མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནག་གིས་དམག་ཤུགས་ངོམ།

བོད་ཀྱི་དུས་བབ།
༢༠༡༣/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གར་གྱི་མཁའ་དམག་གིས་དམག་ཤུགས་ཕྱིར་ངོམ་སྟེ། (C-130J) རྟགས་ཅན་གྱི་དྲག་ཆས་སྐྱེལ་འདྲེན་གནམ་གྲུ་ཞིག་རྒྱ་གར་ནག་གི་རྩོད་རྙོག་ཅན་གྱི་ས་མཚམས་སུ་བབས་ཡོད།

ཁ་སང་རྒྱ་ནག་གི་པོ་ཞོན་དྲ་བའི་སྟེང་གནས་ཚུལ་སྤེལ་བར། ཟླ་འདིའི་ཚེས་ ༢༠ ཉིན་གྱི་ཞོགས་པའི་ས་གནས་ཀྱི་ཆུ་ཚོད་ ༦།༥༤  སྟེང་། རྒྱ་གར་མཁའ་དམག་གི་དྲག་ཆས་སྐྱེལ་འདྲེན་གནམ་གྲུ་ (C-130J) རྟགས་ཅན་ཞིག རྒྱ་གར་ནག་གི་རྩོད་རྙོག་ཡོད་པའི་ས་ཁུལ་བོད་དང་རྒྱ་གར་གྱི་ས་མཚམས། ལ་དྭགས་བྱང་ཐང་རྡོ་ལ་བྷེ་ཨོལ་ཌེ་(DauLat beg oldie) ཞེས་པའི་གནམ་ཐང་དུ་བབས་ཡོད་པ་དང་། གནམ་ཐང་དེའི་མཐོ་ཚད་རྒྱ་མཚོ་ངོས་ནས་(Meter 5.065)ཙམ་ཡོད་པའི་འཛམ་གླིང་གི་ཆེས་མཐོ་བའི་དམག་སྤྱོད་གནམ་ཐང་དེ་ཆགས་ཡོད་ཅིང་། གནམ་ཐང་དེ་ ༡༩༦༢ ལོའི་རྒྱ་གར་ནག་གི་དམག་འཁྲུག་སྐབས་རྒྱ་གར་གྱིས་འཛུགས་སྐྲུན་བྱས་པ་ཞིག་ཡིན་འདུག ས་ཁུལ་དེ་ནི་ད་ལོའི་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་རྒྱ་ནག་མཐའ་སྲུང་དམག་མིས་ས་མཚམས་བརྒལ་ཏེ་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་བཙན་འཛུལ་གྱིས་དམག་གུར་ ༡༥ ཙམ་བརྒྱབ་སྟེ་ཕྱོགས་གཉིས་བར་རྙོག་གླེང་མང་པོ་བྱུང་བའི་ས་གནས་དེ་ཆགས་ཡོད་པ་རེད། 

གོང་གི་གནས་ཚུལ་དེར་རྒྱ་གར་རྒྱལ་སྲུང་ལྷན་ཁང་གི་གསལ་བསྒྲགས་སྤེལ་བ་ཞིག་ལུང་འདྲེན་བྱས་ཡོད་པའི་ནང་། “ (DauLat beg oldie)ཞེས་པའི་གནམ་ཐང་དེར། གལ་ཆེའི་དམག་དཔུང་ཞིག་གི་མདུན་སྐྱོད་སློབ་སྟོན་ཁང་ཟེར་གྱི་ཡོད་པ་དང་། ཐེངས་འདིར་ (C-130J)རྟགས་ཅན་གྱི་དྲག་ཆས་སྐྱེལ་འདྲེན་གནམ་གྲུ་དེ་ལམ་ལྷུང་ལྡན་པའི་ངང་འབབ་ཐུབ་པ་བྱུང་པ་ནི། འཛམ་གླིང་གི་ཟིན་ཐོར་འགོད་རིན་ཡོད་པ་ཞིག་ཆགས་ཡོད་པ་མ་ཟད། འདི་ལྟ་བུའི་ས་མཐོར་ཆུ་ཚད་ངེས་ཅན་ལྡན་པའི་གནམ་གྲུ་བདེ་ལེགས་ངང་བབས་པ་དེ་ནི་ལོ་རྒྱུའི་སྟེང་ཐེངས་དང་པོ་ཆགས་ཡོད། ཐེངས་འདིར་མཁའ་དམག་སྐྱེལ་འདྲེན་ལེགས་གྲུབ་བྱུང་བ་བརྒྱུད་དེ། མ་འོངས་པར་རྒྱ་གར་གྱི་གནམ་དམག་གིས་སྐམ་སའི་དམག་དཔུང་ལ་དགོས་མཁོ་བསྒྲིབ་པར་སྔར་ལས་ལྷག་པའི་ནུས་པ་འདོན་ཐུབ་པ་དང་། ལྷག་པར་དུ་ས་བབ་མཐོ་ས་དང་། ཉེན་ཁ་ཡོད་པའི་ས་ཆ་ཁུག་ཀྱོག་དག་གི་དམག་དཔུང་ལ་དགོས་དངོས་རིགས་མཁོ་སྤྲོད་བྱེད་པར་ནུས་པ་ཆེན་པོ་ལྡན་ཡོད” ཅེས་སོགས་བརྗོད་འདུག

གནས་ཚུལ་དེའི་ནང་མུ་མཐུད་དུ་བཀོད་དོན། རྒྱ་གར་མཁའ་དམག་གིས་དྲག་ཆས་སྐྱེལ་འདྲེན་གནམ་གྲུ་ཚོད་ལྟ་བྱས་པའི་ཉིན་དེར། ཀྲུང་གོའི་བཅིངས་འགྲོལ་དམག་ཟེར་བས་ཆེད་མངགས་ཐོག གསར་ཐོན་ལྕགས་འཁྲབ་འཁོར་ལོ་ ༩༦ ཙམ་གྱིས་བོད་ཡུལ་མཐོ་སྒང་ནས་དངོས་སུ་འཁྲབ་སྦྱོང་བྱས་ཡོད་འདུག ཀྲུང་གོའི་དཔོན་ཕྱོགས་བརྡ་འཕྲིན་ནས་བརྗོད་པ་ལྟར་ན། ཁྲིན་ཏུའུ་དམག་ཁུལ་གྱི་དམག་སྡེ་ག་ཀོ་མོ་ཞིག་གིས་བྲེལ་འཚུབ་ངང་གསལ་བསྒྲགས་སྤེལ་ཏེ། ཀྲུང་གོའི་ཕྱོགས་ནས་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་འཐབ་འཁྲུག་དངོས་ལ་ཞུགས་པ་ལྟ་བུའི་སྐམ་དམག་གི་དངོས་སྦྱོང་བྱེད་དགོས་པ་མ་ཟད། མ་འོངས་པར་ཛ་དྲག་གི་གནས་ཚུལ་བྱུང་འཕྲལ་དཀའ་སྡུག་དང་ཉེན་ཁ་བརྒྱུད་དེ། མགྱོགས་མགྱུར་ངང་རྒྱ་མཚོ་ངོས་ནས་མཐོ་ཚད་(Meter 4,000)ཙམ་ཡོད་པའི་བོད་ནུབ་ཕྱོགས་མཐོ་སྒང་གི་སྦྱོང་བརྡར་ར་བར་སྤོ་ཐུབ་པ་ཞིག་དགོས་ཤིང་། གྲང་ངར་ཆེ་བའི་མཐོ་སྒང་རི་ཁུལ་དུ་དངོས་འཐབ་ཀྱི་ནུས་ཤུགས་ཆེ་རུ་བཏང་སྟེ་མཁྲེགས་པོར་ཐོ་བས་བརྡུང་སྟེ་རྒྱལ་ཁ་ལེན་དགོས་ཟེར།

གནས་ཚུལ་དཔྱད་བརྗོད་པ་ཚོས། ཀྲུང་གོའི་ལྕགས་འཁྲབ་འཁོར་ལོ་ ༩༦ ཙམ་མཐོ་སྒང་དུ་མངོན་པ་འདི་ནི་ཐེངས་དང་པོ་མ་ཡིན་པར། ཉེ་བའི་ལོ་ཤས་ནང་བཅིངས་འགྲོལ་དམག་གིས་ཐབས་ཤེས་སྣ་ཚོགས་སྤྱད་དེ། མཐོ་སྒང་དུ་ལྕགས་འཁྲབ་འཁོར་ལོའི་གདོང་ལེན་ཚུར་སྣང་མང་པོ་བྱུང་ཡོད་ཅིང་། དེའི་ནང་དོན་ནི་གྲང་ངར་ཆེ་བའི་མཐོ་སྒང་རི་ཁུལ་དུ་དམག་དཔུང་གི་འཐབ་འཛིང་ནུས་པ་མཐོ་རུ་གཏོང་གི་ཡོད་པ་མཚོན་ཡོད་ཅེས་བརྗོད་འདུག གནས་ཚུལ་དེའི་ཐད་གསར་འགོད་པས་བརྗོད་རྒྱུར། དེང་སྐབས་ཀྲུང་གོ་ཕྱོགས་ཀྱིས་གཞི་རྒྱ་ཆེ་བའི་དམག་དོན་རྒྱ་སྐྱེད་གཏོང་བཞིན་པའི་སྒང་རེད།  ༢༠༠༠ ལོ་ནས་བཟུང་ཀྲུང་གོའི་ཕྱོགས་ནས་བོད་ལྗོངས་སུ་རྙོག་འཛིང་ཅན་གྱི་དམག་དོན་རྨང་གཞིའི་སྒྲིག་བཀོད་ ༡ དང་། མཁའ་དམག་གི་རྟེན་གཞི་ ༥ ། ཐད་འཕུར་གནམ་གྲུ་འབབ་ཐང་ཁ་ཤས། ལྕགས་ལམ་དྲ་བ་རྒྱ་ཆེན་པོ་ ༡ ། རིང་ཚད་(Mile 36000)ཡོད་པའི་གཞུང་ལམ་བཅས་འཛུགས་སྐྲུན་བྱས་འདུག་ཟེར།

གསར་འགྱུར་དེའི་མཇུག་ཏུ། འདི་ལྟར་ཕྱིན་པ་ཡིན་ན། མཐའ་མཚམས་ཁུལ་དུ་བཅིངས་འགྲོལ་དམག་མི་ཧྲི་ཤོག་ ༣༠ མགྱོགས་མྱུར་གྱིས་བཀོད་སྒྲིག་བྱེད་ཐུབ་པ་དང་། ཧྲི་ཤོག་རེ་རེ་ལ་འཐབ་མོ་བ་ཁྲི་ (1.5) ཙམ་རེ་ཡོད་སྟབས། རྒྱ་གར་དང་བསྡུར་ན་ ༣ དང་ ༡ གི་ཁྱད་པར་ཆགས་ཡོད། ཀྲུང་གོའི་དཔལ་འབྱོར་དང་དམག་གྲོན་ནི་རྒྱ་གར་ལས་ལྡབ་ ༣ ཙམ་ཟིན་གྱི་ཡོད་ཅིང་། གཞན། ཀྲུང་གོས་པཱ་ཁུ་སི་ཐན་མངའ་འོག་གི་ཀ་ཤི་མར་དང་བལ་ཡུལ། འབར་མ། བྷིང་ལ་ངྷེ་ཤི་སོགས་དང་འབྲེལ་ཡོད་པའི་གཞུང་ལམ་དང་ལྕགས་ལམ་ལྟེ་བ་དག་ལེགས་བཅོས་བྱས་པ་དང་བསྟུན་ཏེ། མ་འོངས་པར་བཅིངས་འགྲོལ་དམག་གིས་རྒྱ་གར་གྱི་འཐབ་ཇུས་ལ་ཁ་གཏད་གྱི་གདམ་ག་ཇེ་མང་དུ་འགྲོ་རྒྱུ་རེད།

འབྲུག་བྷེ་ཡིས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢༡ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠

མཆན། 4

  1. འོ་ཐིགས། says:
    ལོ་ 13 སྔོན།

    ལོ་ངོ་ཉི་ཤུ་ཙམ་གྱི་ཡར་སྔོན་དུ། འཛམ་གླིང་གི་རྒྱལ་ཁབ་དམག་ཤུགས་ཆེ་ཤོས་༢༡་དང་ཨ་རི་རྒྱལ་ཁབ་གཅིག་གི་དམག་ཤུགས་བསྡུར་ན། ད་དུང་ཨ་རིའི་དམག་ཤུགས་ཆེ་བ་ཡོད་ཅེས་འཛམ་གླིང་ཆབ་སྲིད་སྨྲ་བ་ཚོས་འགྲེལ་གནང་ཡོད་མོད། ད་ལྟའི་ཆར་ཨ་རི་དང་རྒྱ་ནག་གི་དམག་ཤུགས་ཀྱི་ཚད་དེ་གང་ཞིག་ཏུ་སླེབས་ཡོད་དམ། དེ་ནི་རྒྱ་ནག་གི་སྲིད་བྱོས་ཧ་ཅང་ལྐོག་གྱུར་ཡིན་པས་ཚོད་དཔག་ཙམ་ལས་བཤད་དཀའ་བར་གྱུར་ཡོད། དོན་དངོས་སུ་བོད་ཁམས་རྒྱ་ལག་ཏུ་ཤོར་ཟིན་པ་འདིས། རྒྱ་ནག་ལ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་གོམ་ཁ་བསྒྱུར་བའི་གོ་སྐབས་ཆ་ཚང་ཞིག་སྤྲད་ཡོད། གནས་ཚུལ་ཧ་ཅང་གནད་འགག་ཆེ་བའི་ལས་དོན་ཞིག་རེད།

    Reply
  2. གོང་དཀར་ངག་རྣམ། says:
    ལོ་ 13 སྔོན།

    རྒྱ་གར་ནག་ཅེས་པའི་འབྲི་སྲོལ་མ་དག་པ་འདི་འདྲ་བེད་སྤྱོད་མ་བྱས་ན་ཡག་པོ་ཡོད་རེད།

    Reply
  3. སྤེན་པ་རྡོ་རྗེ། says:
    ལོ་ 13 སྔོན།

    གསར་འགྱུར་འདི་ཧ་ཅང་ཡག་པོ་སྤེལ་འདུག ཚེས་ 20 ཉིན་རྒྱ་ནག་གིས་ཀྱང་མཁའ་དམག་གི་གནམ་གྲུ་ཆེན་པོ་ཞིག་ཕུར་སྐྱོད་ཚོད་ལྟ་བྱས་ཡོད་ཀྱང་ལེགས་འགྲུབ་མ་བྱུང་བར་ཕྱིར་འབབ་དགོས་བྱུང་ཡོད་འདུག

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དམག་ཤུགས་མ་ངོམ། རིག་གཞུང་དང་བདེ་སྐྱིད་ངོམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese