མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཤད་སྒྲུབ་གཉིས་ཆ་ཚང་བ་ཞིག་དང་ཡ་མ་བྲལ་བ་ཞིག་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་རྒྱུད་སྟོད་གྲྭ་ཚང་དུ་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བཤད་སྒྲུབ་བསྟན་པ་གོང་སྦེལ་གཏོང་ཕྱོཊ་སྐོར་གྱི་ཚོགས་འདུ་ཞིག་ཚོགས་སོང་ལ། ལྷན་ཚོགས་འདིའི་ཐོག་བོད་པའི་དགོན་སྡེ་ཁག་ཏུ་བཤད་སྒྲུབ་ཟུང་འབྲེལ་གྱིས་ཕེལ་རྒྱས་གཏོང་ཕྱོགས་ཐོག་བགྲོ་གླེང་ཐག་གཅོད་གནང་རྒྱུ་ཡིན་འདུག   

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་ཞོཊ་པའི་ཆུ་ཚོད་ ༩།༠༠ ཐོག བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ངྷ་རམ་ས་ལའི་རྒྱུད་སྟོད་གྲྭ་ཚང་དུ། ༼བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བཤད་སྒྲུབ་བསྟན་པ་གོང་སྦེལ་ལྷན་ཚོཊ༽ ཞེས་པ་དབུ་འཛུཊ་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་ཚབ་དང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག  བོད་མི་མང་སྤྱི་འཐུས་ཚོཊ་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་དང་ཆོས་རྒྱུད་ཁག་གི་སྤྱི་འཐུས་རྣམ་པ། དེ་བཞིན། ཆོས་རྒྱུད་ཁག་གི་སྐུ་ཚབ་མཁན་པོ་དང་དགེ་བཤེས། གྲྭ་བཙུན། བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་ལྷག་རྡོར་ལཊ་བཅས་ཁྱོན་མི་ ༥༠ ལྷག་འདུ་འཛོམས་བྱུང་སོང་།  

ཕྱི་ཚེས་ ༡༤ ནས་ ༡༧ བར་གྱི་ཚོཊ་འདུའི་གྲོས་གཞི་ཁག་ནི།  དང་པོ། དུས་དང་འཚམ་པར་ཆོས་ལུཊ་ཆོས་བརྒྱུད་ཁག་གི་བཤད་སྒྲུབ་བསྟན་པ་མི་ཉམས་རྒྱུན་འཛིན་དང་གོང་འཕེལ་གཏོང་ཕྱོགས། གཉིས་པ། བཤད་གྲྭ་དང་རྩོད་གྲྭ་ཚཊ་ཚུད་ཡོད་སར་སྒྲུབ་པའི་བསྟན་པ་གོང་འཕེལ་དང་། སྒྲུབ་གྲྭ་ཚཊ་ཚུད་ཡོད་སར་བཤད་གྲྭ་དང་རྩོད་གྲྭ་གོང་འཕེལ་གཏོང་ཕྱོགས། གསུམ་པ། གཞུང་ཆེན་བཀའ་པོད་ལྔ་རེ་རེའི་ཐོག་རིཊ་གཅིག་རྐང་འཛིན་པ་ཐོན་ཐབས། བཞི་བ། རིས་མེད་རྩོད་གྲྭ་༼འཇང་དགུན་ཆོས༽ དང་སྨོན་ལམ་ཆེན་མོ་ཚུཊ་ཕྱོགས། ལྔ་བ། བཤད་གྲྭ་སོ་སོའི་རྒྱུན་ལྡན་སློབ་ཚན་ནང་དེང་དུས་ཚན་རིག་སྒྲིཊ་ཕྱོགས། དྲུག་པ། སོ་སོའི་ཁྱབ་ཁོངས་གཞིས་ཆཊ་སུ་ཡོད་པའི་སྐྱ་བོའི་མི་མང་དང་། ལྷག་པར་དེང་དུས་རིག་པའི་བསླབ་པ་མཐར་སོན་བོད་རིཊ་ན་གཞོན་སློབ་ཕྲུག་ཚོར་དམིཊ་ཏེ་ཚད་མ་གཙོས་ནང་དོན་རིག་པ་སློབ་ཁྲིད་གནང་ཕྱོཊ། བདུན་པ། བསྟན་པའི་གཞི་མ་ལེཊ་པར་གསུང་བའི་ཆོས་འདུལ་བའི་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་ཕྱོཊ་སྤྱི་དང་། ལྷག་པར་དེང་སང་ཕྱི་ནང་སྤྱི་ཚོཊ་ཁྲོད་དུ་འབྱུང་བཞིན་པའི་གྲྭ་བརྫུ་བླ་བརྫུ་རིཊ་ཀྱིས་འདུལ་བ་འཛིན་པ་སྤྱི་ལ་མཚན་སྨད་ཡོང་གཞིས་བཟོས་དང་བཟོ་བཞིན་པར་གདོང་ལེན་གནང་ཕྱོགས། བརྒྱད་པ། འབྲེལ་ཆཊ་ཀྱི་གནད་དོན་གཞན་གྱི་ཐོག་བཀའ་བསྡུར་ཞེས་འཁོད་འདུག  

ཚོཊ་འདུ་དབུ་འཛུཊ་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་མར་མེ་ཞལ་འབྱེད་དང་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་མྱ་ངན་གུས་འདུད་སོགས་ཀྱི་འཆར་ཅན་གྱི་ལས་རིམ་ཁག་གྲུབ་རྗེས། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ད་ལྟའི་ཆར་འཛམ་གླིང་ནང་བོད་མི་རིག་ལ་ཆེ་མཐོང་དང་རྒྱབ་སྐྱོར་ཡོང་བཞིན་པ་དེ་དག་ནང་པའི་ཆོས་ལ་བརྟེན་ནས་བྱུང་བཞིན་ཡོད་པ་དང་། འདས་པའི་ལོ་ ༥༣ ཙམ་གྱི་རིང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་དག་གི་འབད་བརྩོན་འོག་འཛམ་གླིང་ནང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། ད་ཆར་ཨ་རི་དང་ཡུ་རོབ། ཨེ་ཤ་ཡ། ལྷོ་ཨ་ཧྥི་རི་ཀ་བཅས་སུ་ཆོས་ཚོཊ་ ༧༠༠ ལྷག་བཙུགས་ཡོད་པ། མ་འོངས་པར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བཤད་སྒྲུབ་ཀྱི་བསྟན་པ་སྔར་ལས་ཡར་རྒྱས་གོང་འཕེལ་གཏོང་ཆེད། ཐེངས་འདིར་སྐུ་ཚབ་རྣམ་པས་དགོངས་པ་གཏིང་ཟབ་བཞེས་ཏེ། མ་འོངས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་གོང་སྤེལ་གཏོང་ཐབས་ཐོག་གོ་བསྡུར་ལྷུག་པོ་གནང་རྒྱུ་དང་། ད་རེབ་ལམ་སྟོན་དང་གྲོས་ཆོད་ཅི་བྱུང་ཁག་ཆོས་རིག་ལས་ཁུངས་ཀྱིས་ཁས་ལེན་གཙང་མ་དང་ཕྱི་གསལ་ནང་གསལ་གྱིས་ལག་ལེན་བསྟར་ཐབས་བྱ་རྒྱུ་ཡིན་སྐོར་སོགས་ཀྱི་ཁས་ལེན་གནང་སོང་།   

དེའི་རྗེས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ང་ཚོ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་བཙན་བྱོལ་གཞུང་གིས་བསྟན་པ་ཆོས་རྒྱུན་གྱི་མངའ་བདག་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་དགོན་སྡེ་ཁག་དང་རབ་བྱུང་ཁག་ལ་སྲི་ཞུ་གནང་རྒྱུ་གཙོ་བོར་མ་བཟུང་བར་ན་གཞོན་ཚོའི་ཤེས་ཡོན་དང་འཛིན་སྐྱོང་ཐོག་བཏང་ཡོད་ཀྱང་། དེང་སང་ཆོས་ལུཊ་རིས་མེད་ལ་བལྟས་ན་ཆོས་རྒྱུད་རང་རང་སོ་སོའི་བསྟན་བདག་བླ་ཆེན་ཁག་གི་ཐུགས་འགན་འོག་བཙན་བྱོལ་སྤྱི་ཚོགས་ནང་དཔལ་འབྱོར་དང་འཛིན་སྐྱོང་ཡག་ཤོས་དགོན་པ་ཁག་ཆགས་ཡོད་པ་དང་། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་དགོན་སྡེ་གང་དུ་ཕྱིན་ཡང་། དགོན་པ་ཉམ་ཐག་དང་འཚོ་བ་ཁུངས་མ་འཁྱོལ་བའི་རིགས་གཅིག་ཀྱང་མེད་པ། སྔོན་མ་ཁྱིམ་པའི་སྤྱི་ཚོཊ་ཀྱིས་རབ་བྱུང་བའི་སྡེ་ལ་བསྙེན་བཀུར་བྱེད་དགོས་ཀྱང་། དེང་སང་རབ་བྱུང་གི་སྡེས་ཁྱིམ་པའི་སྤྱི་ཚོཊ་ལ་ཕར་རོགས་རམ་གནང་དགོས་པའི་གནས་སྐབས་ཤིག་ཏུ་སླེབས་ཡོད་སྟབས། དགོན་སྡེ་ཁག་གཞུང་དང་སྒྲིག་འཛུཊ་ལ་བསྙེས་མ་བསྡད་པར། རང་གི་རྐང་པའི་ཐོག་རང་ཉིད་ལངས་ཐུབ་པའི་ཕྱག་ལས་གནང་ཐུབ་པ་དེ། ཆོས་རྒྱུད་སོ་སོའི་བླ་ཆེན་རྣམ་པས་དབུ་འཁྲིད་འོག ཕྱི་རྒྱལ་དུ་ཆོས་ཚོཊ་ཁག་བཙུགས་ཏེ་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་ལ་རོགས་རམ་དང་། གྲྭ་རྒྱུན་གསོ་སྐྱོང་དང་སློབ་གྲྭ་འཛིན་སྐྱོང་སོགས་གནང་བཞིན་པ་དེ་ཧ་ཅང་གཟི་བརྗིད་ཆེན་པོ་ཡིན་སྐོར་གསུངས་སོང་།  

ཡང་ཁོང་གིས་མ་འོངས་པར་བཤད་སྒྲུབ་གཉིས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་ཕྱོཊ་ཐད། “ བཤད་སྒྲུབ་གཉིས་ཆ་ཚང་བ་ཞིག་དང་ཡ་མ་བྲལ་བ་ཞིག་མ་བྱུང་བར། བཤད་པ་བཤད་རྐྱང་ལ་ཕྱིན་པ་དེས་བསྟན་པ་འཛིན་པ་ལ་མི་ཕན་པ་དང་། ཚད་རྗེས་བྱས་སྒྲུབ་ཆགས་འགྲོ་བ་དང་། སྒྲུབ་པ་ཕྲན་ཙམ་ཕར་མ་ཕྱིན་པའི་སྒོ་ནས་ཕྱིན་པ་ཡིན་ན། སྒྲུབ་པ་མཐར་ཕྱིན་པ་མི་ཡོང་བ་དངོས་ཡོད་གནས་ཚུལ་རེད། བོད་ནང་གཞུང་ཆེན་པོར་བཤད་པ་མང་པོ་བྱས་པ་དེས། སྒྲུབ་པ་ཉམས་ལེན་ལ་ཕན་གྱི་མ་རེད་ཅེས་བཤད་སྲོལ་བྱུང་ཡོད་པ་རེད། སྐྱེ་བུ་དམ་པ་དེ་དག་ལོགས་ག་རེད་མ་གཏོགས། ཐོས་པ་ཚད་དང་ལྡན་པ་ཞིག་མ་སྦྱངས་པ་ཡིན་ན། སྒྲུབ་པ་ཡོངས་སུ་རྫོཊ་པ་ཞིག་ཡོང་ཐབས་མེད་པ་དེ་དངོས་ཡོད་གནས་ཚུལ་རང་རེད། ཕྱོཊ་གཞན་ཞིག་ནས་ཐོས་པའི་བརྡ་མ་འཕྲོད་པའི་སྐབས་སུ། སྒོམ་སྒྲུབ་ཉམས་ལེན་བྱས་པ་དེ་སྒྲུབ་བྱ་ཁོ་རང་ཚང་གི་མ་རེད། སྒོམ་སྒྲུབ་ཉམས་ལེན་རྒྱ་ཆེན་པོ་ཕར་ཞོག སྐྱབས་འགྲོ་ཡག་པོ་ཞིག་བྱ་དགོས་བྱུང་ཡང་། ཚད་དང་ལྡན་པ་ཞིག་བྱ་བ་ལ་སངས་རྒྱས་དང་ཆོས། དགེ་འདུན་གྱི་ངོས་འཛིན་ཆ་ཚང་ཤེས་དགོས་ཀྱི་ཡོད་པ་རེད། སངས་རྒྱས་ཤེས་ལབ་དུས་ཆོས་སྒྲོམ་ནང་ཡོད་པའི་སྐུ་འདྲ་དང་བྱུང་རབས་ནང་ཡོད་པའི་ཤཱཀྱཱ་ཐུབ་པ་ཙམ་མ་གཏོགས། སངས་ཚུལ་དང་རྒྱས་ཚུལ་རྣམ་བཞག་མ་ཤེས་པ་དང་། སྐུ་ཟུང་བདག་ཉིད་ལ་སོཊ་པ་མ་ཤེས་པ་ཡིན་ན། སངས་རྒྱས་ལ་སྐྱབས་སུ་མཆི་ཟེར་བ་དེས་ཚིག་གིས་གྲུབ་པ་ཙམ་ལས། སངས་སྟངས་དང་རྒྱས་སྟངས། སྐྱབས་སུ་འགྲོ་བའི་རྒྱུ་མཚན་དང་འགྲོ་ཚུལ་སོཊ་གང་ཡང་ཤེས་ཀྱི་མེད་སྟབས། ཚད་མ་རིག་པ་གཞི་རྩར་བཟུང་སྟེ་ཐོས་པ་རྒྱ་ཆེན་པོ་བྱ་རྒྱུ་དང་། གང་ཐོས་པ་བྱས་པ་དེ་སྒྲུབ་པ་ཉམས་ལེན་བྱ་ཆེད། བཤད་གྲྭར་སྒྲུབ་གྲྭའི་ཡན་ལག་ཚང་བ་དང་། སྒྲུབ་གྲྭར་བཤད་གྲྭའི་ཡན་ལག་ཚང་བ། དེའི་རིགས་ལ་ཞན་ཆ་ཡོད་པ་དེ་དག་ང་ཚོ་བཙན་བྱོལ་དུ་ཡོད་སྐབས་བཟོ་ཐུབ་པར་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། ” ཅེས་གསུངས་བྱུང་།

དེ་རིང་ཉིན་རྒྱབ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལཊ་དང་། ཚན་རིག་དང་ཆོས་འཕྲད་པའི་ལས་འཆར་(Science meet Dharma Project)  གྱི་འགན་འཛིན་སློབ་དཔོན་ཝར་ནར་ནེ་ཊར་(Dr. Werner Nater) ལཊ་གཉིས་ཀྱིས། ཆོས་སྡེ་ཁག་ཏུ་དེང་དུས་ཚན་རིག་སློབ་ཁྲིད་གནང་ཕྱོཊ་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་པ་དང་།  སང་ཉིན་ནས་བཤད་སྒྲུབ་བསྟན་པ་གོང་འཕེལ་གཏོང་ཕྱོཊ་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་། ཉིན་མཐའ་མར་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལྷན་ཚོཊ་སུ་ཆིབས་བསྒྱུར་དང་། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོ་སྐྱོང་འོག  མཐའ་མའི་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༦ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 1

  1. sangkye says:
    ལོ་ 13 སྔོན།

    བཤད་སྒྲུབ་གཉིས་ཆ་ཚང་བ་ཞིག་དང་ཡ་མ་བྲལ་བ་ཞིག་བྱ་དགོས།
    འདོན་སྤེལ། ༢༠༡༣/༠༥/༡༤
    དེ་རིང་སྔ་དྲོར་རྒྱུད་སྟོད་གྲྭ་ཚང་དུ་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བཤད་སྒྲུབ་བསྟན་པ་གོང་སྦེལ་གཏོང་ཕྱོཊ་སྐོར་གྱི་ཚོགས་འདུ་ཞིག་ཚོགས་སོང་ལ། ལྷན་ཚོགས་འདིའི་ཐོག་བོད་པའི་དགོན་སྡེ་ཁག་ཏུ་བཤད་སྒྲུབ་ཟུང་འབྲེལ་གྱིས་ཕེལ་རྒྱས་གཏོང་ཕྱོགས་ཐོག་བགྲོ་གླེང་ཐག་གཅོད་གནང་རྒྱུ་ཡིན་འདུག

    དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་ཞོཊ་པའི་ཆུ་ཚོད་ ༩།༠༠ ཐོག བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ངྷ་རམ་ས་ལའི་རྒྱུད་སྟོད་གྲྭ་ཚང་དུ། ༼བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཟེར་འདུག ངོས་ནས་དེ་རེད་མི་འདུས་བསམ་སོང་། གང་ཡིན་ཟེར་ན་ལྷན་ཚོགས་འདིའི་ཐོག་ལ་བོད་པའི་དགོན་སྡེ་ཁག་ཏུ་བཤད་སྒྲུབ་ཟུང་འབྲེལ་དང་བོད་ཀྱི་བསྟན་པ་འཕེལ་རྒྱས་གཏོང་ཕྱོགས་ལ་བགྲོ་གླེང་ཚོགས་པ་ཡིན་ན། བོད་ཀྱི་ཆོས་རྒྱུད་ཆེན་མོ་ལྔ་དང་གཡུང་དྲུང་བོན་བཅས་བཤད་སྒྲུབ་ཀྱི་བསྟན་པ་འཕེལ་རྒྱས་གཏོང་དགོས་གསུང་ན་སྙམ། བོད་ལ་ཆོས་རྒྱུད་ཆེན་མོ་ལྔ་དང་གཡུང་དྲུང་བོན་བཅས་ཡོད། བོད་མའི་སྒྲིག་འཛུགས་ཆོས་རིག་ལས་སྣེ་དང་གཞན་ལས་བྱེད་ཚང་མའི་ཧ་གོ་ཡོད་རྒྱུ་རེད། གོ་མེད་ན་ང་རང་བརྡ་སྤྲོད་བྱེད་དུ་ཡོངས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese