མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༣/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

སི་ཁྲོན་ཁྱུང་མཆུ་རྫོང་གསེར་དེའུ་ཡུལ་ཚོའི་སྤྱི་བདེ་ཉེན་རྟོག་པས་བོད་མི་ཞིག་ལ་གཅར་རྡུང་བཏང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག

ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་ཁྱུང་མཆུ་རྫོང་གསེར་དེའུ་ཡུལ་ཚོའི་རང་ལོ་ ༢༩ ཡས་མས་ཡིན་པའི་བོད་རིགས་གཞོན་སྐྱེས་མགུལ་གྲགས་ཞུ་བར། ཡུལ་ཚོའི་སྤྱི་བདེ་ལས་ཁུངས་ཀྱི་མགོ་གཙོ་རིན་ཆེན་གཙོས་པའི་ཉེན་རྟོག་པ་ཁག་ཅིག་གིས་རྐུ་འཁྱེར་གྱི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། ཉེན་རྟོག་པས་ས་གནས་ཀྱི་བཀག་ཉར་ཁང་དུ་འཁྲིད་དེ་འདྲི་བརྩད་གཅར་རྡུང་ཚད་ལས་བརྒལ་བ་བཏང་སྟེ། ཉིན་དེར་ཁོང་འདས་གྲོངས་སུ་ཕྱིན་ཡོད་འདུག 

རྗེས་སུ་ཉེན་རྟོག་པས་ནང་མི་ཉེ་འབྲེལ་དང་ས་གནས་བོད་མི་ཚོར་མགུལ་གྲགས་གཅར་རྡུང་བྱས་ཏེ་གྲོངས་པ་མིན་པར། ཁོ་རང་རང་ཤི་བརྒྱབ་ཡོད་ཚུལ་བརྗོད་ཡོད་པ་མ་ཟད། ཅ་དངོས་ཁག་ཅིག་རྫུན་བསྒྲིག་གིས་མི་མང་ལ་བདེན་དཔང་གི་ཚུལ་དུ་བསྟན་ཡོད་འདུག་མོད། ནང་མི་ཉེ་འབྲེལ་དང་ཡུལ་མི་ཚོས་ཉེན་རྟོག་པའི་སྐད་ཆར་ངོས་ལེན་མ་བྱས་པར། ཡུལ་མི་ ༥༠༠ ལྷག་བཀག་ཉར་ཁང་གི་སྒོ་ཁར་འཛོམས་ཏེ། མགུལ་གྲགས་ལགས་ཉེན་རྟོག་པས་གཅར་རྡུང་བྱས་ཏེ་གྲོངས་ཡོད་པ་དང་། གལ་སྲིད། ཁས་ལེན་མ་བྱས་པ་ཡིན་ན། གནས་ཚུལ་ཆེན་པོ་ལྷག་སྲིད་སྐོར་བཤད་སྟབས། ཉེན་རྟོག་པས་མགུལ་གྲགས་གཅར་རྡུང་འོག་འདས་གྲོངས་སུ་གྱུར་བ་ཁས་ལེན་བྱས་ཡོད་པ་མ་ཟད། ཤི་བོའི་འདས་མཆོད་བསྒྲུབ་ཆེད་རྒྱ་སྒོར་ཁྲི་ ༥ དང་། མི་སྟོང་ལ་རྒྱ་སྒོར་ཁྲི་ ༥༠ བཅས་སྤྲད་འདུག 

ད་ཆར་ས་གནས་མི་མང་ཁྲོད། མི་གསོད་དོན་རྐྱེན་འདིའི་ནག་ཉེས་ས་གནས་སྤྱི་བདེ་ཉེན་རྟོག་པར་ཡོད་ཀྱང་། གཞུང་ཕྱོགས་ནས་བཙན་དབང་གིས་ཐག་གཅོད་བྱས་ཏེ།  ངོས་ལེན་མི་བྱེད་ཐབས་མེད་བྱུང་ཡོད་པའི་གླེང་སློང་བྱེད་ཀྱི་ཡོད་འདུག

མགུལ་གྲགས་ལགས་ཀྱི་ཕ་མིང་ལ་རིག་ལོ་དང་མ་མིང་ལ་མིས་ལོ་ཞུ་བ་དང་། ཁོའི་ཆུང་མའི་མིང་ལ་གཞིས་ཕྲུག་ཟེར་གྱི་ཡོད་འདུག་ལ།   ཁོ་བཟའ་ཟླ་གཉིས་ལ་བྱིས་པ་གཉིས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese