མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་གི་ལས་ཀ་དང་སྒེར་གྱི་བྱེད་ཕྱོཊ་གཉིས་འགལ་ཟླར་མི་འགྲོ་བ་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་གསར་འགོད་པས་དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་སུ། འདས་པའི་ལོ་གཅིག་རིང་གི་ཉམས་མྱོང་དང་། མ་འོངས་པའི་ལས་འཆར་བཅས་ཀྱི་ཐོག་བཅར་འདྲི་ཞུས་ཡོད། 

དྲི་བ། ཐོག་མར་འགན་འཛིན་མཆོག་ནས་འདས་པའི་ལོ་གཅིག་གི་ལས་དོན་གཙོ་བོ་ཁག་ངོ་སྤྲོད་ཅིག་གནང་རོགས།    

ལན། སྨན་རྩིས་ཁང་ལ་མཚོན་ན། ༡༩༦༡ ལོར་དབུ་འཛུཊ་གནང་རྗེས། འདས་པའི་ལོ་ ༥༢ ལྷག་གི་རིང་སྨན་རྩིས་ཁང་རང་ཁ་རང་གསོ་བྱས་པ་ཙམ་མིན་པར་དགེ་རྩ་ཚོཊ་པ་དང་། ཤེས་རིག སྤྱི་ཚོཊ་བདེ་རྩ་སོཊ་ཀྱི་ཐོག་རོཊ་རམ་གནང་ཡོད། ༸གོང་ས་མཆོག་གིས་སྔ་རྗེས་བཀའ་སློབ་གནང་སྟེ་སྨན་རྩིས་ཁང་ལ་ད་ལྟ་བྱེད་བསྡད་པ་ལས་ལྷག་ཅིག་བྱ་རྒྱུའི་གོ་སྐབས་ཡོད་པ་དང་། ད་ལྟ་ལོ་རེར་ཨེམ་ཆི་ ༣༠ རེ་འཐོན་བཞིན་ཡོད་པ་ཙམ་མིན་པར། མ་འོངས་པར་ལོ་རེར་ཨེམ་ཆི་ ༡༠༠༠ རེ་ཐོན་ཐུབ་དགོས་པའི་བཀའ་གནང་ཡོད། དེ་འདྲ་ཞིག་ཐོན་པར་སློབ་སྦྱོང་གི་ཁོར་ཡུག་དང་དགེ་རྒན་མང་དུ་གཏོང་དགོས་པ་རེད་ལ། སློབ་སྦྱོང་སྤྲོད་ཐུབ་པ་ཙམ་མིན་པར་སློབ་ཐོན་པ་ཚོར་ལས་ཀ་ཡང་གོ་སྒྲིག་བྱེད་ཐུབ་དགོས་པ་རེད། མ་འོངས་པར་ངྷ་རམ་ས་ལ་ཙམ་མིན་པར། སྨན་བཟོ་ས་དང་སྨན་སྦྱོར། སྨན་རྩིས་སློབ་གཉེར་གནང་མཁན་བཅས་ས་གནས་གཞན་དུ་ལས་གཞི་མགོ་འཛུགས་བྱ་འཆར་ཡོད།

དྲི་བ། དབུས་སྨན་རྩིས་ཁང་གིས་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་གཙོས་པའི་ས་གནས་ཁག་ཅིག་ནང་ལས་གཞི་རྒྱ་སྐྱེད་གཏོང་གི་ཡོད་ཚུལ་འདུག་པས་དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས། 

ལན། བྷིང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ། སྨན་རྩིས་མཐོ་སློབ་ཀྱི་ལས་གཞི་དང་སྨན་སྦྱོར། འཛིན་སྐྱོང་སོགས་ངྷ་ས་སྨན་རྩིས་ཁང་དུ་ག་རེ་བྱེད་ཀྱི་ཡོད་པ་དེའི་ཡན་ལག་ཅིག་འཛུཊ་འཆར་ཡོད། ལས་འཆར་དེར་ས་ཆ་ཨེ་ཀ་ ༡༠ ཞུས་ཏེ་མཐོ་སློབ་ལ་ཨེ་ཀ་ ༣ དང་། འཛིན་སྐྱོང་ལ་ཨེ་ཀ་ ༢ ། སྨན་སྦྱོར་ལ་ཨེ་ཀ་ ༣ ། ལས་ཤག་ལ་ཨེ་ཀ་ ༢ བཅས་བགོས་ཏེ་འཛུགས་བསྐྲུན་བྱ་འཆར་ཡོད། ཤར་ཕྱོགས་ཁུལ་གྱི་ཀ་རྡོར་སྒང་གསུམ་དང་འབྲས་ལྗོངས། འབུམ་སྡེ་ལ་བཅས་ལ་དམིགས་ཏེ་ས་ལི་སྒར་དུ་སྨན་སྦྱོར་དང་སྨན་སྦྱོར་གཙང་མ་བཟོ་བའི་ལས་གཞི་དང་། ཅོན་ཏ་རར་སྨན་སྦྱོར་དང་ཟབ་སྦྱོང་། ལས་ཤག་གསར་འཛུཊ་བཅས་བྱ་འཆར་ཡོད། བལ་ཡུལ་ནང་ཆབ་སྲིད་ཀྱི་རྐྱེན་པས་ཚོང་ལས་དེབ་སྐྱེལ་ཐོག་དཀའ་ངལ་ཡོད་སྟབས་ས་ལི་སྒར་དུ་འཛུཊ་འཆར་ཡོད་པ་དེའི་ཁྱབ་ཁོངས་འདྲ་བོ་རེད། འབྲུག་གི་མཐའ་མཚམས་སུ་སྨན་སྦྱོར་ཁང་ཞིག་རྒྱག་འཆར་ཡོད།

དྲི་བ། སྨན་ཁང་དང་མཐོ་སློབ་གཉིས་ཀའི་ལས་གཞི་རྒྱ་སྐྱེད་བཏང་བ་ཡིན་ན། སློབ་མ་བསྡུ་ཕྱོགས་དང་སློབ་ཡུན་སོགས་ལ་འགྱུར་བ་འགྲོ་སྲིད་དམ།    

ལན། ཉེ་ཆར་ས་ཁྲ་བཟོ་མཁན་དང་ང་ཚོ་མི་གསུམ་སོང་སྟེ་ཏཱ་ལའི་བླ་མ་མཐོ་སློབ་གྱི་མི་སྣ་དང་མཉམ་དུ་ཚོགས་འདུ་ཚོགས་པ་ཡིན། ཕྱི་ཟླ་ ༧ པའི་ནང་ང་ཚོས་ས་ཆ་རྩིས་བླངས་ཏེ་ཨར་ལས་མགོ་འཛུགས་བྱ་འཆར་ཡོད། ད་ཆར་ཏཱ་ལའི་བླ་མ་མཐོ་སློབ་དེ་མའེ་སོར་མཐོ་སློབ་(Mysore University) ཀྱི་ངོས་འཛིན་ཡོད་སྟབས། ང་ཚོ་ཡང་ཏཱ་ལ་བླ་མའི་མཐོ་སློབ་ཀྱི་ཁོངས་ལ་འཛུལ་རྒྱུའི་འཆར་གཞི་ཡོད། དེ་ལྟར་བྱས་པ་ཡིན་ན་མ་འོངས་པར་སློབ་ཕྲུག་ཚོའི་ལག་ཁྱེར་དང་ལས་ཀ་ཕྱོགས་ཡོངས་ནས་ཁྱད་པ་འགྲོ་གི་རེད། མ་འོངས་པར་ལོ་རེར་སློབ་མ་ ༦༠ རེ་བསྡུས་ཏེ། ལོ་ ༦ རིང་སློབ་སྦྱོང་དང་ལོ་གཅིག་རིང་ཉམས་མྱོང་གསོག་སྒྲུབ་བཅས་ཁྱོན་ལོ་ ༧ རིང་སློབ་སྦྱོང་བྱས་རྗེས་སྨན་པ་བཀའ་བཅུ་བ་ (BA) གནས་རིམ་ཐོན་གྱི་ཡོད། ཐོག་མའི་ལོ་གཅིག་རིང་རིག་གནས་དང་ཚན་རིག དབྱིན་ཡིག རྒྱ་སྐད་བཅས་ཡོད་ལ། རྩིས་ཀྱི་སྡེ་ཚན་ནང་ལོ་རེར་སློབ་མ་ ༢༠ བསྡུ་རྒྱུའི་འཆར་གཞི་ཡོད། 

དྲི་བ། བྷིང་ལོར་གྱི་ལས་གཞི་དེ་ག་དུས་མགོ་འཛུགས་བྱེད་འཆར་ཡོད་པ་དང་། མ་འོངས་པར་ག་དུས་ཤིག་ལ་འཛུཊ་སྐྲུན་ཡོངས་འགྲུབ་རྒྱུར་རེ་བ་རྒྱག་གི་ཡོད་དམ།

ལན། བྷིང་ལོར་མཐོ་སློབ་གྲུབ་རྗེས་ངྷ་རམ་ས་ལའི་མཐོ་སློབ་ཆ་ཚང་གནས་སྤོར་བྱ་རྒྱུ་ཡིན། ང་ཚོར་ད་ལྟའི་ས་ཆ་ཧ་ཅང་ཆེན་པོ་ཡོད་སྟབས། ཕྱི་ཟླ་ ༧ པ་ནས་ང་ཚོས་ས་ཆ་བདམས་རྗེས། ཐོག་མར་ལས་ཤག་བརྒྱབ་སྟེ་ལས་བྱེད་བསྡད་ཆོག་པ་བཟོ་རྒྱུ་དང་། དེ་ནས་ཡིག་ཚང་བཙུགས་རྗེས་དཔེ་དེབ་ཞིབ་འཇུག་དང་དཔར་བསྐྲུན་སྡེ་ཚན། ཉམས་ཞིབ་པའི་ལས་རིགས་ཁག་ཅིག་རིམ་པས་སྤར་རྒྱུ་དང་། མཐོ་སློབ་ད་ལྟ་སྐབས་ ༡༨ འགྲོ་བསྡད་ཀྱི་ཡོད་པ་དང་། སྐབས་ ༡༩ ཚུར་བསྡུ་བའི་དུས་སུ་བསླེབས་ཡོད་སྟབས། སྐབས་ ༢༠ པ་དེ་བྷིང་ལོར་དུ་ཚུགས་ཐུབ་པ་བྱ་རྒྱུར་རེ་བ་རྒྱག་གི་ཡོད། 

དྲི་བ། སྨན་རྩིས་མཐོ་སློབ་ཀྱི་ད་ལྟའི་བསླབ་གཞི་དང་། ད་ཡོད་སྨན་པ་དང་དགེ་རྒན་ཚོའི་ཤེས་ཡོན་གནས་ཚད་ཡར་རྒྱས་གཏོང་རྒྱུའི་ཐད་འཆར་གཞི་འདྲ་ཡོད་དམ།   

ལན། ང་ཚོས་དམིགས་ཡུལ་ལོ་རིམ་བཞི་བ་ནས་བཟུང་ཉམས་ཞིབ་ཐོག་ཕྱིན་ཏེ། རིགས་གཅིག་རྐང་འཛིན་ཐད་ད་ལྟ་ནས་མགོ་འཛུགས་ཀྱི་ཡོད། ད་ལྟ་འབྲི་རྩལ་དང་ཡིག་བསྒྱུར་ཐོག་ཡག་པོ་ཡོད་མཁན་དགེ་རྒན་བྱ་འདོད་པ་རྣམས་དེའི་ཐོག་འབད་པ་བྱ་རྒྱུ་དང་། སྨན་སྦྱོར་ནང་ཡོད་མཁན་ཚོ་སྨན་སྦྱོར་རང་གི་ཐོག་སློབ་སྦྱོང་སྤྲད་དེ་རིགས་གཅིག་རྐང་འཛིན་ཐོག་ཤུགས་ཆེ་རུ་གཏོང་འཆར་ཡོད། སོ་སོའི་འདོད་པ་ལྟར་བྱེད་རྒྱུ་མེད་པར་ལམ་ཁ་ཞིག་བདམས་ནས་འགྲོ་དགོས་པ་རེད། ང་ཚོའི་དཀའ་ངལ་ཆེ་ཤོས་ཨེམ་ཆི་རྒན་པ་ཚོར་སློབ་སྦྱོང་སྤྲོད་རྒྱུའི་ཐད་ནས་བོད་ནང་ཨམ་ཆི་རྒན་པ་རེ་གཉིས་ཡོད་སྟབས། ང་ཚོས་རྒྱལ་ཁབ་གསུམ་པ་ཞིག་བརྒྱུད་དེ་ཚུར་གདན་འདྲེན་ཞུ་ཐུབ་ན་བསམ་སྟེ་འབད་བརྩོན་བྱེད་བཞིན་ཡོད། སྔོན་མ་བླ་སྨན་དེ་འདྲ་ཕེབས་ཡོད་པ་རེད། བཙན་བྱོལ་ནང་ཨེམ་ཆི་ཡེ་ཤེས་དོན་ལྡན་མ་གཏོགས་ཡོད་མ་རེད། ཁོང་དགུང་ལོ་བགྲེས་པོ་རེད།

དྲི་བ། སྐུ་ཉིད་སྨན་རྩིས་ཁང་གི་འགན་འཛིན་དུ་ཕེབས་རྗེས་དེ་སྔའི་ཁྲིམས་སྒྲིག་དང་འགྲོ་སྟངས་མང་པོ་ཞིག་ལ་འགྱུར་བ་བཏང་ཡོད་ཚུལ་འདུག་པའི་སྐོར་ངོ་སྤྲོད་ཅིག་གནང་རོཊ། 

ལན། སྒྲིག་གཞིར་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་མ་རེད། དེ་སྔའི་སྒྲིག་གཞིར་ལག་ལེན་ཁྱད་མཚར་དེ་འདྲ་བསྟར་ཏེ་སྨན་རྩིས་ཁང་གི་འཛིན་སྐྱོང་ལ་དཀའ་ངལ་ཞིག་ཆགས་འདུག སྨན་རྩིས་ཁང་གི་ཨེམ་ཆི་ཚོས་སྨན་ཉོ་ཆོག་སྟབས། ཨེམ་ཆི་མང་པོ་ཞིག་གིས་སྨན་འདི་ནས་ཉོས་ཏེ་ཉིན་བཅུ་གྲངས་རེར་ཕྱི་རྒྱལ་དུ་ཕྱིན། ཕྱི་རྒྱལ་གྱི་ནད་པར་བལྟས་ན་ཡོང་འབབ་ཆེན་པོ་ཡོད་སྟབས། ཡང་བསྐྱར་ཚུར་ཡོང་སྟེ་ཟླ་བ་ཁ་ཤས་རྗེས་སྨན་ཉོས་ཏེ་ཕར་ཕྱིན་པ་དེ་འདྲ་གང་འཚམ་བྱུང་འདུག སྨན་རྩིས་མཐོ་སློབ་ཀྱི་དགེ་རྒན་རེ་ཟུང་གིས་ཀྱང་དེ་ལྟར་བྱས་ཏེ་སློབ་མ་ཚོར་སློབ་ཁྲིད་བྱེད་མཁན་མེད་པར་གཡུག་བཞག་པའི་གནས་ཚུལ་བྱུང་འདུག དགེ་རྒན་ཚོ་སློབ་གྲྭ་གཞན་པ་ལྟར་དགུན་ཁའི་ཟླ་གཉིས་རིང་ཕོགས་ཡོད་གུང་གསེང་རེད། སློབ་གྲྭ་ཡོད་པའི་སྐབས་སུ་རྩ་བ་ཉིད་ནས་འགྲིག་གི་ཡོད་པ་མ་རེད། སྒྲིག་གཞིའི་ནང་ཆོག་གི་ཡོད་ཅེས་ཨེམ་ཆི་ཙམ་མིན་པར་དགེ་རྒན་ཚོ་ཡང་ཕྱིན་ཏེ་ངན་པ་ལངས་ཤོར་གཅིག་བྱས་འདུག གནས་ཚུལ་དེའི་རིགས་མཐའ་གཅིག་ཏུ་བཀག་ཡོད། ང་སྨན་རྩིས་ཁང་ནང་ཡོང་རྗེས་ལྷོ་ཕྱོགས་སྨན་ཁང་ཁག་དུ་ཕྱིན་སྐབས། སྨན་སྣ་ཁ་བཞི་ལྔ་རེ་ཆད་མེད་པའི་སྨན་ཁང་ཧ་ལམ་མི་འདུག དབུས་ནས་ས་གནས་ལ་སྨན་བཏང་སྟེ་ཉིན་ཤས་ལས་མ་ཕྱིན་པར་སྨན་རྫོགས་འདུག

དྲི་བ། ཉིད་ཀྱིས་སྨན་རྩིས་འགན་འཛིན་གྱི་ཕྱག་ལས་གནང་རིང་། སྨན་རྩིས་ཁང་གི་ལས་དོན་ཐོག་སྐྱོན་གཙོ་བོ་ག་རེ་མཐོང་གི་འདུག་གམ།

ལན། སྨན་རྩིས་ཁང་གཞན་དང་མི་འདྲ་བར་རང་ཁ་རང་གསོ་ཐུབ་པ་ཞིག་དང་འདུ་འགོད་ཀྱི་རྣམ་པ་ཡོད་པའི་སྒྲིག་འཛུགས་ཤིག་རེད། གླ་ཕོགས་ཀྱི་ཕྱོགས་ནས་སྨན་རྩིས་ཁང་སྤྱི་ཡོངས་ཀྱི་ལས་བྱེད་ལ་མ་སྦར་བར། སྒང་ནས་ཨེམ་ཆི་རེད་ཅེས་ཆེན་པོ་སྤར་བ་ཡིན་ན། འོག་གི་ལས་བྱེད་ཚོའི་སེམས་ཤུཊ་ཆགས་ཏེ་ལས་ཀ་ཡག་པོ་ཡོང་གི་མ་རེད། སྒང་ནས་ཀླད་པ་ག་ཚོད་ཡོད་ཀྱང་འོག་ནས་ཡག་པོ་མ་བྱུང་ན་འགུལ་སྐྱོད་ཐེབས་ཐུབ་ཀི་མ་རེད། དེར་བརྟེན། འཐོབ་རྒྱུ་ཞིག་ཡོད་ན་སྤྱི་ཡོངས་ནས་ཚང་མར་སྤར་རྒྱུ་གལ་ཆེན་པོ་རེད། གཞན། དེང་སང་ཨེམ་ཆིས་སྨན་འཁྱེར་ནས་ཕྱི་རྒྱལ་དུ་འགྲོ་རྒྱུ་དང་ནད་པར་གང་འདོད་དུ་ལྟ་རྒྱུའི་གོ་སྐབས་མེད་པ་བཟོས་ཡོད། འགྲོ་མཁན་ཡོད་ཚེ་སྨན་རྐུ་མ་བརྒྱབ་པ་དང་ས་གནས་སྨན་ཁང་སོགས་ནས་ཐབས་ཤེས་བྱེད་རྒྱུ་ལས། སྨན་རྩིས་ཁང་ནས་འཛིན་བཟོ་བའི་ལུགས་སྲོལ་མེད་པ་བཟོས་ཡོད། ཡིན་ནའང་། ཨེམ་ཆི་ཟུར་པ་ཚོར་ང་ཚོས་སྡེབ་ཚོང་བྱེད་ས་ནས་བཙོང་གི་ཡོད་པ་རེད།

གང་ལྟར། དབྱིན་ཡིག་ནང་(Conflict interest) གཞུང་གི་ལས་ཀ་དང་སྒེར་གྱི་བྱེད་ཕྱོགས་གཉིས་འགལ་ཟླ་མ་ཡོང་བ་བྱེད་དགོས་ཀྱི་འདུག ཕྱི་རྒྱལ་ལ་མཚོན་ན་དེའི་རིགས་ལ་ཧ་ཅང་དམ་པོ་ཡོད་པ་རེད། དེ་ཚོ་ཡོད་པ་ལས་མེད་པ་དྲག་གི་རེད། མ་མཐར་ཡང་སྒྲིག་འཛུགས་སྲ་ཐག་ཐག་འདུག་གི་རེད། དེ་སྔ་ཡང་ཨེམ་ཆི་དང་། རྩིས་པ་དེ་འདྲ་ལོ་ལྔའི་རིང་གནས་རིམ་འཕར་རྒྱུ་མེད་པ་བཟོས་པ་དང་དངུལ་གྱི་ཉེས་ཆད་བཏང་བའི་རིགས་མང་པོ་འདུག དེ་དག་ཉེས་ཆད་ཡང་པོ་རེད། ཕྱིར་འཕུད་གཏོང་དགོས་ཚེ་མང་པོ་ཞིག་གཏོང་དགོས་ཆགས་ཀྱི་འདུག མང་ཆེ་བ་རྩིས་ཀྱི་ཐོག་ནས་གྲ་མ་འགྲིག་པ་དེ་འདྲ་རེད། ནད་པ་མང་པོ་མེད་ཀྱང་། ནད་པ་མང་པོའི་མིང་བྲིས་ཏེ་ཟླ་བ་གསུམ་རེའི་སྨན་སྤྲད་ཡོད་མདོག་མདོག་བྱས་པ་དེ་ར་འཕྲོད་པ་ཡིན་ན་ཉེས་པ་ཧ་ལས་པའི་ཆེན་པོ་རེད།

དྲི་བ། སྨན་རྩིས་ཁང་གི་རིན་ཆེན་རིལ་བུའི་ཐོག་གླེང་སློང་མང་པོ་འདུག ཁ་ཤས་ཀྱིས་རིན་ཆེན་རིལ་བུ་མང་པོས་ཚོང་རྒྱག་གི་འདུག ནད་པ་ཁ་ཤས་ལ་དགོས་གལ་ཆེ་ཡང་རག་གི་མེད་པའི་གནས་ཚུལ་འདུག་པ་དེ་ག་རེ་ཡིན་ནམ།   

ལན། སྔོན་མ་སྨན་ཚོང་རྒྱག་མཁན་དང་ཨེམ་ཆི་སྒེར་བ་མང་པོ་ཞིག་གིས་སྨན་རྩིས་ཁང་གི་སྨན་མང་པོ་ཉོས་ཏེ་མང་ཚོགས་ལ་སྨན་མ་འདང་བའི་དཀའ་ངལ་འཕྲད་ཡོད་པ་རེད། ལྷག་པར་དུ་རིན་ཆེན་རིལ་བུ་ལ་མཚོན་ན། ནད་པའི་ཆེད་དུ་རིན་ཆེན་རིལ་བུ་གང་འདྲ་ཞིག་སྤྲོད་མིན་ཨེམ་ཆི་ལ་བརྒྱ་ཆའི་བརྒྱ་དབང་ཆ་ཡོད་པ་རེད། ནད་པའི་ཆེད་དུ་སྨན་མ་སྤྲོད་རྩ་བ་ནས་ལབ་ཡོད་པ་མ་རེད། ནད་པའི་ཁྲོད་དུ་བདུན་ཕྲག་རེ་རེ་བཞིན་རིན་ཆེན་རིལ་བུ་ཟ་དགོས་མཁན་ཡོད་ཀྱང་འཛིན་སྐྱོང་གིས་སྟངས་འཛིན་བྱེད་ཀྱི་ཡོད་པ་མ་རེད། ཨེམ་ཆི་ཁག་ཅིག་གིས་འཛིན་སྐྱོང་གིས་སྟངས་འཛིན་བྱེད་ཀྱི་ཡོད་མདོག་མདོག་བྱས་འདུག ང་འདིར་བསླེབས་རྗེས་ངས་སྨན་སྦྱིན་དེ་ཉིན་བཅུའི་སྨན་གྱིས་དྲག་གི་མེད་པར་ཟླ་བ་གཅིག་དགོས་ཀྱི་ཡོད་ན། ཟླ་གཅིག་གི་སྨན་སྦྱིན་སྤྲོད་དགོས་ཞེས་བཤད་ཡོད་ལ། རྒན་ཁོག་ཚོར་སྨན་སྦྱིན་ལོ་ ༧༠ ནས་ ༦༥ ཕབ་ཡོད། ཉམ་ཐག་ལ་སྨན་སྦྱིན་སྤྲོད་རྒྱུ་གཞིས་མགོ་དང་བདེ་དོན་གྱི་ཡིག་ཆ་རྩ་འཛིན་བྱེད་ཀྱི་ཡོད། ཡིན་ནའང་། སྨན་ཁང་ནས་སྨན་ཉོ་རྒྱུ་ཏོག་ཙམ་དམ་དུ་སོང་ཡོད། ཉོ་མཁན་ཞིག་ལ་མང་པོ་སྤྲད་པ་ཡིན་ན་སྨན་རྩས་ཁང་ལ་སྨན་ཆད་ཀྱི་ཡོད་པ་རེད།

དྲི་བ། བོད་ནང་དང་བལ་ཡུལ་སོགས་སུ་ངྷ་རམ་ས་ལའི་སྨན་རྩིས་ཁང་ནས་ཡིན་ཟེར་བའི་རིན་ཆེན་རིལ་བུ་སོགས་སྨན་རྫུན་མ་མང་པོ་ཞིག་ཡོང་གི་ཡོད་པའི་སྐོར་མཁྱེན་རྟོགས་ཡོད་དམ།  

ལན། ད་ལྟ་རིན་ཆེན་རིལ་བུ་ཁག་ཅིག་རྫུན་མ་འཐོན་བཞིན་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། ང་ཚོའི་སྨན་རྩིས་ཁང་གིས་བཟོས་པ་ལས་མང་ཞིག་བལ་ཡུལ་དང་མོ་སུ་ཁོ། ཧོང་ཀོང་། ལྷ་ས། ཨ་མདོ་ཁུལ་བཅས་སུ་བཟོས་འདུག བཟོ་སྟངས་དང་ཕྱིའི་རྣམ་པ་ང་ཚོའི་དེ་དང་གཅིག་པ་གཅིག་རྐྱང་རེད། གཅིག་དེ་རྒྱ་གར་ནང་མེད་འགྲོ་བསམ་གྱི་འདུག ཚོང་པ་ཚོས་སྨན་རྩིས་ཁང་ལ་དམིཊ་བསལ་འབྲེལ་བ་ཡོད་མདོག་མདོག་གི་སྐྱག་རྫུན་བཤད་དེ་སྨན་རྫུན་མ་མང་པོ་བཙོང་འདུག སྔོན་མ་སྤོས་དཀར་ཡོད་དུས་ནག་ཚོང་རྒྱག་གི་ཡོད་པ་རེད། བཟོ་བྱེད་ཀྱི་འཕྲུལ་འཁོར་ཐའེ་ཝན་ནས་ཉོས་ཏེ་ཆ་ཚང་གཅིག་པ་གཅིག་ཀྱང་བཟོས་འདུག རྒྱ་གར་ནང་ལྡི་ལི་དང་སྒང་ཏོག ཀ་སྤུག་བཅས་སུ་བསང་དང་སྤོས་རྫུན་མ་མང་པོ་ཞིག་བཙོང་གི་འདུག

དྲི་བ། མ་འོངས་པར་བོད་སྨན་རྫུན་མ་ཡོང་བཞིན་པ་དག་འགོག་ཐབས་དང་། དེའི་ཐད་དམིཊ་བསལ་གྱི་ལས་འཆར་འདྲ་ཡོད་དམ། 

ལན། ད་ཆར་སྨན་རྩིས་ཁང་མ་ཡིན་པའི་སྨན་བཟོ་མཁན་མང་པོ་ཡོད་པ་རེད། ཁ་ཤས་ཀྱིས་དཀའ་ལས་བརྒྱབ་ཏེ་ཚད་ལྡན་བཟོས་ཏེ་ཨེམ་ཆི་མང་པོས་ངོས་ལེན་ཡོད་པ་དེ་འདྲ་ཡང་ཡོད་པ་རེད། ང་ཚོའི་མིང་དང་ཚོང་རྟགས་བེད་སྤྱོད་བཏང་སྟེ་རྫུན་མ་བཟོ་བཞིན་ཡོད་པ་དེ་དག་ང་ཚོས་འགོག་ཐབས་བྱེད་ཀྱི་ཡོད། ང་ཚོའི་ཚོང་རྟགས་དང་མིང་དེ་འགྲོ་སོང་བཏང་སྟེ་དེབ་སྐྱེལ་བྱས་པ་རེད། དེའི་རིགས་ཁྲིམས་ཐོག་ནས་འགྲོ་རྒྱུ་རེད། ངྷ་རམ་ས་ལའི་སྨན་རྩིས་ཁང་གི་ཡིན་ཟེར་ནས་རིན་ཆེན་རིལ་བའི་འཚོང་རྒྱག་གི་ཡོད་པ་མང་ཆེ་བ་རྫུན་མ་རེད། མང་ཚོགས་ཀྱིས་ཞིབ་འཇུག་ཡག་པོ་གནང་རོགས། ང་ཚོས་དེ་དག་གི་འབྱུང་ཁུངས་དང་། དམ་དྲག་ཇི་ལྟར་བྱ་དགོས་མིན་ཐོག་བརྟག་དཔྱད་ཞིབ་འཇུག་བྱེད་ཀྱི་ཡོད། མ་འོངས་པར་སྨན་རྩིས་ཁང་གི་སྨན་གཞན་དང་མ་འདྲ་བ་བཟོ་འཆར་ཡོད། དེ་བཟོ་བར་དུས་ནས་དུས་སུ་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད།

དྲི་བ། ད་ཆར་དབུས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དེ་འདྲ་འཛུཊ་འཆར་ཡོད་དམ།

ལན། ད་ཆར་སྨན་རྩིས་ཁང་དུ་ཁྱོན་ལས་བྱེད་ ༥༠༠ ལྷག་དང་། ས་གནས་ཁག་ཏུ་སྨན་ཁང་ཆེ་ཆུང་ ༥༦ ། དབུས་ས་གཉིས་སུ་སྨན་པ་ ༡༣༡ བཅས་ཡོད་པ་རེད། སྔར་ལོ་ནས་བཟུང་ང་སྐོར་སྐྱོད་དུ་ཕྱིན་པ་ཡིན། སྐོར་སྐྱོད་རེ་རེ་འགྲོ་སྐབས་གནས་ཚུལ་གསར་བ་རེ་རེ་ཡོང་གི་འདུག ཐེངས་ཁ་ཤས་རིང་སྐོར་སྐྱོད་བྱས་པ་དང་ལས་ཁུངས་ཀྱི་ལམ་སྟོན་དང་ཡོངས་ཁྱབ་གསལ་བསྒྲགས་སོགས་གནང་སྟེ་ད་ལྟ་ཡག་པོ་ཆགས་ཡོད། ད་ལོ་ནས་བཟུང་ལོ་འཁོར་དུས་དྲན་སོགས་དབུས་ཁོ་ན་མིན་པར། ས་གནས་ཁག་སོ་སོའི་ནང་སྲུང་གཙི་གནང་གི་ཡོད་ལ། ཉིན་དེར་སྨན་སྦྱིན་དང་ལས་གཞི་ཁག་ཅིག་སྤེལ་གྱི་ཡོད། ས་གནས་ཀྱི་ལས་བྱེད་ཚོར་སེམས་ཤུགས་འཕར་རྒྱུ་དང་ཁོང་ཚོས་ལས་ཀ་བྱས་དང་མ་བྱས་ཧ་གོ་ཡོང་གི་རེད་བསམ་པ་ཞིག་བཟོས་ཡོད། མ་འོངས་པར་ཇེ་ཡེ་པུ་དང་ཕ་ཌི་ནཱ། གྷོ་ཝ་ཌི། ཅན་གྷི་སྒར་བཅས་སུ་གསར་འཛུགས་བྱ་འཆར་ཡོད། 

གསར་འགོད་པ། དོན་གོ

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།༽

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༥ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།

མཆན། 3

  1. རྒྱ་མཚོ། says:
    ལོ་ 12 སྔོན།

    ༼སྨན་རྩིས་ཁང་གི་ཨེམ་ཆི་ཚོས་སྨན་ཉོ་ཆོག་སྟབས། ཨེམ་ཆི་མང་པོ་ཞིག་གིས་སྨན་འདི་ནས་ཉོས་ཏེ་ཉིན་བཅུ་གྲངས་རེར་ཕྱི་རྒྱལ་དུ་ཕྱིན། ཕྱི་རྒྱལ་གྱི་ནད་པར་བལྟས་ན་ཡོང་འབབ་ཆེན་པོ་ཡོད་སྟབས། ཡང་བསྐྱར་ཚུར་ཡོང་སྟེ་ཟླ་བ་ཁ་ཤས་རྗེས་སྨན་ཉོས་ཏེ་ཕར་ཕྱིན་པ་དེ་འདྲ་གང་འཚམ་བྱུང་འདུག སྨན་རྩིས་མཐོ་སློབ་ཀྱི་དགེ་རྒན་རེ་ཟུང་གིས་ཀྱང་དེ་ལྟར་བྱས་ཏེ་སློབ་མ་ཚོར་སློབ་ཁྲིད་བྱེད་མཁན་མེད་པར་གཡུག་བཞག་པའི་གནས་ཚུལ་བྱུང་འདུག དགེ་རྒན་ཚོ་སློབ་གྲྭ་གཞན་པ་ལྟར་དགུན་ཁའི་ཟླ་གཉིས་རིང་ཕོགས་ཡོད་གུང་གསེང་རེད། སློབ་གྲྭ་ཡོད་པའི་སྐབས་སུ་རྩ་བ་ཉིད་ནས་འགྲིག་གི་ཡོད་པ་མ་རེད། སྒྲིག་གཞིའི་ནང་ཆོག་གི་ཡོད་ཅེས་ཨེམ་ཆི་ཙམ་མིན་པར་དགེ་རྒན་ཚོ་ཡང་ཕྱིན་ཏེ་ངན་པ་ལངས་ཤོར་གཅིག་བྱས་འདུག གནས་ཚུལ་དེའི་རིགས་མཐའ་གཅིག་ཏུ་བཀག་ཡོད། ༽དངོས་གནས་འགན་འཛིན་མཆོག་ནས་གནད་དོན་མང་པོ་རྒྱུས་ལོན་དང་། ཐག་གཅོད་ནན་མོ་གནང་འདུག ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་ཆགས་འདུག ད་དུང་མུ་མཐུད་ཕྱག་ལས་རླབས་ཆེན་གནང་རོགས།

    Reply
  2. གངས་ལྡོམ། says:
    ལོ་ 12 སྔོན།

    གཞུང་གི་ལས་ཀ་ཟེར་ན་ཏག་ཏག་ཅིག་འགྲིག་བསྡད་ཡོད་མ་རེད།
    ད་སྒྲིག་འཛུགས་ཀྱི་ལས་ཀ་ཟེར་ན་ཏག་ཏག་ཡོད་རེད།
    ང་ཚོར་སྒྲིག་འཛུགས་ཡོད་པ་ལས་གཞུང་ཡོད་མ་རེད།
    གཞུང་མེད་པར་གཞུང་གི་ལས་ཀ་ཞིག་གང་ན་ཡོད།

    Reply
  3. ཁྱུང་རི། says:
    ལོ་ 12 སྔོན།

    འགན་འཛིན་ཚེ་རིང་བཀྲ་ཤིས་ལགས། ཁྱེད་རང་སྨན་རྩིས་ཁང་གི་འགན་འཛིན་དུ་ཕེབས་རྗེས་སྨན་རྩིས་ཁང་གི་འཛིན་སྐྱོང་དང་ལས་བྱེད་དག་གི་གསོལ་ཕོགས། དེ་བཞིན་ས་གནས་སྨན་ཁང་ཁག་ཚགས་ཚུད་སོགས་གནང་དང་གནང་བཞིན་པ་ཐོས་པས་ཧ་ཅང་དགའ་བོ་བྱུང་སོང་། ཡིན་ནའང་གནས་ཚུལ་གང་ཞིག་ཡིན་རུང་བཟང་ཕྱོགས་ངན་ཕྱོགས་གཉིས་ཀར་གནས་ཚུལ་ཡོད་པ་གཞིར་བཟུང་། དབུས་ལས་ཁུངས་ཀྱི་ལས་བྱེད་རེ་ཟུང་དང་ནང་ཁུལ་མ་མཐུན་པ་བྱུང་སྟེ་ལས་བྱེད་དང་སྨན་པ་འགའ་རེ་འཛྀན་སྐྱོང་གིས་རྩ་དགོངས་ལ་བཏང་བ་དང་རང་འགུལ་གྱིས་རྩ་དགོངས་ཞུས་པ། ས་གནས་སྨན་ཁང་ཁག་རེ་ཟུང་ནང་དངུལ་དངོས་ཀྱི་རྙོག་གླེང་བྱུང་བ་དང་སྨན་གྱི་འགྲོ་རྒྱུག་ཐོག་དཀའ་ངལ་འཕྲད་པ་སོགས་བྱུང་གི་ཡོད་པ་མཐོང་ཐོས་འདུག
    ལས་དོན་གང་ཞིག་ཡིན་རུང་དཀའ་ངལ་ཡོད་ཡོད་པ་ཡིན་པ་སོང་ཙང་དྲང་བདེན་དང་ཕྱོགས་ལྷུང་མེད་པ། ཕྱི་གསལ་ནང་གསལ། ག་གོར་འཐུས་ཤོར་མེད་པ་གནང་རྒྱུ་ཧ་ཅང་གལ་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese