མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་ལྗོངས་མཁས་པའི་ལྷན་ཚོཊ།

བོད་ཀྱི་དུས་བབ།
༢༠༡༣/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༥ བར་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བཅུ་བ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་འཇུ་མང་དགོན་དུ་ཚོཊ་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༥ བར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་འཇུ་མང་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་དུ། གངས་ལྗོངས་མཁས་པའི་ལྷན་ཚོཊ་ཐེངས་ ༡༠ ཚོགས་ཡོད་འདུག་ལ། ཐེངས་འདིའི་ལྷན་ཚོགས་ཐོག་རྩོམ་པ་པོ་སྒོ་ཤེས་རབ་ལགས་ཀྱིས། དགོན་སྡེའི་སྐོར་གྱི་རྒྱུན་ཤེས་གསུམ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། དགེ་བཤེས་འཇམ་དཔལ་བློ་ཤེས་ལགས་ཀྱིས།  ཚད་གཞི་རྣམ་བརྒྱུད་ཀྱི་ཐོག་ནས་ནང་བསྟན་ཁྱད་འཕགས་དུ་སྒྲུབ་ཚུལ་ཉུང་ངུར་བསྡུས་པ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བཅས་གནང་ཡོད་འདུག  དེ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སློབ་སྤྱི་འཇིགས་མེད་རྒྱལ་མཚན་ལགས་དང་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ།   རྟོག་གྲོལ་ཡོན་ཏན་རྒྱ་མཚོ།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་དགེ་འདུན་དང་ཟླ་བ། རྩོམ་པ་པོ་དགེ་ཆོས། འཕགས་ཡུལ་ནས་ཕེབས་པའི་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས། འདན་མ་བློ་བཟང་དགེ་ལེགས་བཅས་མཁས་དབང་དང་དགེ་བཤེས་མང་པོ་འཛོམས་ཏེ་གཏམ་བཤད་དང་བརྗོད་གཞི་ཁག་གི་ཐད་བགྲོ་གླེང་གནང་ཡོད་འདུག

ཐེངས་འདིའི་གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་གོ་སྐབས་བརྒྱུད། ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས། ༼བོད་ཀྱི་རིམ་གྲོ་ཆེན་པོ་གསུམ་ལས་མཐུན་སྒྲིལ་གླེང་བ༽ཞེས་པའི་བརྗོད་གཞིའི་ཐོག་སྣོད་བཅུད་མཐུན་སྒྲིལ་དང་། མིའི་རིགས་དང་གཅན་གཟན་དུད་འགྲོ་བར་གྱི་མཐུན་སྒྲིལ། མིའི་རིགས་ཡོངས་གྱི་མཐུན་སྒྲིལ། རྒྱལ་ཁབ་གྱི་མཐུན་སྒྲིལ། ཆོས་ལུགས་ཁག་གི་མཐུན་སྒྲིལ། གྲུབ་མཐའི་བར་གྱི་མཐུན་སྒྲིལ། ཤར་ནུབ་གཉིས་ཀྱི་ལྟ་གྲུབ་བར་གྱི་མཐུན་སྒྲིལ། ལྟ་བ་གསར་རྙིང་དང་རིག་གཞུང་གསར་རྙིང་བར་གྱི་མཐུན་སྒྲིལ། མི་རིགས་བར་གྱི་མཐུན་སྒྲིལ།  རང་མི་རིགས་ཀྱི་ནང་ཁུལ་དང་རུ་སྡེ་བར་ཕན་ཚུན་བར་གྱི་མཐུན་སྒྲིལ།  ཁྱིམ་མཚེས་གཡས་གཡོན་དང་ཁྱིམ་ཚང་ནང་ཁུལ་གྱི་མཐུན་སྒྲིལ།  སྐྱ་སེར་དང་ཕོ་མོ་རྒན་གཞོན་བར་གྱི་མཐུན་སྒྲིལ། མཛའ་བཤེས་གྲོགས་པོ་དང་ཕ་རོལ་དགྲ་བོའི་བར་གྱི་མཐུན་སྒྲིལ་བཅས་མཐུན་སྒྲིལ་ཆེན་པོ་ ༡༣  སྐོར་ནས་གཏམ་བཤད་གནང་ཡོད་པ་དང་། ཕྱི་ཚེས་ ༡༢ ཉིན་ཁམས་འདམ་མའི་ཡུལ་དུ་བསྡུས་པའི་རིས་མེད་གངས་ལྗོངས་སྨོན་ལམ་ཆེན་མོའི་གྲ་སྒྲིག་ཚོགས་ཆུང་གིས་གདན་ཞུ་གནང་བ་ལྟར། དེར་ཡོད་སྐྱ་སེར་ ༡༤༠༠༠ ཙམ་ལ་བོད་པའི་ཆོས་དང་རིག་གཞུང་བརྒྱུད་འཛིན་གནང་ཕྱོགས་དང་། གྲུབ་མཐའ་ཁག་གི་བར་ཁ་ཙམ་མིན་པར་དོན་དང་ལྡན་པའི་མཐུན་སྒྲིལ་དགོས་ལུགས་སོགས་ཀྱི་གཏམ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གིས་གདན་ཞུ་གནང་བ་ལྟར། དགོན་པ་དེའི་བླ་གྲྭ་དང་མི་མང་ ༡༥༠༠ ལྷག་ལ་དགེ་འདུན་པ་ཞིག་ལ་ཚང་དགོས་པའི་བསམ་བློ་ཀུན་སྤྱོད་དང་མི་ཚེའི་དམིགས་འདུན།  མདོ་སྔགས་གཉིས་གཙོས་གནའ་དེང་རིག་པའི་གནས་ཀུན་ལ་སློབ་གཉེར་གྱིས་སངས་རྒྱས་བསྟན་པ་རྒྱས་པའི་མཐུན་རྐྱེན་དུ་སྦྱོར་དགོས་ཚུལ་དང་། དགོན་སྡེ་ཞིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་བཅས་ཀྱི་ཐོག་གཏམ་བཤད་གནང་སྟེ། ས་གནས་ཀྱི་དགོན་སྡེ་ཁག་དང་མི་མང་གིས་བསྔགས་བརྗོད་དང་དགའ་བསུ་གནང་ཡོད་འདུག

 གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese