མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྐོག་གསོད་དོན་རྐྱེན།

བོད་ཀྱི་དུས་བབ།
༢༠༡༣/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོར་ཀི་སི་ཐན་གྱི་རྒྱལ་ས་ཨེ་སི་ལཱ་མ་ཌ་ཊི་(Islamabad ) རུ་ལྐོག་གསོད་དོན་རྐྱེན་ཞིག་བྱུང་ཡོད་པ་དང་། དེ་ནི་པ་ཀི་སི་ཐན་གྱི་སྲིད་འཛིན་ཟུར་བ་ལྕམ་སྦུ་ཌོ་ (Benazir Bhutto) མཆོག་གི་ཁྲིམས་གཏུག་པ་ཅཱའོ་ཌ་རཱེས་(chaudhry Zulfiqar Ali) ལགས་རང་ཁྱིམ་ནས་རཱ་བཱ་པེན་ཊིའི (Rawalpindi) ཁྲིམས་ཁང་དུ་སྤུ་ཌོ་ལྐོག་གསོད་གྱོད་དོན་སྐོར་གྱི་དྲི་བ་དྲིས་ལན་ཞིག་ལ་འགྲོ་བཞིན་པའི་ལམ་བར་དུ། སྦག་སྦག་ཞོན་མཁན་ཞིག་གིས་ཁོང་གི་མགོ་དང་རྒྱབ་མདུན་གཉིས་ལ་མེ་མདའ་ཐེངས་ ༧ བརྒྱབ་སྟེ་ལྐོག་གསོད་བྱས་ཡོད་པ་དང་། ཁོང་དེ་མ་ཐག་སྨན་ཁང་དུ་འཁྲིད་ཡོད་ཀྱང་མྱུར་སྐྱོབ་མ་ཐུབ་པར་འདས་གྲོངས་སུ་ཕྱིན་འདུག་ལ། ལྐོག་གསོད་པ་ཡང་འཛིན་བཟུང་མ་ཐུབ་པར་བྲོས་ཡོད་འདུག

ས་གནས་ཉེན་རྟོག་པས་བརྗོད་པ་ལྟར་ན། ཁོ་རང་སྦོ་ཌོའི་ལྐོག་གསོད་དོན་རྐྱེན་ཆེད་རཱ་བཱ་པེན་ཊིའི་ཁྲིམས་ཁང་དུ་སྐྱོད་པའི་ལམ་བར་ནས་ལྐོག་གསོད་ཐེབས་ཡོད་པ་དང་། ཁོང་ལྐོག་གསོད་བྱས་པའི་རྒྱུ་མཚན་གསལ་བོ་བརྗོད་མེད་ཀྱང་། ཁོང་ཚོར་བདེན་དཔང་མང་པོ་ཡོད་ལ་གནས་སྐབས་རིང་ཕྱི་བསྒྲགས་བྱ་རྒྱུ་མིན་པ། ཅཱའོ་ཌ་རཱེས་ལ་ལྐོག་ནས་མེ་མདའ་བརྒྱབ་མ་ཐག་ཁོང་གི་རླངས་འཁོར་གྱིས་བུད་མེད་ཞིག་ལ་གདོང་ཐུག་བརྒྱབ་སྟེ་བུད་མེད་དེ་བསད་ཡོད་པ་མ་ཟད། རླངས་འཁོར་ཁ་ལོ་བའང་རྨས་ཡོད་སྐོར་བརྗོད་འདུག

ཟླ་འགའི་སྔོན་དུ་བྷེ་བྷེ་སི་གསར་ཁང་གིས་ཅཱའོ་ཌ་རཱེས་ལགས་སུ་བཅར་འདྲི་ཞིག་བྱས་པའི་ནང་། ཁོང་ལ་ངོ་མི་ཤེས་པའི་མི་མང་པོ་ཞིག་གིས་ཁ་པར་བརྒྱུད། ཁོ་རང་གྱོད་དོན་རྟོག་ཞིབ་ལས་ཀ་ནས་ཕྱིར་འཐེན་བྱ་དགོས་བའི་འཇིགས་སྐུལ་ཐེངས་མང་བྱས་སོང་ཚུལ་བརྗོད་འདུག 

ཁྲིམས་རྩོད་པ་ཅཱའོ་ཌ་རཱེས་ནི་ཉེས་དོན་ཁྲིམས་རྩོད་པ་དང་གཞུང་གི་བདེ་འཇགས་ཞིབ་དཔྱོད་ལས་ཁུངས་ཀྱི་ཆེས་མཐོའི་ཞིབ་དཔྱོད་པ་བཅས་ཡིན་པ་དང་། ༢༠༠༧ ལོར་པ་ཀི་སི་ཐན་མི་མང་ཚོགས་པའི་དབུ་ཁྲིད་ལྕམ་སྦུ་ཌོ་ལྐོག་གསོད་གྱོད་དོན་ལ་ཞིབ་འཇུག་དང་། ༢༠༠༨ ལོའི་རྒྱ་གར་མུམ་པེ་(Mumbai)འཇིགས་སྐུལ་དོན་རྐྱེན་ལ་ཞིབ་འཇུག་བྱས་ཏེ། པ་ཀི་སི་ཐན་ནང་གི་ལཱ་ཞི་ཀར་ཨེ་ཌའ་སྦ་ (Lashakar-e-Taiba)ཞེས་པའི་ཚོགས་པའི་མི་བདུན་གྱིས་མུམ་པེར་གཏོར་རྒོལ་པ་དག་ལ་འཆར་གཞི་དང་སྦྱོང་བརྡར། དངུལ་གྱི་འགྲོ་སོང་སོགས་བཏང་ཡོད་པའི་བདེན་དཔང་ཁག་ཅིག་པ་ཀི་སི་ཐན་འཇིགས་སྐུལ་ཁྲིམས་ཁང་(Terror court)ལ་སྙན་གསེང་ཞུས་ཡོད་འདུག  

༢༠༡༡ ལོར་ཁོང་གིས་སྲིད་འཛིན་ཟུར་པ་མུ་ཤི་རཱ་ཧྥི་ཡིས་སྤོ་ཌོའི་བདེ་སྲུང་ལ་བཀོད་སྒྲིག་ཡག་པོ་བྱས་མེད་པའི་ནག་ཉེས་ཁྲིམས་གཏུག་བྱས་སྟབས། དེང་སང་མུ་ཤི་རཱ་ཧྥི་རང་ཁྱིམ་དུ་བཟང་བཙོན་ལ་བཅུག་ཡོད། 

ཁ་སང་པ་ཀི་སི་ཐན་གྱི་སྐྱ་རེངས་གསར་ཤོག་སྟེང་། རྒྱལ་ས་ཨེ་སི་ལཱ་མ་པ་ཊི་དང་རཱ་བཱ་པེན་ཊི་ཁྲིམས་ཁང་གཉིས་ཀྱི་ཁྲིམས་ཞིབ་པ་དང་ཁྲིམས་རྩོད་པ་ཚོས་ཅཱའོ་ཌ་རཱེས་ལྐོག་གསོད་བྱས་པར། ལས་མཚམས་ངོ་རྒོལ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག མུ་ཤི་རཱ་ཧྥི་ཆབ་སྲིད་ཚོགས་པ་དང་པ་ཀི་སི་ཐན་རྒྱལ་ཡོངས་ཁ་ཆེ་མཐུན་ཚོགས་སོཊ་ཀྱིས་ཀྱང་ཐེངས་འདིའི་ཁོང་ལྐོག་གསོད་དོན་རྐྱེན་ལ་སྐྱོན་བརྗོད་བྱས་འདུག 

ཉེ་ལམ་པ་ཀི་སི་ཐན་ནང་དྲང་བདེན་ལ་དགའ་བའི་ཆབ་སྲིད་པ་སཱ་ཊེ་ཁུ་ཛཱ་མཱན་ཀཱ་ཌའ་ཀུ(Sadiq Zaman Khattak) དང་ཁོང་གི་བུ་ཆུང་བ། མོ་ཧཱ་ཊི་ཨ་ཊིལ (Mohammad Adil) བཅས་ལྐོག་གསོད་དོན་རྐྱེན་སྔ་ཕྱིར་བྱུང་བ་དེ་ནི། འབྱུང་འགྱུར་པ་ཀི་སི་ཐན་གྱི་སྲིད་འཛིན་འོས་བསྡུས་ལ་ཁྲག་གི་འོས་བསྡུས་ཞེས་འགྲེལ་བཤད་རྒྱག་གིན་ཡོད་པ་རེད།

 

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༡༨ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese