མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་བཞི་ལ་དྲན་གསོ་བྱས།

བོད་ཀྱི་དུས་བབ།
༢༠༡༣/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་སུད་སིའི་ནང་གི་གྲོང་ཁྱེར་ཆེ་ཁག་བཞིའི་ནང་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་ཡིག་ཆ་དང་།  བོད་གནས་འགྲེལ་བརྗོད་ཀྱི་ཡིག་ཆ་འགྲེམས་སྤེལ་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

དེ་རིང་ནི་རྒྱ་ནག་པེ་ཅིན་དུ་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བྱས་ཏེ་མི་ལོ་ ༢༤ འཁོར་བའི་དུས་དྲན་ཉིན་མོ་ཡིན་ཞིང་། ཉིན་འདིར་རྒྱ་རིགས་གཙོས་པའི་དམངས་གཙོ་དང་རང་དབང་བརྩོན་ལེན་བྱེད་མཁན་ཚོས་འཛམ་གླིང་གང་སར་དུས་དྲན་འདི་སྲུང་གཙི་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱིན་པའི་ཉིན་མོ་འདིར། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སུད་སིའི་རྒྱལ་ས་སྦར་དང་། ཇི་ནེ་ཝི། ལོའུ་ཙན་བཅས་གྲོང་ཁྱེར་བཞིའི་ནང་མི་ཚོགས་འདུས་སྡོད་མང་ས་དང་ཡུལ་སྐོར་བ་མང་སར་དྲུག་བཞིའི་དོན་རྐྱེན་གྱི་བྱུང་རིམ་དང་གནས་སྟངས་དང་། བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༡༡༨ ཙམ་བྱུང་བའི་རྒྱབ་ལྗོངས་ལོ་རྒྱུས། རྒྱ་གཞུང་གིས་དམངས་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ། རྩོམ་པ་པོ། ཤེས་ཡོན་པ་མང་པོ་བཙོན་འཇུག་བྱེད་ཀྱིན་ཡོད་པ། རྒྱ་རིགས་མི་མང་ས་ཡ་མང་པོར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པ། དེ་བཞིན། གྲངས་ཉུང་མི་རིགས་ཀྱི་རིགས་གཞུང་དང་ཡུལ་སྲོལ་གོམས་གཤིས་རྡོག་རོལ།  འཁོར་ཡུག་གཏོར་བརླག་བཅས་གཏོང་བཞིན་པའི་སྐོར་གྱི་ཡིག་ཆ་རྒྱ་ཡིག་དང་འཇར་མན། ཧྥི་རན་སི། དབྱིན་ཡིག་བཅས་ཀྱི་ནང་བསྒྱུར་ཏེ་འགྲེམས་སྤེལ་གནང་ཡོད་ཅིང་། སུད་སིའི་ཇི་ནི་ཝིར་བརྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་འཛམ་གླིང་ཚོང་འབྲེལ་སྐུ་ཚབ་ལས་ཁུངས་སོགས་སུ་ཡིག་ཆ་ཕུལ་ཡོད་འདུག ལས་འགུལ་འདིར་མཉམ་ཞུགས་གནང་མཁན་བོད་ཀྱི་མི་རབས་གསར་མཐུན་ཚོགས་ཀྱི་ཚོགས་མི་རྣམས་དང་། ཡུ་རོབ་གཞོན་ནུ་ལྷན་ཚོགས་ཀྱི་འཐུས་མི་བཅས་ཡོད་འདུག

ཐེངས་འདིའི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་བ་ལྟར་ན། དྲུག་བཞིའི་དོན་རྐྱེན་ཞེས་པ་ཕྱི་ལོ་ ༡༩༨༩  ལོའི་ཟླ་ ༦ ཚེས་ ༤ ཉིན་རྒྱ་ནག་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་རིགས་སློབ་མ་ཁྲི་ཕྲག་ཅིག་གིས་རྒྱ་གཞུང་གི་སྒེར་གཅོད་སྲིད་བྱུས་བསྒྱུར་བཅོས་དང་། དམངས་གཙོ། རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཆེད་ངོ་རྒོལ་སྐད་འབོད་དང་། ཟས་བཅད་ངོ་རྒོལ་སོགས་འཚེ་མེད་ཞི་བའི་ལས་འགུལ་ཉིན་ཤས་རིང་སྤེལ་སྐབས། རྒྱ་གཞུང་གིས་དྲག་དམག་བཏང་སྟེ་སློབ་ཕྲུག་ ༢༠༠༠ ལྷག་དམར་གསོད་བཏང་ཡོད།

རྒྱ་གཞུང་གིས་ལས་འགུལ་འདི་དང་འབྲེལ་ཡོད་སློབ་ཕྲུག་དང་དགེ་རྒན། ཤེས་ཡོན་པ། ལས་བཟོ་བ་སྟོང་ཕྲག་མང་པོ་བཙོན་འཇུག་མནར་གཅོད་བཏང་དང་གཏོང་བཞིན་ཡོད་སྟབས། ང་ཚོ་བོད་པ་ཚོས་བདེན་པའི་འཐབ་རྩོད་བྱེད་ཀྱིན་ཡོད་པ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་བློ་འགེལ་བྱེད་མཁན་ཞིག་དང་། ལྷག་པར་དུ་འཛམ་གླིང་མི་མང་སྤྱི་དང་རྒྱ་རིགས་མི་མང་ལ་རེ་སྐུལ་ཞུས་ཏེ་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུ་བཞིན་པའི་སྐབས་འདིར། ང་ཚོས་ཀྱང་ངེས་པར་དུ་མི་རིགས་གཞན་དང་ལུང་པ་གཞན་ནང་འཚེ་མེད་ཞི་བ་དང་། རང་དབང་། དམངས་གཙོ་བཅས་ཀྱི་ཆེད་དུ་ད་ལྟའི་བོད་པའི་དཀའ་སྡུག་དང་གཅིག་མཚུངས་ལྟར་གདུག་རྩུབ་དྲག་གནོན་སྲིད་བྱུས་འོག་མནར་གཅོད་མྱོང་བཞིན་པར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ནི་ང་ཚོའི་འཐབ་རྩོད་འདི་བདེན་པའི་འཐབ་རྩོད་ཅིག་ཡིན་པའི་དཔང་རྟགས་སུ་འགྱུར་རྒྱུ་དང་། བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་རྒྱ་སྐྱེད་གཏོང་སྟངས་གལ་ཆེན་ཞིག་ཡིན་སྟབས། དེ་རིང་རྒྱ་རིགས་ས་ཡ་མང་པོས་དྲུག་བཞིའི་དུས་དྲན་ཐེངས་ ༢༤  སྲུང་གཙི་བྱེད་ཀྱིན་པའི་སྐབས་འདི་དང་བསྟུན་ཏེ། དྲུག་བཞིའི་དོན་རྐྱེན་ལ་གདུང་སེམས་མཉམ་སྐྱེད་ལས་འགུལ་འདི་སྤེལ་བ་ཡིན། ཞེས་སོགས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

སྐར་མ ༣༨ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དྲུག་བཞིའི་རེ་སྨོན།
    བོད་སོག་ཡུ་རྒྱ་བཞི་པོའི་མཉམ་གནས་ལ། །
    མའོ་ཏིང་ཤོ་ཛང་མིན་ཧུ་དང་བཞིའི། །
    ལག་དམར་ཐེར་འདོན་ངོ་རྒོལ་མཐར་ཕྱིན་དགོས། །
    ད་ལྟའི་དམར་གཞུང་མང་གཙོའི་ལམ་ལ་རྒྱུགས། །

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དྲུག་བཞིའི་དོན་རྐྱེན་གྱིས། གཞུང་གི་ཁྱབ་སྒྲོག་ནང་ལ་མོ་གསོད་ཁྲག་སྦྱོར་གྲངས་འབོར་ཉི་བརྒྱ་ཞེ་གཅིག་ལས་༢༤༡ལས་བཤད་མེད་ཀྱང་། མི་མང་ཚོས་ནི། མི་གྲངས་ཆིག་སྟོང་༡༠༠༠ཟིན་པར་འདས་གྲོངས་བྱངར་བར་ཤོད་བགྱིན་ཡོད་འདུག་གདའ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ གྲངས་ཉུང་མི་རིགས་ཀྱི་རིགས་གཞུང་དང་ཡུལ་སྲོལ་གོམས་གཤིས་རྡོག་རོལ། འཁོར་ཡུག་གཏོར་བརླག་བཅས་གཏོང་བཞིན་པའི་སྐོར་གྱི་ཡིག་ཆ་རྒྱ་ཡིག་དང་འཇར་མན། ཧྥི་རན་སི། དབྱིན་ཡིག་བཅས་ཀྱི་ནང་བསྒྱུར་ཏེ་འགྲེམས་སྤེལ་གནང་ཡོད་་་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese