མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་ཤུལ་དུ་འཇང་དགུན་ཆོས་ཆེན་མོ་ཚོཊ་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༨ ནས་འཆར་ཟླའི་ཚེས་ ༩ བར་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་བཅུ་བཞི་པ་དེ་ཁམས་ཡུལ་ཤུལ་ཤུལ་མ་དགོན་དགེ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་དུ་ཚོགས་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་མདོ་ཁམས་འཇང་དགུན་ཆོས་ཆེན་ཐེངས་ ༡༤ ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཤུལ་མ་སྡེ་བར་ཡོད་པའི་དགོན་དགེ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་དུ་ཡར་ཚོགས་བཞིན་ཡོད་པ་དང་། ཁ་སང་ཡར་ཚོགས་སྐབས་དགེ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་སྐུལ་གྱིས་མཛད་རིམ་ངོ་སྤྲོད་དང་། མཆོག་སྤྲུལ་བསྟན་འཛིན་ཆོས་རྒྱལ་མཆོག་གིས་གསུང་བཤད་བཅས་གནང་རྗེས། མདོ་ཁམས་འཇང་དགུན་ཆོས་དོ་དམ་ཚོགས་པའི་ཚོགས་གཙོ་སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེར་ལགས་ཀྱིས་མཛད་རིམ་ངོ་སྤྲོད་དང་འབྲེལ། དགོན་སྡེ་ཁག་ཏུ་དགེ་འདུན་པ་ཚོས་ཀུན་སྤྱོད་ཡར་རྒྱས་དང་སློབ་གཉེར་གནང་དགོས་པ་མ་ཟད། དགོན་སྡེ་ཁག་གིས་གྲངས་ཚད་གཙོ་བོར་མི་འཛིན་པར་སྤུས་ཚད་ཡག་པོ་ཡོང་བར་འབད་པ་བྱ་དགོས་པའི་བཀའ་སློབ་གནང་ཡོད་འདུག

ཐེངས་འདིའི་ཉིན་བཅུ་གཉིས་རིང་ཚོགས་འཆར་ཡོད་པའི་མདོ་ཁམས་འཇང་དགུན་ཆོས་ཐོག མདོ་ཁམས་ཡུལ་གྱི་དགོན་སྡེ་ཁག་ ༤༧ གྱི་བླ་སྤྲུལ་དགེ་བཤེས་དང་གྲྭ་བ་ ༡༩༧༣ ཙམ་དང་། གཞིས་དགོན་དུ་བླ་གྲྭ་ ༣༠༠ བཅས་ཁྱོན་དགེ་འདུན་ཞལ་གྲངས་ ༢༠༠༠ ལྷག་འཛོམས་བྱུང་ཡོད་འདུག་ལ། ཉིན་དེ་དག་རིང་གདན་ས་ཁག་གི་ཕྱག་ལེན་ལྟར་ཚད་མ་རྣམ་འགྲེལ་གྱི་དོན་ལ་ཐོས་བསམ་དང་དོགས་གཅོད་གནང་རྒྱུ་ཡིན་འདུག

རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་བྱ་བྲལ་ཁང་ཚན་གྱི་གྲྭ་ཐུབ་བསྟན་རིག་བཟང་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ནི། ༡༩༩༩ ལོར་རྫ་ཆུ་ཁའི་སློབ་གཉེར་བ་འགས་སྣེ་འཁྲིད་འོག་ཐེངས་དང་པོ་དབོན་པོ་དགོན་པའི་ནང་ཚུགས་ཡོད་པ་དང་། དུས་དེ་ནས་བཟུང་ ༢༠༠༠ ལོར་རྫ་སེར་ཤུལ་དགོན་དུ་ཐེངས་གཉིས་པ་དང་།  ༢༠༠༡ ལོར་མཁར་ནང་མགོན་དུ་ཐེངས་གསུམ་པ། ༢༠༠༢ ལོར་འབུམ་རྙིང་དགོན་དུ་ཐེངས་བཞི་བ། ༢༠༠༣ ལོར་བོ་རོད་དགོན་དུ་ཐེངས་ལྔ་བ། ༢༠༠༤ ལོར་ཟིལ་དཀར་དགོན་དུ་ཐེངས་དྲུག་པ། ༢༠༠༥ ལོར་འབུམ་གསར་དགོན་དུ་ཐེངས་བདུན་པ། ༢༠༠༦ ལོ་མང་དགེ་དགོན་དུ་ཐེངས་བརྒྱད་པ། ༢༠༠༧ ལོར་ཇོ་བོ་དགོན་དུ་ཐེངས་དགུ་བ། ༢༠༠༩ ལོར་འཇུ་མང་དགོན་དུ་ཐེངས་བཅུ་བ། ༢༠༡༠ ལོར་སྒྲུབ་རྒྱུད་དགོན་དུ་ཐེངས་བཅུ་གཅིག་པ། ༢༠༡༡ ལོར་བདེ་དགོན་དགོན་དུ་ཐེངས་བཅུ་གཉིས་པ། ༢༠༡༢ ལོར་ཐར་ཤུལ་དགོན་དུ་ཐེངས་བཅུ་གསུམ་པ་བཅས་དོ་དམ་ཚོགས་ཆུང་རིམ་འདེམས་ཀྱིས་ལོ་ལྟར་ཚོགས་ཐུབ་ཡོད་འདུག

ཐེངས་འདིའི་མདོ་ཁམས་འཇང་དགུན་ཆོས་ཚོགས་ཡུལ་ཡུལ་ཤུལ་ཤུལ་མ་དགོན་དགེ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་ནི། གྲུབ་དབང་མཚོ་སྐྱེས་རྡོ་རྗེའི་རིང་ལུགས་འཛིན་པ་ཆེན་པོ། གསང་སྔགས་རྙིང་མའི་རྒྱུད་སྡེ་དང་ཐེག་པ་རིམ་དགུ་ལ་མཁས་ཤིང་གྲུབ་པ་བརྙེས་པའི་སྒ་བའི་བླ་མ་རབ་འབྱམས་པ་ཞེས་པའི་ཕྱག་བཏབ་ཅིང་། དེ་ནས་བཟུང་སྒ་བའི་བླ་མ་སྐུ་རབས་བཅུ་གསུམ་གྱིས་གསང་སྔགས་རྙིང་མའི་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་གནང་བ་དང་། དུས་རབས ༡༨ པའི་སྨད་ཙམ་ལ་རྗེ་བཙུན་བྱང་གླིང་པཎྚི་ཏ་འདུལ་ལྡན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་རིམ་བཞིན་གསེར་མདོག་ཅོད་པན་འཆང་བའི་རིང་ལུགས་སུ་བསྒྱུར་ཡོད་འདུག  ༡༩༥༨ ལོའི་ཟིང་འཁྲུག་ཁྲོད་ཆོས་སྡེའི་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན། རིག་དངོས་རྩ་ཆེན་གྱི་རིགས་ཐམས་ཅད་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད་ཀྱང་།  ༡༩༨༥ ལོར་བྱང་གླིང་པཎྜི་ཏ་སྐུ་ཕྲེང་ལྔ་བ་བློ་བཟང་ཚེ་རིང་སྟོབས་རྒྱས་མཆོག་དང་བླ་མ་རྒྱལ་མཚན་སྤྲུལ་སྐུ། མཁན་རིན་པོ་ཆེ་བློ་བཟང་བཟོད་པ་བཅས་ལས་སྣེ་ལྷན་འཛོམས་ཐོག་ཆོས་སྒོ་ཕྱེ་ཡོད། ༡༩༩༠ ཡས་མས་ནས་བཟུང་ཆོས་རྭ་དང་སློབ་གཉེར་བར་ཁྲིད་རྒྱུན་གསར་འཛུགས་བྱས་ཏེ། བསྡུས་ཆུང་ནས་སྐབས་གཉིས་པའི་བར་སློབ་གཉེར་བྱེད་བཞིན་ཡོད་པ་མ་ཟད། བོད་ཡིག་ཡར་རྒྱས་དང་ཕ་སྐད་རྒྱུན་འཛིན་ཆེད་སེར་སྐྱ་ཕོ་མོ་དབྱེར་མེད་ལ་རྨོངས་སེལ་འཛིན་གྲྭ་དང་། ལེགས་བཤད་སློབ་གླིང་ཞེས་པ་གསར་འཛུགས་ཀྱིས་བརྡ་དག་སྙན་གསུམ་སོགས་ཀྱི་སློབ་ཁྲིད་དང་མཛུབ་སྟོན་བྱེད་བཞིན་ཡོད་འདུག་ལ། ད་ལྟའི་ཆར་བླ་སྤྲུལ་ ༥ དང་དགེ་འདུན་ཞལ་གྲངས་ ༣༠༠ ལྷག་ཡོད་འདུག

 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །

    Reply
  2. བདུད་རྡོ། says:
    ལོ་ 13 སྔོན།

    ཡུལ་ཤུལ་ཤུལ་མ་དགོན་དུ་མདོ་ཁམས་འཇང་དགུན་ཆོས་ཐེངས་བཅུ་བཞི་བ་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  3. འཇའ་ཐང་འབྲོག་བུ། says:
    ལོ་ 13 སྔོན།

    མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་བཅུ་བཞི་པ་དེ་ཁམས་(ཡུལ་ཤུལ་མ་དགོན་)དགེ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་དུ་ཚོགས་བཞིན་ཡོད་འདུག་ཅེས་པ་གསར་འགོད་པས་ཏོག་ཙམ་ནོར་འདུག ཁམས་ཡུལ་ཤུལ་ཤུལ་མ་དགོན་ཞེས་པར་བཅོས་དགོས། ཁམས་ཡུལ་ཤུལ་ནི་དགོན་སྡེ་འདི་ཉིད་གནས་སའི་ཁུལ་ཡིན་ལ་ཤུལ་མ་དགོན་ཞེས་པ་ཤུལ་མ་སྡེ་བའི་མིང་ལས་དྲངས་པ་ཡིན། དེས་ན་ཁམས་ཡུལ་ཤུལ་ཤུལ་མ་དགོན་ཞེས་ཤུལ་གཉིས་ཡོད།
    དེ་བཞིན་དེའི་འོག་ཏུ་མདོ་ཁམས་འཇང་དགུན་ཆོས་ཆེན་ཐེངས་ ༡༤ (ཡུལ་ཤུལ་མ་དགོན་)དགེ་ལྡན་དགེ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་དུ་འཚོགས་བཞིན་ཡོད་པ་དང་། ཞེས་པ་འདི་ཡང་གཅིག་མཚུངས་ལགས།
    དེའི་འོག ཐེངས་འདིའི་མདོ་ཁམས་འཇང་དགུན་ཆོས་ཚོགས་ཡུལ་(ཡུལ་ཤུལ་མ་དགོན་)དགེ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་ནི། ཞེས་པ་ཡང་བཅོས་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese