ཉེ་ཆར་བོད་མདོ་སྨད་རྔ་པ་རྫོང་གི་གཞས་པ་པདྨ་རིག་འཛིན་ལཊ་ཁྲིན་ཏུའུ་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་གར་ཡོད་ཅི་བྱུང་ཤེས་རྟོཊ་མེད་པ་ཆགས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༧ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེ་རུ་མ་ཞང་རུ་ཁག་ ༤ པའི་གཞས་པ་པདྨ་རིག་འཛིན་ལཊ་གློ་བུར་དུ་རྒྱ་གཞུང་གི་ཉེན་རྟོག་པས་སི་ཁྲོན་ཁྲིན་ཏུའུ་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག ད་ལྟའི་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མེད་པ་ཆགས་ཡོད་པ་མ་ཟད། ཁོ་རང་ལ་གློག་བརྙན་སྒྲིག་བཟོ་ཁང་ཞིག་ཡོད་པ་དེ་ཡང་སྒོ་བརྒྱབ་ཡོད་འདུག
པདྨ་རིག་འཛིན་ལགས་ནི་བོད་དམངས་ཁྲོད་ཀྱི་གཞས་པ་ཞིག་ཡིན་པ་དང་། ༡༩༨༢ ལོ་ནས་བཟུང་ཁོང་གིས་(གངས་ལྗོངས་དྲན་གླུ) དང་ (མིག་ཆུ) སོགས་བོད་མི་རིགས་ཀྱི་གནས་བབ་མཚོན་པའི་གླུ་གཞས་མང་པོ་ལེན་མགོ་བརྩམས་ཤིང་། ཁོང་གི་ཕ་སྐད་གཙང་མའི་གླུ་གཞས་དག་ལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང་། ༢༠༠༨ ལོ་ཙམ་ནས་ཁོང་གིས་རྒྱུན་ལྡན་གྱི་གླུ་གཞས་གཏོང་མཚམས་བཞག་སྟེ། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་གློག་བརྙན་སྒྲིག་བཟོ་ཁང་ཞིག་གསར་འཛུགས་ཀྱིས། བོད་ཁམས་ཀྱི་གཞས་བ་གཞས་མ་མང་པོའི་མི་རིགས་ཀྱི་ལས་དབང་དབྱངས་སུ་གྱེར་བའི་གླུ་གཞས་ཆེད་བསྒྲིགས་མང་པོ་སྒྲིག་བཟོ་བྱས་ཡོད་ཅིང་། རྒྱ་གཞུང་གི་ཉེན་རྟོག་པས་དེ་སྔོན་པདྨ་རིག་འཛིན་ལགས་སུ། གློག་བརྙན་སྒྲིག་བཟོ་ཁང་དེ་སྒོ་རྒྱག་དགོས་པའི་ཉེན་བརྡ་ཐེངས་མང་བཏང་ཡོད་འདུག
ཐེངས་འདིར་རྒྱ་གཞུང་གིས་ཁོང་འཛིན་བྱེད་དགོས་པའི་རྒྱུ་རྐྱེན་གསལ་བཤད་བྱས་ཡོད་མི་འདུག གསར་འགོད་པས་ཁ་པར་བརྒྱུད་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར། གཞས་པ་པདྨ་རིག་འཛིན་ལཊ་ནི་རྔ་པ་རྫོང་རྨེ་རུ་མ་ཞང་རུ་ཁག་ ༤ པ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༤༡ ཡས་མས་ཡིན་འདུག ཁོང་རང་ཆུང་དུས་ནས་རྔ་པ་རྫོང་གནམ་མཚོ་དགོན་པ་རུ་གྲྭ་བ་བྱས་ཏེ། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་མྱོང་ལ། ཕྱིས་སུ་སྐྱ་སར་བབས་ཏེ་གཉེན་སྒྲིག་གིས་ད་ལྟ་བྱིས་པ་ ༢ ཡོད་འདུག