར་གྱིས་དགེ་ལས་སློབ་ཕྲུག་སྟོང་ཕྲག་བརྒལ་བར་༼སེམས་ཀྱི་ཤེས་ཡོན་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྗེས། དེ་རིང་ཕྱི་ཚེས་༢༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་ཕྱིར་བཞུཊ་སྒར་ངྷ་རམ་ས་ལའི་ཕོ་བྲང་དུ་ཞབས་སོར་འཁོད་སོང་ལ། ཕྱི་ཟླ་ ༥ པའི་ནང་མུ་མཐུད་དུ་ཨ་རིའི་གྲོང་ཁྱེར་ཁག་ཅིག་ཏུ་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།   

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༢ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 3

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ཡིད་བཞིན་ནོར་བུའི་དཔག་བསམ་ལྗོན་དབང་མཐར།
    ཡིད་དུ་འོང་བའི་འཁྲི་ཤིང་མང་ན་ཡང།
    ཡིད་ཆེས་རེ་བའི་ཁེངས་པའི་བཟའ་ཤིང་འགའ།
    ཡོད་དམ་མེད་ཅེས་ཡིད་གཉིས་བདག་ལའོ།

    Reply
  2. གཅན་དཔལ་ལྡན། says:
    ལོ་ 13 སྔོན།

    གྲྭ་གྲོཊ་གྲྭ་ལོག་ལཊ། ལགས་རེད། ཁྱེད་ཀྱིས་བཤད་པ་དེ་བདེན་པ་རེད། ཌལ་ཧོར་སློབ་ཟུར་ཐུན་མོང་གིས་རྒྱ་གར་གཞུང་མང་གཉིས་དང་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་ཙམ་མིན་པར། ༸གོང་ས་མཆོག་ལའང་གཟེངས་རྟགས་ཞིག་ཕུལ་ཡོད་འདུག གསར་འགྱུར་ཁྲོད་ཀྱི་གཟེངས་རྟགས་གནས་ཚུལ་དེ་ (highlight)ཆགས་ཡོད་ས་མ་རེད།

    Reply
  3. གྲྭ་ལོག says:
    ལོ་ 13 སྔོན།

    གསར་འགོད་པ་དཔལ་ལྡན་ལགས། གཞན་ཡང་སྐབས་འདིར། ༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་ལ་སློབ་ཟུར་ཚོས་གཟེངས་རྟགས་སམ་རྟགས་མ་དེ་འདྲ་ཕུལ་ཡོད་པ་རེད་ཅེས་གོ་སོང། དེའི་གནས་ཚུལ་དེ་ག་འདྲ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese