མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༥༠ ལྷག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ནག་ཆུ་ས་ཁུལ་ཤག་རོང་པོ་དགོན་གྲོང་གཉིས་ཀྱི་བོད་མི་ལྔ་བཅུ་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ད་ཆར་ཡང་ས་གནས་མི་མང་ལ་སུན་གཙེར་བཟོ་བཞིན་ཡོད་འདུག

ངག་དབང་ཐར་པ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཉེ་ལམ་རྒྱ་གཞུང་གིས་ཁམས་ནག་ཆུ་ཤག་རོང་པོ་དགོན་པའི་ཉེ་འཁྲིས་སུ་དམག་སྒར་གསར་རྒྱག་དང་། དམག་མི་དང་ལས་བྱེད་མི་སྣ་མངགས་གཏོང་གིས་བོད་མི་དང་རྒྱ་གཞུང་གི་བཅའ་སྡོད་རུ་ཁག་གི་ལས་བྱེད་བར་འཁྲུག་འཛིང་ཤོར་མཁན་གྱི་མི་སྣ་བརྩད་གཅོད་བྱེད་ཀྱི་ཡོད་ཚུལ་བཤད་དེ། སྟར་ཆེན་ཡུལ་ཚོ་ཡར་ཐང་མར་ཐང་གྲོང་ཚོའི་རང་ལོ་ ༢༧ ཡིན་པའི་བློ་བཟང་ཚེ་རིང་དང་། རང་ལོ་ ༢༦ ཡིན་པའི་དུང་ཕུག རང་ལོ་ ༣༥ ཡིན་པའི་ཟླ་རྒྱལ། རང་ལོ་ ༣༡ ཡིན་པའི་སྐར་མ། རང་ལོ་ ༢༨ ཡིན་པའི་རྒྱ་ལྷུག རང་ལོ་ ༢༩ ཡིན་པའི་རྒྱལ་བ། རང་ལོ་ ༣༩ ཡིན་པའི་སྲི་ཆོད། རང་ལོ་ ༢༧ ཡིན་པའི་ཆོས་དར། རང་ལོ་ ༢༡ ཡིན་པའི་བྱམས་པ་བཅས་ཁྱོན་བོད་མི་ ༥༠ ལྷག་འཛིན་བཟུང་བྱས་ཏེ་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་ཀྱི་མེད་པར་ལྷག་ཡོད་པ་མ་ཟད། སྐབས་དེར་འཛིན་བཟུང་བྱས་པའི་དུང་ཕུག་ལགས་ལ་ཉེས་རྡུང་བཏང་སྟེ་ད་ཆར་སྨན་ཁང་དུ་ཛ་དྲག་གི་གནས་སུ་ལྷག་ཡོད་འདུག  

ཉེ་སྔོན་རྒྱ་ནག་གཞུང་གིས་ས་གནས་བཅའ་སྡོད་རུ་ཁག་དང་འཁྲུག་འཛིང་ཤོར་མཁན་བརྩད་གཅོད་མི་བྱེད་པའི་ཁས་ལེན་བྱས་ཡོད་ཀྱང་། ད་ཆར་ས་གནས་སུ་མུ་མཐུད་མི་མང་མང་པོ་འཇུ་བཟུང་དང་། ས་གནས་ཀྱི་བླ་མའི་ཡང་སྲིད་དུ་བཙན་དབང་གིས་ཕྲུ་གུ་ཞིག་ཐག་གཅོད་གནང་རྒྱུའི་ཁྱབ་བསྒྲགས་བྱས་ཏེ་དགོན་གྲོང་གཉིས་ལ་སུན་གཙེར་ཡང་ཡང་བཟོ་བཞིན་ཡོད་སྟབས། རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་བོད་མི་བློ་བཟང་ཚེ་རིང་གི་བཟའ་ཟླ་སྒྲོལ་མ་གཡང་སྐྱིད་ཞུ་བས། རྒྱ་ནག་གཞུང་གིས་དགོན་གྲོང་གཉིས་ལ་སུན་གཙེར་མཚམས་འཇོག་དང་། འཛིན་བཟུང་བྱས་པའི་བོད་མི་རྣམས་ཀློད་གྲོལ། བཙན་དབང་གིས་བླ་མའི་ཡང་སྲིད་བསྐོ་བཞག་ཕྱིར་འཐེན་མ་བྱས་ཚེ་རང་སྲོག་གཅོད་ཀྱི་ཡིན་ཞེས་བཤད་དེ་སྲོག་གཅོད་རྩིས་བྱས་ཏེ། ད་ཆར་ནག་ཆུ་ས་ཁུལ་དུ་ཛ་དྲག་མྱུར་སྐྱོབ་བྱེད་ཀྱི་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་བདག་པོ་བརྒྱབ་ཏེ་ནང་མི་ཉེ་འབྲེལ་སོགས་སུ་གཅིག་ཀྱང་སྨན་ཁང་དུ་འགྲོ་བཅུག་མེད་སྟབས། ད་ལྟ་ཁོ་མོའི་ཤི་གསོན་གྱི་གནས་སྟངས་ཅི་ཡང་གསལ་ཁ་མེད་པར་ལྷག་ཡོད་འདུག་ལ། ས་གནས་སྲིད་གཞུང་གིས་སྒྲོལ་མ་གཡང་སྐྱིད་ཀྱི་གནས་ཚུལ་དེ་མང་ཚོགས་ནང་དུ་བཤད་མི་ཆོག་པའི་བཙན་བཀའ་ཡང་བཏང་ཡོད་འདུག

སྒྲོལ་མ་གཡང་སྐྱིད་ཀྱི་ཕ་མིང་ལ་རྣམ་སྲས་དང་། མ་མིང་ལ་ཆོས་དབྱིངས་སྒྲོལ་མ་ཟེར་གྱི་ཡོད་པ་དང་། ཁོ་མོ་དང་བློ་བཟང་ཚེ་རིང་གཉིས་ལ་ཕྲུ་གུ་གཉིས་ཡོད་འདུག ཉེ་ཆར་བློ་བཟང་ཚེ་རིང་འཛིན་བཟུང་དང་མོ་སྨན་ཁང་དུ་བསྐྱལ་རྗེས་སྲིད་གཞུང་གིས་ཕྲུ་གུ་གཉིས་ས་གནས་ཀྱི་དྭ་ཕྲུག་སློབ་གྲྭར་སྐྱེལ་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

སྐར་མ ༣༥ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༢༡ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༢༤ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

༢༠༢༥/༠༧/༠༣
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese