མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱ་སེར་གཉིས་གང་བྱུང་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཚེས་ ༢༠ ཉིན་རྔ་པ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་གྱུར་རྗེས། རྒྱ་གཞུང་གིས་མཛོད་དགེ་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་དང་སོག་ཚང་ཡུལ་ཚོའི་ཡུལ་མི་མང་པོ་གང་བྱུང་འཛིན་བཟུང་བཙན་ཁྲིད་བྱེད་ཀྱིན་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་གྱི་མཚན་མོར། རྒྱ་གཞུང་གི་ཉེན་རྟོག་པས་སོག་ཚང་དགོན་པའི་གྲྭ་བསྟན་འཛིན་རྒྱ་མཚོ་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཕྱི་ཚེས་ཚེས་ ༢༡ གི་དགོང་མོའི་ཆུ་ཚོད་ ༡༠ པ་ཙམ་ལ་སོག་ཚང་དགོན་པའི་རང་ལོ་ ༢༠ ཡིན་པའི་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་འཛིན་བཟུང་བཙན་ཁྲིད། ཚེས་ ༢༣ ཉིན་གྱི་ཞོགས་པ་སྔ་བོ་ཆུ་ཚོད་ ༥ པ་ཙམ་ལ་རང་ལོ་ ༢༥ ཡིན་པའི་སངས་རྒྱས་དཔལ་ལྡན་རང་ཁྱིམ་ནས་བཙན་ཁྲིད། ཁ་སང་ཚེས་ ༢༤ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ པ་ཙམ་ལ་གྲྭ་དཔལ་ལྡན་དབྱིག་གཉེན་བཙན་ཁྲིད་བྱས་ཡོད་འདུག ཁོང་ཅག་འཛིན་བཟུང་བྱས་ཏེ་ད་ལྟའི་བར་ནང་མི་ཚོས་གར་ཡོད་ཅི་ཆགས་ཀྱི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་མ་ཐུབ་པར་སེམས་ཁྲལ་བྱེད་བཞིན་ཡོད་འདུག དེ་རིང་སྔ་དྲོར་སླར་ཡང་སོག་ཚང་དགོན་པའི་གྲྭ་རབ་གསལ་ལགས་ཀླུ་སྒྲུབ་བཟོད་པ་གཉིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

གཞན། དེ་སྔ་གནས་ཚུལ་སྤེལ་ཟིན་པ་ལྟར། དཀོན་མཆོག་བསོད་ནམས་ལགས་ཀྱིས་རང་ལུས་མེར་བསྲེགས་མ་གནང་གོང་སྟེ། ཟླ་འདིའི་ཚེས་ ༧ ཉིན་ཐང་སྐོར་སོག་ཚང་དགོན་པའི་གྲྭ་བ་དགེ་ལེགས་ཆོས་འཕེལ་དང་། བློ་བཟང་ཆོས་འབྱོར། དེ་བཞིན། ཐང་སྐོར་རུ་ཁག་གཉིས་པའི་མི་སྐྱ་སྐལ་བཟང་དབྱིག་གཉེན་བཅས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་རྗེས། ནང་མི་ཚོས་ད་ལྟའི་བར་གར་ཡོད་ཅི་ཆགས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད་འདུག

གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་རྗེས། རྒྱ་གཞུང་གིས་ས་གནས་དེ་ཁུལ་གྱི་བརྡ་འཕྲིན་བཀག་ཡོད་པ་དང་། མཛོད་དགེ་ཐང་སྐོར་ཞང་དུ་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་བྱས་ཏེ་དགོན་གྲོང་གཉིས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག

གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱི་དགེ་རྒན་དང་ཨ་མ། སྤུན་མཆེད་སོགས་ཕྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོར་འཛིན་བཟུང་བྱས་ཏེ་འདྲི་རྩད་བྱས་རྗེས་ཚེས་ ༢༢ ཉིན་གྱི་ཞོགས་པར་ཕྱིར་གློད་གྲོལ་བཏང་ཡོད་འདུག  སྔ་ཕྱིར་ཐང་སྐོར་དགོན་གྲོང་གཉིས་ཀྱི་སྐྱ་སེར་ ༡༤ ཙམ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་གར་ཡོད་ཅི་ཆགས་ཀྱི་གནས་སྟངས་ཤེས་རྟོགས་མེད་པ་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese