ཁ་སང་སུད་སིར་རྒྱལ་ཡོངས་བོད་སློབ་ཉིན་མོའི་དུས་དྲན་དང་བསྟུན་ཏེ། ཡུ་རོབ་བོད་སློབ་ཁག་ཐུན་མོང་གིས་སྐུའི་གཅུང་མོ་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཤེས་རིག་སྒྲོན་མེའི་གཟེངས་རྟགས་འབུལ་བཞེས་གནང་ཡོད་འདུག
ཁ་སང་ཚེས་ ༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་། ཡུ་རོབ་བོད་སློབ་ཁག་ཐུན་མོང་གི་གོ་སྒྲོག་འོག སུད་སི་ས་གནས་ཨུ་ཙུ་ཝེལ་གྱི་ཚོགས་ཁང་དུ། སྐུ་གཅུང་མོ་བཀའ་ཟུར་རྗེ་བཙན་པདྨ་མཆོག་ལ་༼ ཡུ་རོབ་བོད་སློབ་ཐུན་མོང་གི་ཤེས་རིག་སྒྲོན་མེའི་གཟེངས་རྟགས༽ཞེས་པ་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་སུད་སི་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་བླ་སྤྲུལ་དགེ་བཤེས། སུད་སིའི་སྐུ་ཚབ་དོན་གཅོད་མཆོག དེ་བཞིན། དམིགས་བསལ་སྐུ་མགྲོན་དུ་ཨ་མ་རྗེ་བཙུན་པདྨ་མཆོག་དབུ་བཞུགས་ཐོག ཡུ་རོབ་ཁུལ་གྱི་སྤྱི་ཟུར་རྣམ་པ་དང་སུད་སི་དང་ལིཀ་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཉིས། སྦེལ་ཇམ་སོགས་ཡུ་རོབ་ཀྱི་བོད་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ། ཆོལ་ཁ་གསུམ་ཀྱི་ཚོགས་གཙོ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་མི་མང་ ༡༠༠༠ བརྒལ་བ་མཉམ་འཛོམས་གནང་ཡོད་འདུག
མཛད་སྒོའི་ཐོག་མར་སུད་སི་བོད་རིགས་མི་མང་གི་ཟློས་གར་ཚོགས་པས་རྔ་གླིང་དང་སྤོས་སྣེས་མདུན་བསུས་ཏེ་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཤིང་། མི་མང་གིས་རྒྱལ་གླུ་གྱེར་བ་དང་བོད་རིགས་སློབ་ཕྲུག་ཚོས་ཆོལ་གསུམ་མཐུན་སྒྲིལ་གྱི་མཉམ་གཞས་བཏང་། སུད་སི་བོད་རིགས་མི་མང་ཟློས་གར་ནས་རྔོན་པ་དང་རིག་རྔ་གཟིགས་འབུལ་གནང་རྗེས། སུད་སི་བོད་སློབ་སྤྱི་ཁྱབ་འགན་འཛིན་རྡོ་ཆུང་མགོན་པོ་རྣམ་རྒྱལ་ལགས་ཀྱིས་བོད་སློབ་ཉིན་མོ་དང་འབྲེལ་བའི་བཀའ་སློབ་གནང་ཞིང་། སུད་སི་དང་ལིཀ་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་ལགས། སུད་སི་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་བཅས་ཀྱིས་རིམ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་གནང་ཕྱོགས་ཐད་བཀའ་སློབ་དང་། སུད་སི་ས་གནས་ཁག་གི་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འབུལ་གཞས་བཅས་སྔོན་འགྲོ་ལས་རིམ་ཁག་གྲུབ་རྗེས། ཕྱི་དྲོའི་ཆུ་ཚོད་༧།༣༠ ཐོག་སྐུའི་གཙུང་མོ་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཡུ་རོབ་བོད་སློབ་ཁག་ཐུན་མོང་གིས་བཀའ་དྲིན་རྗེས་དྲན་ཤེས་རིག་སྒྲོན་མེའི་གཟེངས་རྟགས་འབུལ་བཞེས་གནང་སོང་།
སྐབས་དེར་ཨ་མ་རྗེ་བཙུན་པདྨ་མཆོག་གིས་ཐེངས་འདིའི་གཟེངས་དང་འབྲེལ་བའི་བཀའ་སློབ་གནང་དོན། ཐེངས་འདིར་སུད་སི་གཙོས་ཡུ་རོབ་བོད་སློབ་ཁག་གིས་ང་ལ་འདི་ལྟ་བུའི་གཟེངས་རྟགས་ཤིག་་གནང་བར་དགའ་སྤོབས་སྐྱེས་བཞིན་ཡོད། ཐེངས་འདིའི་གཟེངས་རྟགས་འདི་ལོ་ངོ་ལྔ་བཅུ་ལྷག་གི་རིང་བོད་ཕྲུག་ཁྱིམ་སྡེ་ནང་དཀའ་ལས་བརྒྱབ་དང་རྒྱག་བཞིན་པའི་དགེ་ལས་ཚང་མའི་ཚབ་བྱས་ནས་ལེན་གྱི་ཡོད། ད་ལྟའི་བར་བོད་ཕྲུག་ཁྱིམ་སྡེ་ལ་གྲུབ་འབྲས་ཅུང་བྱུང་བ་འདི་ང་རང་མི་གཅིག་གིས་འཇོན་པ་དང་། ང་རང་མི་གཅིག་གིས་འཇོན་ཐུབ་པ་ཞིག་ཁྱོན་ནས་མིན། འདི་ཡང་གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་དང་། ངའི་ཨ་ཅག་ཚེ་འདས་ཚེ་རིང་སྒྲོལ་མ་གཙོས། དགེ་ལས་ཤི་གསོན་ཚང་མས་བཀའ་ལས་བརྒྱབ་པའི་གྲུབ་འབྲས་རང་ཡིན་ཞེས་དང་། ང་ཚོའི་སྤྱི་ཚོགས་ནང་དཀའ་ལས་རྒྱག་མཁན་རྣམས་སྤྱི་ཚོགས་ཀྱིས་ངོ་ཤེས་དགོས་པ་དང་། མི་མང་གིས་ངོས་འཛིན་ཡག་པོ་ཞུ་དགོས་པ་དེ་ཧ་ཅང་གལ་ཆེ་མོད། ང་ཚོས་སྤྱི་ཚོགས་ནང་མི་ཡག་པོ་དང་སེམས་ཤུགས་ཡོད་མཁན། དཀའ་ལས་རྒྱག་མཁན་རྣམས་ཀྱི་རྐང་པ་མར་འཐེན་མཁན་མང་པོ་འདུག་པ་འདི་ནི་ཡ་རབ་བཟང་སྤྱོད་དང་མཐུན་གྱི་ཡོད་པ་མ་རེད། ཅེས་དང་། ད་ལྟ་སུད་སི་ནང་འདི་བཞིན་བོད་སློབ་ཁག་ནང་བོད་སྐད་བོད་ཡིག་ཐོག་དཀའ་ལས་རྒྱག་བཞིན་པ་ལ་ཡི་རངས་བསྔགས་བརྗོད་ཡོད། ཅེས་སོགས་གསུངས་སོང་།
ཐེངས་འདིའི་གཟེངས་རྟགས་གོ་སྒྲིག་པ་དང་། སུད་སི་བོད་སློབ་སྤྱི་ཁྱབ་འགན་འཛིན་རྡོ་ཆུང་མགོན་པོ་རྒྱལ་ལགས་ཀྱིས་ཨ་མ་རྗེ་བཙུན་པ་མཆོག་ལ་གཟེངས་རྟགས་འདི་བཞིན་ཕུལ་དགོས་པའི་རྒྱུ་མཚན་ཐད་གསར་འགོད་པར་བརྗོད་དོན། རྩ་བའི་ཆ་ནས་ཕྱི་ནང་བོད་མི་ཡོངས་ཀྱི་མཁྱེན་གསལ་རེད། ༧གོང་ས་མཆོག་དང་ཨ་མ་རྗེ་བཙུན་པདྨ་ལས་དཀའ་དྲིན་ཆེ་བ་ཞིག་ང་ཚོས་ངོས་ནས་མཐོང་གི་མེད། ལྷག་པར་དུ་ཨ་མ་རྗེ་བཙུན་པདྨ་མཆོག་གིས་ལོ་ངོ་ ༤༢ ལྷག་ཅིག་གི་ནང་ང་ཚོའི་བུ་ཕྲུག་སྟོང་ཕྲག་མང་པོའི་ཆེད་དཀའ་ལས་ཧ་ལས་པ་བསྐྱོན་བསྡད་པ་འདི་ང་ཚོས་ངེས་པར་ཤེས་དགོས་པ་དང་། སྤྱིར་ང་ཚོ་ཡུ་རོབ་ནང་བསྡད་ཡོད་པ་ཡིན་ནའང་ང་ཚོའི་སྤུན་ཟླ་བོད་ནང་ཡོད་མཁན་ཕ་མ་རྣམས་ཀྱིས་རེ་བ་ཤུགས་ཆེན་གནང་སྟེ་སོ་སོའི་ཕྲུ་གུ་རྒྱ་གར་ལ་བཏང་བ་དང་། ཇི་ལྟར་རེ་བ་བརྒྱབ་པ་དེ་ལྟར་དུ་ཨ་མ་ལགས་ཀྱིས་ཕ་ཚབ་མ་ཚབ་གནང་སྟེ་མཛད་པ་ཧ་ཅང་མང་པོ་བསྐྱོན་དང་སྐྱོན་བཞིན་པ་དང་། དེ་བཞིན་རྒྱ་གར་གྱི་བུ་ཕྲུག་མང་པོར་གཟིགས་སྐྱོང་ཆེན་པོ་གནང་བཞིན་པ་འདིར་ང་ཚོས་བཀའ་དྲིན་རྗེས་དྲན་ཞིག་ཕུལ་དགོས་ཀྱི་འདུག་ཟེར་ནས་འགན་འཛིན་ལྷན་ཚོགས་ནང་བཀའ་མོལ་བྱུང་བ་བཞིན་དེ་རིང་ཨ་མ་ལགས་ལ་གཟེངས་རྟགས་འབུལ་བའི་སྐལ་བ་བཟང་པོ་ འདིོ་བྱུང་བ་རེད།
ཁོང་གིས་མུ་མཐུད་དུ། ཐེངས་འདིའི་གཟེངས་རྟགས་འདི་ལ་དང་པོ་སུད་སི་རྒྱལ་ཡོངས་བོད་སློབ་ཁག་གིས་ཕུལ་ན་ཞེས་གླེང་སློང་བྱུང་ཡང་། ད་ལོར་སྲིད་སྐྱོང་མཆོག་སུད་སིར་ཕེབས་འབྱོར་གནང་སྐབས་ཡུ་རོབ་བོད་སློབ་ཁག་གི་འགན་འཛིན་དང་དགེ་རྒན་རྣམས་གལ་ཆེའི་ཚོགས་འདུ་ཚོགས་ཏེ། ཡུ་རོབ་ཁག་སྤྱི་ཡོངས་ཀྱི་བོད་སློབ་ཁག་ནང་དེ་བཞིན་བྱུང་ན་ཡག་པོ་ཡོད་ཚུལ་གྱི་བཀའ་མོལ་བྱུང་བར་བརྟེན། ང་རང་གིས་ཡུ་རོབ་ཁུལ་གྱི་བོད་སློབ་ཁག་ཚང་མར་འབྲེལ་བ་ཞུས་པ་ཡིན་ལ། དབྱིན་ཇི་དང་། ཧྥི་རན་སི། སྦེལ་ཇམ། ཨོ་སི་ཊི་ལི་ཡ་སོགས་ནས་འགན་འཛིན་འཐུས་མི་ཕེབས་ཐུབ་མཁན་ཕེབས་ཡོད་པ་དང་། ཕེབས་མ་ཐུབ་མཁན་རྣམས་ཀྱིས་དཔལ་འབྱོར་གྱི་རོགས་དངུལ་སོགས་གནང་སྟེ་རྒྱབ་སྐྱོར་ཆེན་པོ་གནང་བྱུང་བས། ཐེངས་འདིའི་གཟེངས་རྟགས་ཀྱི་མཚན་ལ་ཡུ་རོབ་བོད་སློབ་ཐུན་མོང་གི་ཤེས་རིག་སྒྲོན་མེའི་གཟེངས་རྟགས་ཞེས་བཏགས་པ་ཡིན། ཞེས་སོགས་བརྗོད་སོང་།
གཟེངས་རྟགས་འབུལ་བཞེས་གནང་རྗེས་ཀྱི་མཛད་རིམ་ནང་། གཞས་པ་སྐད་གྲགས་ཅན་བློ་བཟང་བདེ་ལེགས་ལགས་དང་། གཞས་པ་གྲགས་ཅན་བློ་བཟང་ཚེ་བརྟན་ལགས་གཉིས་ཆེད་དུ་གདན་ཞུ་གནང་ཡོད་པ་དང་། གཞན་སུད་སི་མི་མང་ཟློས་གར་གྱིས་མཚོན་པའི་གཞས་པ་གཞས་མ་ཁག་ཅིག་གི་གཞས་སྣ་གཟིགས་འབུལ་ཞུས་རྗེས་དགོང་མོའི་ཆུ་ཚོད་ ༡༡།༣༠ ཙམ་ལ་ལས་རིམ་མཇུག་བསྡོམས་གནང་ཡོད་འདུག
གསར་འགྱུར་གཏོང་མཁན། ཙ་ཡུས་ཕུན་ཚོགས།
Normal
0
false
false
false
EN-IN
ZH-CN
BO
/* Style Definitions */
table.MsoNormalTable
{mso-style-name:”Table Normal”;
mso-tstyle-rowband-size:0;
mso-tstyle-colband-size:0;
mso-style-noshow:yes;
mso-style-priority:99;
mso-style-parent:””;
mso-padding-alt:0cm 5.4pt 0cm 5.4pt;
mso-para-margin-top:0cm;
mso-para-margin-right:0cm;
mso-para-margin-bottom:10.0pt;
mso-para-margin-left:0cm;
line-height:115%;
mso-pagination:widow-orphan;
font-size:11.0pt;
font-family:”Calibri”,”sans-serif”;
mso-ascii-font-family:Calibri;
mso-ascii-theme-font:minor-latin;
mso-hansi-font-family:Calibri;
mso-hansi-theme-font:minor-latin;
mso-bidi-language:AR-SA;}
ཨ་མ་རྗེ་བཙུན་པད་མས་བོད་ཕྲུག་མང་པོ་གསོ་སྐྱོང་དང་། དེང་དུས་སློབ་སྦྱོང་སྤྲད་ཡོད་པ་དངོས་ཡོད་རེད། འོན་ཀྱང་བོད་རང་གི་སྐད་ཡིག་དང་རིག་གཞུང་གི་ཐད་ནས་བཤད་ན་བྱེད་རྗེས་ཅི་ཡང་མེད་པར་མ་ཟད། སྐད་ཡིག་རྩ་མེད་བཟོ་མཁན་གྱི་ལག་དམར་རེད་ཟེར་ཡང་མི་ཆོག་པ་གང་ཡང་མེད། ཟམ་གདོང་རིན་པོ་ཆེའི་ཤེས་ཡོན་སྲིད་ཇུས་ནི་བོད་རང་གི་སྐད་ཡིག་ཉམ་པ་སླར་གསོ་དང་མི་ཉམ་གོང་འཕེལ་གྱི་ཆེད་དུ་ཡིན་པ་གསལ་པོ་རེད། དེ་འདྲའི་སྲིད་ཇུས་དེ་བོད་ཁྱིམ་སློབ་གྲྭ་ཁག་ནང་ལ་ལག་བསྟར་བྱེད་མ་ཐུབ་པའི་རྩ་བ་དེ་ཨ་མ་རྗེ་བཙུན་པད་མ་ལ་ཐུག་ཡོད། དེས་ན་གནས་སྐབས་བོད་ཕྲུག་མང་པོ་ཞིག་གི་འཚོ་བའི་མདུན་ལམ་ལ་རྗེ་བཙུན་པད་མས་ཕན་ཐོག་སྒྲུབ་ཡོད་ཀྱང་། མ་འོང་ཕུག་རྒྱང་རིང་པོའི་ཐོག་ནས་བོད་མི་རིགས་དམར་གསོད་གཏོང་མཁན་གྱི་ལོ་རྒྱུས་ཀྱི་ཉེས་པ་ཕོག་རྒྱུ་ཉག་ཅིག་རེད།
ཤར་ཁུག་གིས་བཤད་པ་ལ་ཉན་རན་འདུག
རྫེ་བཙུན་པདྨས་བོད་པའི་རིག་གཞུང་ཐོག་ལ་་་་་་་་་་་་་་་
ཧཧཧཧཧཧཧཧ
གཟེངས་རྟགས་འབུལ་བཞེས་མཛད་དུས་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་གསུངས་བཤད་གསལ་པོ་ཉན་རྒྱུ་བྱུང་། བྱས་ཙང་ཁོང་གིས་གཟེངས་རྟགས་འདི་བུ་ཁྱིམ་སློབ་གྲྭའི་དགེ་ལས་མཐུན་མོང་གི་མཚན་ཐོག་ནས་བཞེས་ཀྱི་ཡིན་གསུངས་སོང་། གསུངས་འདི་དྲང་བདེན་དང་རྗེས་སུ་ཡིད་རངས་བསྔགས་བརྗོད་ཞུ་དགོས་པ་ཞིག་རེད། གཞི་རྩའི་ཨ་མ་ལགས་ཀྱིས་བོད་ཀྱི་བུ་ཕྲུག་སྤྱི་དང་ལྷག་པར་དུ་ཕ་མ་སྤུན་མཆེད་དང་ཁ་བྲལ་ནས་རྒྱ་གར་དུ་སླེབས་བསྡད་པའི། ད་ཕྲུག་འདྲ་པོ་དེ་ཚོར་འཚོ་གོས་སྡོད་གནས་བཅས་པའི་མཐུན་རྐྱེན་གང་ཟབ་དང་བྱམས་སྐྱོང་བླ་ན་མེད་པ་དེས་བུ་ཁྱིམ་སློབ་མའི་སེམས་ཁམས་སུ་ཁྲ་ལམ་མེར་ཡོད་ཤག་རེད། དེ་དང་ཆབས་གཅིག་ཏུ་སློབ་མ་དང་ཁ་འབྲལ་དུ་མེད་པའི་དགེ་ལས་ཡོངས་ཀྱིས་བཀའ་དྲིན་དང་མཛད་རྗེས་དེ་ཡང་དྲན་དགོས་པ་དེ་གནད་ཀྱི་དོན་པོ་རེད། གལ་ཏེ་ཕྱིའི་འཚོ་བའི་མཐུན་རྐྱེན་དང་སྡོད་གནས་ཀྱི་མཐུན་རྐྱེན་ཧ་ཅང་བཟང་ཡང་ནང་གི་ཤེས་ཡོན་སྤྲོད་མཁན་གྱི་དགེ་རྒན་དང་དེ་འབྲེལ་གྱི་རྒྱུན་དུ་ཕྱག་ལས་གནང་མཁན་གྱི་ལས་བྱེད་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་རོག་སྐྱོར་དེ་མེད་ན་ཁག་པོ་བྱས་པ་རེད། དེས་ན་ཨ་མ་ལགས་ཀྱིས་གསུངས་བཤད་དེ་དོན་སྙིང་ལྡན་པ་ཞིག་དང་དྲང་པོ་དྲང་བཞག་ཞིག་རེད་དྲན་ཡོད།
དེ་ནས་ཤར་ཁུག་གིས་ཤེས་ཡོན་སྲིད་ཇུས་དང་འབྲེལ་བའི་རྗེ་བཙུན་པདྨ་ལགས་ལ་འཛིན་པའི་ལྟ་ཚུལ་དེའི་འོག་ནས་བྱས་རྗེས་མཉམ་བསྲེས་མ་བྱེད་བཤད་ཀྱིན་པ་རེད།
གཞི་རྩའི་དེ་ཉིན་བཀའ་སློབ་དེ་དང་འབྲེལ་བའི་ཁོང་གིས་འདི་ལྟར་གསུངས་སོང་། ༼ང་རང་བོད་ཡིག་ཡག་པོ་གཅིག་ཤེས་ཀྱི་མེད་ལ་བོད་སྐད་དེ་ཡང་ཡག་པོ་དག་པོ་འཁྱོངས་པ་ཞིག་བཤད་ཐུབ་ཀྱིན་མེད། ང་རང་ཆུང་དུས་ཕྱི་རྒྱལ་སློབ་གྲྭར་སློབ་སྦྱོང་བྱས་པ་རེད།༽ ཞེས་གསལ་པོ་གསུངས་སོང་། དེ་ལྟ་བས་ན་བྱས་རྗེས་རྣམ་པ་ཐམས་ཅད་དུ་གང་ཟག་གཅིག་གི་ཡིན་པ་ཁྱབ་པ་མེད་ལ་ཕྱོགས་ཐམས་ཅད་ནས་ཕྱར་གྲུ་མཉམ་འདེགས་ཡིན་ཙང་ཁོང་གིས་གོང་དུ་ཞུས་པའི་བཀའ་སློབ་དེས་གསལ་པོ་ཆགས་པ་རེད་དྲན་ཡོད།
ཤར་ཕྱོགས་ཁུག་རྟས།
ཨ་མ་ལགས་ནས་བོད་ཁྱིམ་འཛིན་སྐྱོང་དང་བུ་ཕྲུག་ཚོའི་འཚོ་གོས་སྡོད་གནས་ཆེད་རྒྱབ་སྐྱོར་རོགས་རམ་ཐབས་འཚོལ་གནང་བ་དང།
དམིགས་བསལ་སློབ་གྲྭ་ཁག་ཏུ་བོད་ཀྱི་རིག་གནས་གཙོ་བོ་ཡིན་པའི་ཤེས་ཡོན་ལམ་ལུགས་ཆེད་བྱས་རྗེས་ཅི་བཞག་ཡོད་མེད་གཉིས་ག་དུས་ཡིན་ནའང་མཉམ་བསྲེས་མ་གནང་བར་བརྗོད་ཐུབ་ན་ཡག་པོ་ཡོད་པ་རེད། ་་་་་་་་ཟེར།
འདི་ཨ་མ་རྗེ་བཙུན་པད་མ་མཆོག་ལ་ལྟ་བའི་མིག་གཉིས་མ་རེད་དམ།།
ཤར་ཕྱོགས་ཁུག་རྟས།
ཨ་མ་ལགས་ནས་བོད་ཁྱིམ་འཛིན་སྐྱོང་དང་བུ་ཕྲུག་ཚོའི་འཚོ་གོས་སྡོད་གནས་ཆེད་རྒྱབ་སྐྱོར་རོགས་རམ་ཐབས་འཚོལ་གནང་བ་དང།
དམིགས་བསལ་སློབ་གྲྭ་ཁག་ཏུ་བོད་ཀྱི་རིག་གནས་གཙོ་བོ་ཡིན་པའི་ཤེས་ཡོན་ལམ་ལུགས་ཆེད་བྱས་རྗེས་ཅི་བཞག་ཡོད་མེད་གཉིས་ག་དུས་ཡིན་ནའང་མཉམ་བསྲེས་མ་གནང་བར་བརྗོད་ཐུབ་ན་ཡག་པོ་ཡོད་པ་རེད། ་་་་་་་་ཟེར།
བོད་མི་རིགས་ཀྱི་ཤེས་ཡོན་གྱི་སྙིང་དོན་དང་མདུན་ལ་རྒྱུས་མངའ་མེད་མཁན་དག་གིས་ག་དུས་ཡིན་ནའང་ཤེས་རིག་ཐད་བྱས་རྗེས་ཆེ་བ་འདི་ཡིན་གན་ཡིན་ཅེས་བརྗོད་རྒྱུ་ཞེ་དྲག་ཁག་པོ་རེད། དེར་གཟབ་གཟབ་མ་བྱས་ན་ལོ་རྒྱུས་ནང་ཉེས་པ་ཆགས་མི་སྲིད་པ་མ་རེད།
ཨ་མ་ལགས་ནས་བོད་ཁྱིམ་འཛིན་སྐྱོང་དང་བུ་ཕྲུག་ཚོའི་འཚོ་གོས་སྡོད་གནས་ཆེད་རྒྱབ་སྐྱོར་རོགས་རམ་ཐབས་འཚོལ་གནང་བ་དང། དམིགས་བསལ་སློབ་གྲྭ་ཁག་ཏུ་བོད་ཀྱི་རིག་གནས་གཙོ་བོ་ཡིན་པའི་ཤེས་ཡོན་ལམ་ལུགས་ཆེད་བྱས་རྗེས་ཅི་བཞག་ཡོད་མེད་གཉིས་ག་དུས་ཡིན་ནའང་མཉམ་བསྲེས་མ་གནང་བར་བརྗོད་ཐུབ་ན་ཡག་པོ་ཡོད་པ་རེད། དཔེར་ན་གཟེངས་རྟགས་འབུལ་མཁན་ཚོས་གཟེངས་རྟགས་འབུལ་དགོས་དོན་གསར་འགོད་པར་འགྲེལ་བརྗོད་བྱས་པ་དེའི་ནང་དུའང་གོང་གི་གནད་དོན་འདི་མཉམ་བསྲེས་བཏང་འདུག ཡང་སྒོས་གཟེངས་རྟགས་འབུལ་མཁན་ཚོས་འབུལ་ཡུལ་གྱི་ཤེས་ཡོན་ཐད་ཀྱི་བྱས་རྗེས་དང་གྲུབ་འབྲས། ལམ་སྟོན་བཅས་བོད་པ་ཕན་ངེས་པ་རིགས་པའི་ལམ་ནས་བརྡར་ཤ་གཅོད་རྒྱུར་རབ་རིབ་ཙམ་མིན་པར་མྱང་ཞིབ་ཚད་ལྡན་གྱིས་ཡིག་ཐོག་ནས་གཟེངས་རྟགས་འབུལ་སྐབས་སྒྲོག་སྦྱང་གནང་ཐུབ་ཡོད་ན། དེའི་རྒྱུ་མཚན་ལ་བོད་ཕྱི་ནང་གཉིས་ནས་དོ་སྣང་གནང་གི་རེད་བསམས། དེ་མིན་གཟེངས་རྟགས་བཟོ་རྒྱུའི་དཔལ་འབྱོར་ཡོད་པ་དང་མི་ཁ་ཤས་ཤིག་རུབ་རུབ་བྱེད་ཐུབ་པ་ཙམ་གྱིས་འགྲིག་གི་མེད་པ་འདི་ཧ་ཅང་གསལ་བོ་རེད། མ་འོངས་པར་ལས་དོན་འདི་རིགས་ཐད་གཟབ་གཟབ་བྱས་ནས་ཕྱག་ལས་མ་གནང་ན། གང་དྲན་དྲན་བྱས་དུས་དེས་ཕལ་ཆེར་བོད་ཀྱི་མ་འོངས་པར་ཕན་ཐོག་མིན་བཤད་ཁག་པོ་རེད།
ང་ལྟ་བུ་ཞིག་ཡིན་ན་ཨ་མ་ལགས་ཀྱི་མཛད་རྗེས་རྣམས་ཉ་ཉུང་མཉམ་བསྲེས་མ་བཏང་བར་ལྟ་ཐུབ་མཁན་དང། ལྟ་ནུས་མཁན་ཞིག་ཡིན་པའི་རློམ་སེམས་ཡོད་སྟབས་འདི་ལྟར་བོད་ཀྱི་ཤེས་རིག་གི་མདུན་ལམ་ལ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་ལམ་སྟོན་འོག་སྐད་ཆ་ཐད་ཀར་བཤད་ཡོད་ན། ཆེ་ཆུང་སུས་ཀྱང་ཐུགས་ལ་མི་འཕྲོད་པ་མི་ཡོང་བའི་སྨོན་འདུན་ཞུ།།
ཨ་མ་མཆོག་གི་སྐུ་ཚབ་བསྐལ་བརྒྱར་བརྟེན་པར་ཤོག སུད་སིའི་ནང་བོད་པའི་སློབ་གྲྭ་ཚད་དང་ལྡན་པ་མང་པོ་ཞིག་ཡོད་པ་གོ་སོང་། དེ་མིན་ཡོ་རོབ་རྒྱལ་ཁབ་གཞན་ནང་བོད་པའི་སློབ་གྲྭ་གང་འདྲ་ཡོད་མེད་གསལ་བོ་ཞིག་ཤེས་ཀྱི་མེད། གསར་འགྱུར་འདི་ལ་འབྲེལ་བ་ཡོད་མཁན་ཚོས་ཡོ་རོབ་ཧྥ་རན་སི་དང་འཇར་མན། ཨོ་སི་ཊོ་ལེ་ཡ། སྦེལ་ཇམ་སོགས་ཡོ་རོབ་རྒྱལ་ཁབ་རེ་རེའི་ནང་གི་ས་གནས་གང་དག་ནང་བོད་ཕྲུག་སློབ་གྲྭ་ག་ཚོད་ཡོད་པ་དང་། དེ་དག་ནང་སློབ་ཕྲུག་ག་ཚོད་ཡོད་པ་ངོ་སྤྲོད་ཅིག་གནང་སྐྱོང་ཡོང་རོགས།
ཡུ་རོབ་བོད་སློབ་ཁག་ཐུན་མོང་གི་རླབས་ཆེན་གྱི་ལས་དོན་འདི་ལ་རྒྱབ་སྐྱོར་ཡི་རངས་མཐའག་གཅིག་ཏུ་ཞུ་བཞིན་ཡོད། ཨ་མ་རྗེ་བཙུན་པདྨ་མཆོག་ལ་འདི་ལྟ་བའི་ངོས་འཛིན་ཞིག་དང་གཟེངས་རྟགས་ཤུགས་ཕུལ་གནང་བ་འདི་ཧ་ཅང་སྐབས་སུ་བབ་པ་དང་། འོས་ཤིང་འཚམས་པའི་ལས་དོན་གནད་འགག་ཅན་ཞིག་རེད། བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་གསོའི་ཐད་ལ་ཁོང་མོ་ལས་ལྷག་གི་བཀའ་དྲིན་སྐུ་དྲིན་ཆེ་བ་ཞིག་བརྙེད་ཐབས་ཡོད་པ་མ་རེད། ང་ཚོས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་གཟེངས་རྟགས་སྤྲོད་རྒྱུ་ཕྱི་མ་དྲག་ན་སྔ་དྲག་ཡོད་པ་མ་རེད། ཁོང་མོར་སྔོན་ཆད་ཕྱིའི་རྒྱལ་ཁབ་དང་ཚོགས་སྡེ་མང་པོ་ཞིག་གིས་ཤེས་ཡོན་སློབ་གསོ་དང་། སྤྱི་ཚོགས་ཞབས་ཞུ། དྭ་ཕྲུག་གཅེས་སྐྱོང་། བདག་མེད་གསོ་སྐྱོང་སོགས་ཀྱི་མཚན་ཐོག་ནས་གཟེངས་རྟགས་དང་ཕྱག་འཁྱེར་མང་པོ་ཞིག་གནང་ཡོད་པ་རེད། ང་རང་གིས་དྲན་ཚོད་བྱས་ན། ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུའང་ཐེངས་གཅིག་སླེབས་མྱོང་ཡོད་བསམ་བསམ་ཡོད། གང་ལྟར་དུས་སུ་བབ་པའི་ལས་དོན་ཞིག་གནང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།