ཟླ་འདིའི་ཕྱི་ཚེས་ ༧ ནས་ ༢༡ བར་༸གོང་ས་མཆོག་གིས་ཨ་རིའི་མཱར་རུ་ལན་ཌི་དང་མེ་ཊེ་སེན་བཅས་མངའ་སྡེ་དང་གྲོང་ཁྱེར་ཁག་ལྔ་ལྷག་གི་ནང་ཆོས་ཕྱོཊ་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག
ཁ་སང་ཕྱི་ཚེས་ ༥ ཉིན་ཨ་རིའི་མངའ་སྡེ་དང་གྲོང་ཁྱེར་ཁག་ལྔའི་གཙུག་ལག་སློབ་ཆེན་ཁག་དང་དེར་ཡོད་དད་ལྡན་མང་ཚོཊ་ཀྱིས་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་མཆོག་བཞུཊ་སྒར་ངྷ་རམ་ས་ལ་ནས་ཆིབས་བསྒྱུར་གནང་ཡོད་ཅིང་། སང་ཉིན་ཕྱི་ཚེས་ ༧ ཉིན་༸གོང་ས་མཆོག་ཨ་རིའི་མཱར་རུ་ལན་ཌི་ (Maryland) མངའ་སྡེའི་སློབ་གྲྭ་ཆེན་མོར་ཆིབས་བསྒྱུར་གྱིས་དགེ་ལས་སློབ་ཕྲུག་དང་མང་ཚོཊ་ལ་ ༼སྙིང་རྗེ་བརྒྱུད་ནས་ཞི་བདེ་ཐོབ་ཐབས༽ ཞེས་པའི་བརྗོད་གཞིའི་བཀའ་སློབ་དང་། ཉིན་རྒྱབ་ཁ་ཆེའི་སོའུ་ཧྥེ་ (Sufis) ཆོས་ལུཊ་ཀྱི་མི་སྣར་མཇལ་འཕྲད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༩ ཉིན་ཨ་རིའི་གྲོང་ཁྱེར་བྷོར་ཌི་ལན་ཌི་སློབ་ཆེན་དུ་ཆོས་ལུཊ་རིས་མེད་ཀྱི་དབུ་ཁྲིད་རྣམ་པའི་ཁོར་ཡུག་སྐོར་གྱི་ལྷན་ཚོཊ་ཐོག ༼སེམས་ཀྱི་རྣམ་གཞག༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་དང་། ཚེས་ ༡༠ ཉིན་ཨོར་གྷན་གཙུག་ལག་སློབ་ཆེན་དང་བསམ་གཏན་ཆོས་གླིང་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཡོ་ཇིན་ (Eugene) གྲོང་ཁྱེར་དུ་མང་ཚོཊ་ལ་བཀའ་སློབ་གནང་རྒྱུ། ཚེས་ ༡༡ ཉིན་མུ་ཌི་པཱ་གཙུག་ལག་སློབ་གྲྭའི་ཁོར་ཡུག་གི་ཆེ་མཐོའི་ལྷན་ཚོཊ་སུ་ཆིབས་བསྒྱུར་གྱིས་༼སྙིང་རྗེ་དང་གོ་ལའི་ཁོར་ཡུག༽ ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༤ ནས་ ༡༥ བར་གྱི་ཉིན་གཉིས་རིང་༸གོང་ས་མཆོག་གིས་མངའ་སྡེ་མེ་ཊེ་སེན་དུ་མང་ཚོཊ་ལ་རྟེན་འབྲེལ་བསྟོད་པའི་གསུང་ཆོས་དང་། ཝི་སི་ཀོན་སིན་ (Wisconsin ) གཙུག་ལག་སློབ་གྲྭའི་མཁས་པའི་བགྲོ་གླེང་གི་ཚོཊ་མགོན་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང་། ཚེས་ ༡༧ ཉིན་ནིའུ་ཡོག་གྲོང་ཁྱེར་གྱི་ཁྲོ་ལཱན་ (Tulane) གཙུག་ལག་སློབ་གྲྭས་གཙོ་སྐྱོང་གནང་བའི་༼སེམས་ཀྱི་སྡུག་བསྔལ་བྱམས་བརྩེ་དང་སྙིང་རྗེའི་ལམ་ནས་སེལ་ཐབས༽ ཞེས་པའི་བགྲོ་གླེང་ཐོག་ཆིབས་བསྒྱུར་དང་། དེར་ཡོད་ས་གནས་མང་ཚོགས་ལ་བཀའ་སློབ་བཅས་གནང་རྒྱུ་ཡིན་འདུག་ལ། ཚེས་ ༡༩ ནས་ ༢༡ བར་ཀེན་ཌོ་ཀེའེ་ (Kentucky) ས་གནས་ཀྱི་ལོའུ་སི་ཝེལ་ (Louisville) ནང་བྱམས་སྙིང་རྗེའི་སྐོར་ནས་མང་ཚོཊ་ལ་བཀའ་སློབ་གནང་རྒྱུ་ཡིན་འདུག