མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲས་སྐྲན་ལ་ཞེད་ན་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་འཛུལ་རོཊ།

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་སྒེར་བ་ཞིག་གིས་བཙན་བྱོལ་སྤྱི་ཚོགས་ནང་འབྲས་སྐྲན་སྐོར་ལ་བརྟད་དཔྱད་བྱས་འབྲས་སུ། བོད་མིའི་ཁྲོད་ཁའི་འབྲས་སྐྲན་ཅུང་ཚབས་ཆེན་ཆགས་ཡོད་པའི་གནས་ཚུལ་ཐད། འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་སུ་ཞུགས་ན་ལེགས་ཚུལ་གསུངས་སོང་།

ཉེ་ཆར་འབྲས་སྐྲན་ཆེད་མཁས་སྨན་པ་དགྲ་འདུལ་ལགས་ཀྱིས་རྒྱ་གར་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་གི་བོད་མི་ ༡༥༠༠༠ ཙམ་ལ་ཁའི་འབྲས་སྐྲན་(Mouth Cancer) སྐོར་ལ་བརྟག་དཔྱད་བྱས་པའི་སྙན་ཐོ་ཞིག་འདིར་འབྱོར་བ་ལྟར་ན། བརྟག་དཔྱད་བྱས་ཟིན་པའི་གྲངས་འབོར་གྱི་བརྒྱ་ཆ་ ༣༠ ལྷག་ལས་འབྲས་སྐྲན་ནད་རྟགས་དང་མང་པོ་ཞིག་ལ་འབྲས་སྐྲན་ཕོག་ཡོད་པ་ཤེས་རྟོགས་བྱུང་པའི་གནས་ཚུལ་འོག གསར་འགོད་པས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་འབྲས་སྐྲན་གྱི་གནས་སྟངས་གང་འདྲ་ཡོད་མེད་ཐད་བཅར་འདྲི་ཞུས་ཡོད།   

གསར་འགོད་པས་འཕྲོད་བསྟེན་སློབ་གསོ་སྡེ་ཚན་གྱི་འགན་འཛིན་འཕྲིན་ལས་དཔལ་མོ་ལགས་སུ། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ནད་གཞི་ཚབས་ཆེ་ཤོས་གང་ལ་ངོས་འཛིན་གནང་གི་ཡོད་མེད་དྲིས་པར་ཁོང་གིས། “ད་སྔ་ལོ་མང་པོའི་རིང་ནས་ནད་གཞི་ཚབས་ཆེ་ཤོས་ཊི་སྦི་(TB) ལ་ངོས་འཛིན་བྱེད་བསྡད་ཡོད་རེད། འདི་འགོས་ནད་ཡིན་སྟབས་མགྱོགས་པོར་ཁྱབ་འགྲོ་ཡི་ཡོད་མོད། གོ་རྟོགས་སྨན་བཅོས་མཐུན་འགྱུར་གང་ལེགས་བྱས་ཏེ་ད་ཆར་ཡར་རྒྱས་ཆེན་པོ་ཕྱིན་ཡོད་རེད། གཉིས་པ་གཉེན་ནད་རེག་དུག་(HIV/AIDS) ཉེན་ཁ་ཞིག་ཞིག་ཆགས་ཡོད་རེད། བོད་པའི་སྤྱི་ཚོགས་ནང་ལ་དེ་ཙམ་མང་པོ་མེད་ཀྱང་ནད་གཞི་དེ་དམིགས་བསལ་གཞོན་སྐྱེ་ཚོ་ལ་འགོས་ཀྱི་ཉེན་ཁ་ཡོད་པ་རེད། གཞན་བོད་པའི་སྤྱི་ཚོགས་ནང་ཕོ་བ་དང་མཆིན་པའི་འབྲས་སྐྲན་མང་པོ་ཞིག་ཆགས་ཡོང་གི་འདུག འོན་ཀྱང་། འདི་འགོ་ནད་མིན་སྟབས་ལམ་སང་ཁྱབ་འགྲོ་བའི་ཉེན་ཁ་ཡོད་པ་མ་རེད” ཅེས་བརྗོད་བྱུང་།  

ཡང་ཁོང་ལ་ད་སྔ་འཕྲོད་བསྟེན་ལས་ཁུངས་ཀྱིས་ཆེད་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འབྲས་སྐྲན་སྐོར་ལ་བརྟག་དཔྱད་དང་སྨན་བཅོས་ལས་གཞི་གང་འདྲ་སྤེལ་ཡོད་མེད་དྲིས་པར་ཁོང་མོས། “འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་གལ་ཆེ་ཤོས་སྔོན་འགོག་གོ་རྟོགས་སྤེལ་རྒྱུ་དེ་རེད། དེར་ང་ཚོ་འཕྲོད་བསྟེན་སློབ་གསོ་སྡེ་ཚན་གྱིས་ལོ་ལྟར་འབྲས་སྐྲན་སྐོར་ལ་གོ་རྟོགས་སྤེལ་གྱིན་ཡོད་པ་རེད། དམིགས་བསལ་ལོ་ལྟར་ཕྱི་ཟླ་ ༢ ནང་འཛམ་གླིང་འབྲས་སྐྲན་ཉིན་མོ་སྲུང་གཙི་དང་། ས་གནས་ཚང་མར་གསལ་བསྒྲགས་བཏང་སྟེ་འབྲས་སྐྲན་ཉིན་མོའི་བརྗོད་གཞི་ལ་དཔག་པའི་གོ་རྟོགས་སྤེལ་པ་དང་མཉམ་དུ་འབྲས་སྐྲན་སྔོན་འགོག་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་བྱེད་ཀྱི་ཡོད། ཉེ་ཆར་ཕྱི་ཟླ་ ༥ ནང་བུད་མེད་ཀྱི་འབྲས་སྐྲན་སྐོར་ལ་དམིགས་བསལ་གོ་རྟོགས་སྤེལ་ཡོད། ལོ་སྔོན་མར་ལྷོ་ཕྱོགས་ཧུན་སུར་དུ་བུད་མེད་ ༡༡༠ ལ་འབྲས་སྐྲན་སྔོན་འགོག་གི་ཁབ་བརྒྱབ་པ་རེད། མ་འོངས་པར་རོགས་ཚོགས་ཀྱི་དངུལ་རག་པ་ཡིན་ན་རྒྱ་གར་བྱང་ཤར་ཁུལ་དུ་ལས་གཞི་དེ་སྤེལ་འཆར་ཡོད། ”ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་ཁོང་ལ། ཉེ་ཆར་འབྲས་སྐྲན་ཆེད་མཁས་སྨན་པ་དགྲ་འདུལ་ལགས་ཀྱིས་ལྡི་ལི་བོད་ཁང་དང་མཉམ་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ ༤ དང་། འཕྲོད་བསྟེན་ལས་ཁུངས་དང་མཉམ་དུ་བྱང་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་ཅིག་བཅས་ནས་མི་ ༡༥༢༩༡ ཙམ་ལ་ཁའི་འབྲས་སྐྲན་བརྟག་དཔྱད་བྱས་སྐབས། ནད་རྟགས་ཡོད་མཁན་ ༤༦༩༢ དང་། འབྲས་སྐྲན་དངོས་སུ་ན་མཁན་ ༩༡ ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་པ་དེར། འཕྲོད་བསྟེན་ལས་ཁུངས་ཀྱིས་ངོས་འཛིན་གང་འདྲ་གནང་གི་ཡོད་མེད་དྲིས་པར། ཁོང་མོས། “ངྷ་སའི་ཉེ་འཁོར་ནས་ཁོང་གིས་ཁའི་འབྲས་སྐྲན་(Mouth Cancer) ལ་བརྟག་དཔྱད་བྱས་པ་རེད། ཡིན་ནའང་དེའི་སྐོར་གྱི་སྙན་ཐོ་ཆ་ཚང་ང་ཚོར་འབྱོར་མ་སོང་། སྙན་ཐོ་དེ་ག་ཚོད་ཁུངས་ལྡན་ཡིན་མིན་ཆ་ཚང་ལ་ང་ཚོས་མ་བལྟས་བར་དེའི་ཐད་སྐད་ཆ་བཤད་ཐུབ་མ་སོང་། ཁོང་གིས་ག་འདྲ་ཞིག་གི་ཐོག་ལ་ཆ་བཞག་སྟེ་བརྟག་དཔྱད་ངོས་འཛིན་བྱས་ཡོད་མེད་ལ་བལྟ་དགོས་པ་རེད། སྨན་པ་གཅིག་ཁོ་ནས་ཐག་ཆོད་ཁག་པོ་ཡིན་སྟབས།  ཁའི་འབྲས་སྐྲན་ནད་རྟགས་(pre-cancer)ཟེར་ན་གང་འདྲ་ཞིག་ལ་གཞི་བཟུང་ཡོད་མེད་དང་། དངོས་སུ་ན་ཚ་ཆགས་པ་འབྲས་སྐྲན་(Cancer) ཟེར་ན་གང་འདྲ་ཞིག་ལ་གཞི་འཛིན་གྱི་ཡོད་མེད་ཆེད་མཁས་པ་གཉིས་གསུམ་མཉམ་རུབ་ཐོག་སྙན་ཐོ་ཚད་ལྡན་བྱུང་པ་ཡིན་ན། གནད་དོན་འདིའི་ཐད་སྐད་ཆ་བཤད་ཐུབ་པ་ཞིག་རེད” ཅེས་བརྗོད་བྱུང་།  

གསར་འགོད་པས་འཕྲོད་བསྟེན་དྲུང་འཕར་སྦྲ་གཉིས་ཚེ་རྒྱལ་ལགས་སུ། འབྲས་སྐྲན་གྱི་ནད་རྟགས་ཡོད་པ་དང་ན་ཚ་ཕོག་མཁན་ཚོར་འཕྲོད་བསྟེན་ལས་ཁུངས་ནས་སྨན་བཅོས་མཐུན་འགྱུར་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས། “འབྲས་སྐྲན་གྱི་ན་ཚ་ཡོད་མཁན་ཞིག་ཐོན་ཏེ་འཕྲོད་བསྟེན་ལས་ཁུངས་ལ་ཞུས་པ་ཡིན་ན་རོགས་པ་གང་འདྲ་གནང་གི་རེད་ཟེར་པ་དེ། རྩ་བའི་བཙན་བྱོལ་བོད་མིའི་ནད་གཞི་ལྟ་སྐྱོང་ཟེར་པའི་ལས་གཞི་གསར་པ་ཞིག་མགོ་བཙུགས་ཡོད་པ་རེད། ལས་གཞི་དེར་ན་ཚའི་དབྱེ་བ་གང་ཡང་མེད་པའི་ཐོག སྨན་ཁང་དུ་ཆུ་ཚོད་ ༢༤ ལྷག་འདུག་དགོས་པའི་ན་ཚ་གང་འདྲ་ཞིག་ཡིན་ནའང་ཡར་ག་ཚོད་ཕུལ་བ་དེར་དཔག་སྟེ་མར་སྨན་རིན་ཞིག་རག་ཡོང་གི་རེད།” ཅེས་དང་། “སྨན་བཅོས་ལྟ་སྐྱོང་ཁོངས་སུ་དབྱེ་བ་གཉིས་ཡོད། དང་པོ་མི་རྐྱང་ཞིག་ཡིན་ན། ལོ་གཅིག་ལ་ཡར་ཧིན་སྒོར ༩༥༠ ཕུལ་ཡོད་ན་མར་ཧིན་སྒོར་ ༥༠༠༠༠ རག་གི་རེད། གཉིས་པ། ནང་མི་གཉིས་ནས་ལྔ་བར་དང་དེ་ལས་མང་པ་ཕུལ་རྒྱུའི་ལམ་ཁ་ཞིག་ཡོད་པ་རེད།  དཔེར་ན་ཡར་ལོ་གཅིག་གི་ཚོགས་དངུལ་ཧིན་སྒོར་ ༣༥༦༥ ཕུལ་ཡོད་ན་མར་ ༡༠༠༠༠༠ རག་ཡོང་གི་རེད། ཡང་གཞུང་གི་ལས་བྱེད་ཡིན་ན་འགྲོ་སྟངས་ལྟར་ཕྱིན་ཚེ་མཐུན་རྐྱེན་ཞིག་རག་ཡོང་གི་རེད། ངས་གསལ་བོར་ཞུ་ཡ་ཞིག་ལ། ཉམ་ཐག་ཚོར་ཉམ་ཐག་ཁྱབ་ཁོངས་ནས་སྨན་རིན་ཆ་ཚང་རག་ཡོང་གི་རེད། དེ་མིན་ཟུར་དུ་སྔོན་མའི་ཛ་དྲག་སྨན་བཅོས་ལས་གཞི་ཟེར་པ་དེ་སྒོ་བརྒྱབ་ཟིན་པ་རེད་ལ། གོང་གི་ཁྱབ་ཁོངས་སུ་མེད་པ་རྣམས་ལ་སྨན་བཅོས་མཐུན་འགྱུར་གྱི་ལམ་ཁ་ད་ལྟའི་ཆར་ཡོད་མ་རེད།”ཅེས་བརྗོད་བྱུང་།

འབྲས་སྐྲན་ཆེད་མཁས་སྨན་པ་དགྲ་འདུལ་ལགས་ཀྱི་ཡིག་ཆ་བཏང་འབྱོར་བྱུང་བ་ལྟར་ན། ད་སྔ་ཁྱོན་བོད་མི་ ༡༥༢༩༡ ཙམ་གྱི་ཁ་དང་མུད་པར་བརྟག་དཔྱད་བྱས་པའི་ཁྲོད་ནད་རྟགས་མངོན་པ་ ༤༦༩༢ དང་། འབྲས་སྐྲན་ཕོག་མཁན་ ༩༡ བྱུང་ཡོད་པར་བཀོད་འདུག་ལ། འབྲས་སྐྲན་ཕོག་མཁན་དང་མང་པོ་ཞིག་ལ་དཔལ་འབྱོར་གྱི་དཀའ་ངལ་འོག་སྨན་བཅོས་བྱ་མ་ཐུབ་པར་ལྷག་ཡོད་ཚུལ་བཀོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ “སྨན་བཅོས་ལྟ་སྐྱོང་ཁོངས་སུ་དབྱེ་བ་གཉིས་ཡོད། དང་པོ་མི་རྐྱང་ཞིག་ཡིན་ན། ལོ་གཅིག་ལ་ཡར་ཧིན་སྒོར ༩༥༠ ཕུལ་ཡོད་ན་མར་ཧིན་སྒོར་ ༥༠༠༠༠ རག་གི་རེད། གཉིས་པ། ནང་མི་གཉིས་ནས་ལྔ་བར་དང་དེ་ལས་མང་པ་ཕུལ་རྒྱུའི་ལམ་ཁ་ཞིག་ཡོད་པ་རེད། དཔེར་ན་ཡར་ལོ་གཅིག་གི་ཚོགས་དངུལ་ཧིན་སྒོར་ ༣༥༦༥ ཕུལ་ཡོད་ན་མར་ ༡༠༠༠༠༠ རག་ཡོང་གི་རེད། ཡང་གཞུང་གི་ལས་བྱེད་ཡིན་ན་འགྲོ་སྟངས་ལྟར་ཕྱིན་ཚེ་མཐུན་རྐྱེན་ཞིག་རག་ཡོང་གི་རེད། ངས་གསལ་བོར་ཞུ་ཡ་ཞིག་ལ། ཉམ་ཐག་ཚོར་ཉམ་ཐག་ཁྱབ་ཁོངས་ནས་སྨན་རིན་ཆ་ཚང་རག་ཡོང་གི་རེད། དེ་མིན་ཟུར་དུ་སྔོན་མའི་ཛ་དྲག་སྨན་བཅོས་ལས་གཞི་ཟེར་པ་དེ་སྒོ་བརྒྱབ་ཟིན་པ་རེད་ལ། གོང་གི་ཁྱབ་ཁོ་ངས་སུ་མེད་པ་རྣམས་ལ་སྨན་བཅོས་མཐུན་འགྱུར་གྱི་ལམ་ཁ་ད་ལྟའི་ཆར་ཡོད་མ་རེད།”་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese