བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གནས་ཚུལ་བསྒྲགས་པ་ལྟར་ན། གཟའ་སྤེན་པའི་ཉིན་སྤྱི་འཐུས་རྒྱུན་ལས་གཉིས་འཕོ་འགྱུར་སོང་ཡོད་འདུག མདོ་སྨད་སྤྱི་འཐུས་རྒྱུན་ལས་རྒྱ་རིག་ཐར་གྱི་ཚབ་ཏུ་ཨམ་རྗེ་མཁྱེན་རབས་ལགས་དང་། དབུས་གཙང་སྤྱི་འཐུས་རྒྱུན་ལས་ཀརྨ་ཡེ་ཤེས་ལགས་ཀྱི་ཚབ་ཏུ་སྤྱི་འཐུས་པདྨ་འབྱུང་གནས་ལགས་བཅས་གསར་དུ་བསྐོ་བཞག་གནང་ཡོད་འདུག
རྒྱུན་ལས་འཕོ་འགྱུར་དང་བསྟུན་ཏེ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ལམ་སྟོན་གནང་བ་ལྟར་ན། སྤྱི་འཐུས་རྒྱུན་ལས་རྣམ་པ་སྡེ་ཚན་གསུམ་དུ་ཆ་བགོས་ཀྱིས་ཕྱག་ལས་གནང་གི་ཡོད་པ་ལྟར། ད་ལམ་ཕྱི་ཟླ་ ༦ པའི་ཚེས་ ༡ ནས་བཟུང་ཆབ་སྲིད་སྡེ་ཚན་དུ་སྤྱི་འཐུས་ཀརྨ་ཆོས་ལགས་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་མཁྱེན་རབ་རྒྱ་མཚོ་ལགས་བཅས་དང་། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་དུ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས། རྒྱུན་འབྲེལ་སྡེ་ཚན་དུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས་བཅས་སུ་གཏན་ཁེལ་བཀོད་ཁྱབ་གནང་ཡོད་འདུག
ཀརྨ་ཆོས་ཞེས་བྲིས་འདུག་པས་དངོས་གནས་གོ་རྒྱུ་སྦས་ནས་ཡོད་པ་འདྲ། ད་ཁྱེད་རང་གི་མིང་ཆ་ཚང་གངས་ལྗོངས་སྤྱི་ཚོགས་ནས་འབུད་གྲབས་འདུག་ཅེས་གོ་དགོས་པ་འདྲ།
གྲོས་ཚོགས་ནང་༸གོང་ས་མཆོག་ལ་སྙིང་ཁུངས་རུས་པའི་གཏིང་ནས་དད་པ་ཡོད་མདོག་གིས་ཁོང་གི་བསྟན་གནང་བའི་ལམ་དབུ་མའི་སྲིད་བྱུས་ལ་རྒྱབ་སྐྱོར་མཚམས་འཇོག་གིས་གཏམ་བཤད་སྤེལ་ཏེ་སྐད་གྲགས་ཆགས་པའི་ར་བཟི་བ་ཀརྨ་ཆོས་འཕེལ་ཆབ་སྲིད་སྡེ་ཚན་ནང་དུ་སླེབས་འདུག ༸རྒྱལ་བའི་ཐུགས་དགོངས་ཕམ་བཅུགས་པའི་མི་འདིས་མ་འོངས་པར་གཏོར་བརླག་ཅི་ཞིག་བྱེད་ཡོང་བསམ་ནས་སེམས་ལ་འཇིགས་སྣང་སྐྱེས་ཡོང་གི་འདུག
ཨེམ་ཆི་མཁྱེན་རབ་རྩ་དགོངས་ལ་བཏང་པ་ཞིག་གོ་མ་བྱུང་། དེ་གལ་ཆེན་པོ་ཡང་མ་རེད། བདེན་པ་ཡིན་པའི་དབང་དུ་བཏང་ནའང་། དེ་ལ་ཧ་ལས་རྒྱུ་ཡོད་མ་རེད།
སྐར་ཆོས་ཟེར་བའི་མི་ངན་ར་བཟི་དེ་མཐོང་བ་ཙམ་གྱིས་་་་་
རྒྱུན་ལས་གསར་པ་རྣམས་ཀྱི་ལས་དོན་ལམ་ལྷུང་ལེགས་འགྲུབ་འབྱུང་བའི་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད། ཨེམ་ཆི་སྨན་པ་མཁྱེན་རབ་ལག་སྨན་རྩིས་ཁང་ནས་རྩ་དགོངས་ལ་ཕུད་ཚར་བ་རེད་ཟེར་བ་ཞིག་གོ་སོང་། དེ་བདེན་པ་ཡིན་ནམ་མིན། གལ་སྲིད་བདེན་ཚེ་གནས་ཚུལ་གསལ་བོ་བཟོ་དགོས་ཡོད་རེད།