མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླུ་བ་ཞིག་འཇུ་བཟུང་།

བོད་ཀྱི་དུས་བབ།
༢༠༡༣/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་རྨ་ཆུའི་གླུ་བ་སྐལ་བཟང་ཡར་འཕེལ་ལགས་ཟླ་སྔོན་མའི་ཚེས་ ༡༤ ཡས་མས་ནང་ལྷ་སར་འཇུ་བཟུང་བྱས་ཏེ། ད་ཆར་ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟ་སྲུང་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་གསར་དུ་ཐོན་འདུག

ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།  རྒྱ་ནག་གཞུང་གིས་བོད་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་གླུ་བ་སྐལ་བཟང་ཡར་འཕེལ་ལགས་སུ། ༢༠༡༢ ལོའི་བོད་ཟླ་ ༡༠ བ་དང་ ༡༡ བཅས་སུ་བོད་རིགས་ཡོངས་ཀྱིས་ཕ་སྐད་གཙང་མ་བཤད་པར་སྐུལ་སློང་གི་དགོང་ཚོགས་༼ཁ་བའི་མེ་ཏོག༽ ཞེས་པ་བསྡུས་ཏེ།  ༼བོད་པ་ཚོ༽ ཞེས་པའི་གླུ་དབྱངས་བླངས་ཡོད་པ་དེ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག རྒྱ་གཞུང་གིས་དེ་སྔ་ཁོང་ཐེངས་འགར་བཀག་ཉར་འདྲི་རྩད་བྱས་ཡོད་པ་དང་། ཟླ་སྔོན་མའི་ཚེས་ ༡༤ ཡས་མས་ནང་། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་བདེ་འཇགས་ཚན་པས་སྐལ་བཟང་ཡར་འཕེལ་ལགས་ལྷ་སར་འཛིན་བཟུང་བྱས་ཏེ། ད་ཆར་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟ་སྲུང་ཁང་ཞིག་ཏུ་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག

སྐལ་བཟང་ཡར་འཕེལ་ལགས་ནི། རྨ་ཆུ་རྫོང་རྨ་ཁུག་རྟ་རར་སྐྱེས་པ་དང་། ཕ་མིང་ལ་མགོན་པོ་ཚེ་བརྟན་དང་མ་མིང་ལ་མ་ཁོ་ཟེར་གྱི་ཡོད་འདུག  ཁོང་གི་བཟའ་ཟླའི་མིང་ལ་ཚེ་འཛིན་དཔལ་མོ་ཞུ་བ་དང་། ད་ལྟ་རང་ལོ་ ༣༨ ཡིན་འདུག་ལ། ཁོང་བཟའ་ཟླ་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་ཡོད་པ་ལས། བུ་ཆེ་བ་ཨོ་རྒྱན་སྐྱབས་ལོ་ ༢༡ དང་། བུ་ཆུང་བ་དཀོན་མཆོག་བསྟན་པ་རང་ལོ་ ༡༩ ། བུ་མོ་སྒྲོལ་དཀར་ལྷ་མོ་ལོ་ ༡༨ བཅས་ཡིན་འདུག

གླུ་བ་སྐལ་བཟང་ཡར་འཕེལ་ལགས་ཆུང་དུས་ནས་སྐད་ངག་སྙན་ཞིང་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ཡིན་སྟབས། ས་གནས་ཀྱི་རྒན་དར་གཞོན་གསུམ་ཚང་མས་དགའ་མོས་བྱེད་མཁན་ཞིག་ཡིན་འདུག་ལ། ལོ་ ༡༥ ཡས་མས་ནས་བཟུང་གླུ་བ་བདུད་བྷེ་དང་དཔལ་མགོན་སོགས་ཀྱི་མདུན་ནས་སྒྲ་རྡུང་སྟངས་སོགས་ལ་སྦྱངས་པ་བྱས་རྗེས། ཆེད་སྒྲིག་སྒྲ་ཐག་༼དགུང་ནས་འབྲུག་གྲགས་བྱུང་༽ དང་༼གཡུ་འབྲུག་སྔོན་མོའི་འཁྱུག་རྩལ༽ སོགས་འགྲེམས་སྤེལ་བྱས་ཏེ་མང་ཚོགས་ཀྱིས་དགའ་བསུ་ཐོབ་ཡོད་པ་མ་ཟད། ལྷག་པར་དུ་ཁོང་གི་ཆེད་སྒྲིག་འོད་སྡེར་ཐོག་མ་༼གླིང་གེ་སར་རྒྱལ་པོའི་ཕ་ཡུལ༽ཞེས་པ་འགྲེམས་སྤེལ་བྱས་རྗེས་བོད་མི་ཚོས་ཁོང་ལ་བདུད་བྷེ་ཆུང་བ་དང་། དེང་རབས་ཀྱི་ཁུ་བྱུག་གཞོན་ནུ་ཞེས་པའི་མཚན་སྙན་ཕུལ་ཡོད་འདུག ཕྱིས་སུ་ཁོང་གིས་མུ་མཐུད་ཆེད་སྒྲིག་འོད་སྡེར་ ༼དཔྱིད་དཔལ་བསུ་བའི་འབྲུག་སྒྲ༽ དང་༼ ཉི་ཟེར་འབོད་པའི་གངས་རི༽ ། ༼དེང་རབས་ཀྱི་བོད་པ༽ ། ༼གངས་ཅན་བསུ་བའི་འབྲུག་སྒྲ༽ ༼གྲགས་སྙན་གཡུ་འབྲུག་སྔོན་མོ༽། ༼དེང་རབས་ཁུ་བྱུག་གི་འགྱུར་ཁུགས༽ སོགས་ཆེད་བསྒྲིགས་སྒྲ་ཐག་དང་འོད་སྡེར་མང་པོ་འགྲེམས་སྤེལ་བྱས་ཡོད་འདུག་ལ། བོད་ནང་གི་གཞུང་དང་སྒེར་གྱི་གླུ་གཞས་སྤྲོ་ཚོགས་མང་པོའི་ནང་མཉམ་ཞུགས་བྱས་ཏེ་བོད་མི་ཚོས་དགའ་བསུ་བྱེད་བཞིན་པའི་གླུ་བ་ཞིག་ཡིན་འདུག

༢༠༡༢ ལོའི་བོད་ཟླ་ ༡༠ དང་ ༡༡ བཅས་སྔ་ཕྱིར་ཁོང་དང་བོད་ནང་གི་གཞས་བ་ཁག་ཅིག་མཉམ་རུབ་ཀྱིས། བོད་མི་ཚོར་ཕ་སྐད་གཙང་མ་བཤད་པར་སྐུལ་སློང་གི་རིག་རྩལ་སྤྲོ་ཚོགས་༼ཁ་བའི་མེ་ཏོག༽ ཅེས་པའི་དགོང་ཚོགས་སྟེང་། ཁོང་གིས་༼བོད་པ་ཚོ༽ ཞེས་པའི་གླུ་དབྱངས་ཤིག་བླངས་ཡོད་པ་དང་། ཕྱིས་སུ་སྤྲོ་ཚོགས་དེའི་འོད་སྡེར་མཚོ་སྔོན་དང་ཀན་སུའུ། སུ་ཁྲོན། ཡུན་ནན་བཅས་བོད་ཁུལ་གྱི་ས་ཆ་མང་པོར་འགྲེམས་སྤེལ་བྱས་ཡོད་ཀྱང་། ཟླ་གཅིག་གི་རྗེས་སུ་རྒྱ་གཞུང་གིས་ས་གནས་ཁག་ནང་འོད་སྡེར་དེ་ཕྱིར་བསྡུ་བྱས་ཡོད་པ་མ་ཟད། ཁོང་སྔ་ཕྱིར་ཐེངས་འགར་ལྷ་སར་བཀག་ཉར་འདྲི་བརྩད་བྱས་ཡོད་འདུག་ལ། ཟླ་སྔོན་མའི་ཕྱི་ཚེས་ ༡༤ ཡས་མས་སུ་ཁོང་ལྷ་སར་འཇུ་བཟུང་བྱས་ཏེ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟ་སྲུང་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག

ཁོང་གིས་བླངས་བའི་༼བོད་པ་ཚོ༽ ཞེས་པའི་གླུ་དབྱངས་དེའི་ནང་། ” བོད་པ་ཚོ། ང་ཚོའི་བོད་ཡིག་སྦྱོང་། བོད་སྐད་བཤད། བོད་ཀྱི་སྐད་དང་ཡི་གེ་སྦྱོང་བའི་འོས་འགན་ང་ཚོར་ཡོད། བོད་པ་ཚོ། ང་ཚོས་མཐུན་སྒྲིལ་བྱེད། མཐུན་སྒྲིལ་བྱེད། སྟོད་སྨད་བར་གསུམ་མཐུན་སྒྲིལ་བྱས་ཏེ་རྡོག་རྩ་གཅིག་སྒྲིལ།  བོད་པ་ཚོ། ང་ཚོས་སྙིང་སྟོབས་སྐྱེད། སྐྱིད་སྡུག་འདྲེས་མའི་ལོ་ཟླ་བསམ་ཏེ་ང་ཚོས་སྙིང་སྟོབས་སྐྱེད། བོད་པ་ཚོ། ང་ཚོས་བདེ་སྡུག་གླེང་། མ་འོངས་བོད་མིའི་མདུན་ལམ་བསམ་དེ་ང་ཚོས་ཕུགས་བསམ་འཚོལ། བོད་པ་ཚོ། ང་ཚོས་ལ་རྒྱ་འཛིན། ལ་རྒྱའི་ཕྲག་གདང་གཤིབ་སྟེ། ང་ཚོ་མདུན་དུ་བསྐྱོད། བོད་པ་ཚོ། ང་ཚོས་འབད་བརྩོན་བྱེད། དུས་རབས་གསར་བའི་བོད་པའི་རྒྱུད་འཛིན་ང་ཚོ་ཡིན། བོད་པ་ཚོ། ” ཞེས་འཁོད་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese