མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་སྐྱིད་ཀྱི་གསོས་ཕྲུག

བོད་ཀྱི་དུས་བབ།
༢༠༡༣/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༩༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྔོན་པས་རི་དྭགས་རྨས་མ་བདས། །ལ་ལ་བདའ་དུས་ཟིན་པར་རེ། །ཐུར་ལ་བདའ་དུས་འཆོར་བར་དོགས། །རེ་དོགས་ངང་ནས་ལ་ལུང་བརྒལ།།

            བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གི་གསང་མྱུལ་བ་སྤེན་པ་ཚེ་རིང་ཟེར་བ་ཞིག་འཇུས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་མ་ཐག ནམ་རྒྱུན་བོད་མི་ཚོ་ཉུལ་སའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེའི་སྐོར་ལ་གླེང་སློང་ཤུགས་ཆེན་བྱས། གླེང་གིན་གླེང་གིན་གནས་ཚུལ་གསར་པ་མང་པོ་ཐོན། གསང་མྱུལ་བ་སྤེན་པའི་ངོ་ཤེས་འགས་སྤེན་པ་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཡིན་རབས་དང། བདེ་སྲུང་གིས་ཁོ་པར་གསོལ་ཕོགས་སྤྲོད་ཀྱི་ཡོད་ཚུལ་བཤད། སྐད་ཆ་དེ་དག་དང་མཉམ་དུ་གསང་མྱུལ་བ་སྤེན་པ་དང་༸གོང་ས་མཆོག་ལྷན་དུ་བསྒྲོན་པའི་པར་ཞིག་ཀྱང་བརྒྱུད་ལམ་ཁག་ཏུ་ཐོན། གནས་ཚུལ་འདི་དག་གིས་མང་ཚོགས་ལ་དྲི་བ་དང་དོགས་པ་མང་པོ་བསླངས་ཤིང་འཇིགས་པ་དང་ཡིད་ཆད་སྣ་ཚོགས་བསྐྲུན།

            བདེ་སྲུང་གི་གསལ་བསྒྲགས་ནང་ཉེས་ཅན་སྤེན་པའི་གནས་ཚུལ་དང་མཉམ་དུ་ཁོ་རང་འཛིན་བཟུང་བྱེད་མཁན་གཉིས་ཀྱི་པར་དང་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ་ཨ་ཆད་ཨུ་ཐུག་གི་རང་མདོག་བསྟན། བདེ་སྲུང་གིས་ཁྲིམས་ལུགས་ལག་བསྟར་གྱི་ཞོར་དུ་གྱོད་དོན་གང་དེའི་འབྲེལ་ཡོད་མི་སྣའི་བདེ་འཇགས་ཀྱི་འགན་འཁྲི་ཡང་ལྷན་གཅིག་འཁྱེར་དགོས། གསལ་བསྒྲགས་ནང་སྤེན་པས་བཙན་བྱོལ་ནང་དམར་གསོད་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བར་ཆེད་དུ་ཡོང་སྐོར་གཅིག་དང་། གསར་འགོད་པ་ཚོར་མི་གཞན་གཉིས་ཀྱིས་དྲག་སྤྱོད་གཏོར་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པ་ལྐོག་གསོད་བྱེད་དུ་ཡོང་ཚུལ་གཉིས་བཤད།

            རྒྱ་ནག་གི་ཉེན་རྟོག་པ་ངྷ་རམ་ས་ལར་འབྱོར། བདེ་སྲུང་ལས་ཁུངས་ཀྱིས་ཁོའི་ནུས་རྩལ་ལ་ཧམ་པ་སྐྱེས་ཏེ་འགུག་ཐབས་བྱས། རེ་དོགས་བར་ནས་༧གོང་ས་མཆོག་ལ་མཇལ་མཁར་བཏང་། གསོལ་ཕོགས་སྤྲད། འོན་ཀྱང་རཱའུ་བྷེ་སི་ཡིས་སྤེན་པའི་མགུ་མ་ཁེངས་པར་ལྐོག་ནས་རྒྱ་ནག་ལ་ལག་པ་བསྲིངས་ཏེ་ལིའི་གཡུས་ཆོན་གྱི་བཀོད་བྱུས་འོག་རྒྱུག མདའ་གཅིག་གིས་ཤ་གཉིས་གསོད་པའི་དཔེ་ལྟར། བདེ་སྲུང་ལས་ཁུངས་དང་ལིའི་གཡུས་ཆོན་གཉིས་ཀའི་རྔན་པ་ཟོས། ད་དུང་ངྷ་ས་དང་གངས་སྐྱིད། ལྡི་ལི་དང་བལ་ཡུལ་སོགས་ནས་ཀྱང་ལས་ཀ་སྣ་ཚོགས་བྱས་ཏེ་སྐྱིད་པོ་བཏང་། མཐར་གསར་འབྱོར་བ་ཕོ་གསར་གཉིས་ཀྱིས་སྤེན་པ་འཇུས་ཏེ་བདེན་དཔང་དང་མཉམ་དུ་བདེ་སྲུང་ལ་ཕུལ། བདེ་སྲུང་གིས་ད་དུང་རེ་དོགས་ཁྲོད་ནས་ཟླ་བཞིར་བསྒུག་རྗེས་རྒྱ་གར་ཉེན་རྟོག་པར་སྤྲད།

            འདས་པའི་མི་ལོ་ལྔ་བཅུའི་རིང་བཀའ་ཤག་དང་བདེ་སྲུང་གིས་རྒྱ་ནག་གི་གསང་མྱུལ་བར་གཟབ་དགོས་རབས་བཤད་ཡོད་ལ། མང་ཚོགས་ནང་དུ་ཡང་རྒྱ་ནག་གི་མྱུལ་མ་དང་སོ་པ་ཞེས་ཉེས་མེད་ལ་ཉེས་འཛུགས་དང་། མི་དཀར་པོར་ཞ་ནག་པོ་གཡོག་པའི་སྲོལ་ཞིག་དར་ཡོད། “རྐུ་མ་ཁྱིམ་རྭ་ནང་མར་འཛུལ། བདག་པོས་སྒོ་རྭ་ཕྱི་མར་སྒུག” ཅེས་པའི་དཔེ་ལྟར། གསང་མྱུལ་བ་དགའ་ལྡན་ཕོ་བྲང་གཟིམ་ཆུང་དང་གངས་ཅན་སྐྱིད་གཤོང་བདེ་སྲུང་ནང་འཛུལ་བའི་མི་ཚད་འབྲོ་གྲབས་བར་ཅི་ཞིག་ལ་སྒུག་པ་ཡིན་ནམ། མི་འདི་གསང་མྱུལ་བ་དངོས་གནས་ཡིན་མིན་ད་དུང་ཁ་ཚོན་གཅོད་དཀའ་ཡང་། གད་སྲིད་ཡིན་པའི་དབང་དུ་བཏང་ན་ལོ་བཞི་དང་ཟླ་བཞིའི་རིང་ཅི་ཞིག་རྐུ་འཕྲོག་ཨེ་བྱེད་དང་གང་དུ་གཏོར་རྒོལ་ཨེ་གཏོང་ལ་རེ་སྒུག་བྱས་པ་རེད་དམ།

འབྲེལ་ཡོད་གསར་འགྱུར།

པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

ཆུ་ཚོད་ ༣ སྔོན་ལ།
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese