མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་གྲོས་ཆོད་འཇོག་སྐབས་རྒྱ་ནག་གི་ཚོཊ་མིར་གྲགས་འགུལ་མི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་གཉིས་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྟེང་མཉམ་ཞུགས་གནང་སྟེ། རྒྱའི་བཙན་འོག་གི་བོད་པའི་རྩོམ་པ་པོ་དག་གི་གནས་སྟངས་ཞུ་གཏུག་གིས་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཐོག་བཞག་ཡོད་སྐོར་བརྗོད་བྱུང་།  

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། ངྷ་སར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་པེན་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་དང་དྲུང་ཆེ་གཡུ་སྒང་འོད་ཟེར་གཉིས་ཟླ་འདིའི་ཚེས་ ༩ ནས་ ༡༢ ཉིན་བར་ཡུ་རོབ་ཀྱི་ཨ་ཡེ་སི་ལན་ཌིའི་(Iceland)རྒྱལ་ས་རེཀ་རྗ་ཝེཀ་ནང་ཚོགས་པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་དོན་དགུ་བ་ཚོགས་པའི་སྟེང་མཉམ་ཞུགས་གནང་སྟེ། རྒྱ་དམར་གཞུང་གིས་བཙོན་འཇུག་དང་སྟངས་འཛིན་འོག་ཡོད་པའི་བོད་མི་རྩོམ་པ་པོ་སྒྲོལ་མ་སྐྱབས་དང་བཀྲ་ཤིས་རབ་བརྟན། མགར་རྩེ་འཇིགས་མེད། འཇང་རྩེ་དོན་ཁོ་སོགས་བོད་རིགས་རྩོམ་པ་པོ་དང་སྒྱུ་རྩལ་པ་ ༤༠ ཙམ་མིང་འདོན་གྱིས་ཁོང་རྣམས་ཀློད་གྲོལ་དང་རང་དབང་སྤྲོད་དགོས་པ། དེ་བཞིན། བོད་མི་ ༡༢༠ ཙམ་གྱིས་རང་སྲེག་ངོ་རྒོལ་བྱས་པའི་ཐད་རྒྱ་དམར་གཞུང་གིས་བསྐྱར་ཞིབ་དང་། རང་དབང་ལྡན་པའི་གསར་འགོད་པ་ས་གནས་སུ་རྟོག་ཞིབ་ཆེད་འགྲོ་བསྐྱོད་བྱེད་འཇུག་དགོས་པ། བོད་ནང་གི་སྨྲ་བརྗོད་རང་དབང་དང་། སྐད་ཡིག་ཉམས་རྒུད་ཀྱི་གནད་དོན། ཆོས་ལུགས་སློབ་སྦྱོང་དང་ཉམས་ལེན་གྱི་རང་དབང་སོགས་འཁོད་པའི་གྲོས་ཆོད་དོན་ཚན་ ༧ སྤྱི་མོས་ཐོག་འཇོག་ཐུབ་པ་བྱུང་ཡོད་སྐོར་སོགས་བསྒྲགས་སོང་།

སྐབས་དེར་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་ངོ་སྤྲོད་གནང་པ་ལྟར་ན། ཐེངས་འདིའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྟེང་། འཛམ་གླིང་རྒྱལ་ཁབ་ཁག་གི་རྩོམ་པ་པོའི་མཐུན་ཚོགས་ ༧༠ ཡི་སྐུ་ཚབ་རྩོམ་པ་པོ་ ༡༩༦ ལྷན་འཛོམས་བྱུང་ཡོད་པར། ཁོང་དང་སྤྱི་ཁྱབ་དྲུང་ཆེ་གཡུ་སྒང་འོད་ཟེར་གཉིས་མཉམ་ཞུགས་ཀྱིས་བོད་དོན་སྐོར་ལ་གྲོས་གཞི་ཁག་ཅིག་ཕུལ་བར། ཚོགས་ཆེན་སྟེང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཨ་མའི་འགན་འཛིན་གྱི་གཏམ་བཤད་སྐབས། བོད་ནང་གི་རང་ལུས་མེར་བསྲེགས་གཙོས་བོད་དོན་གྲོས་གཞིའི་ཐོག་དམིགས་བསལ་དོ་ནན་པོས་གསུང་བཤད་གནང་ཡོད་པ་དང་། བོད་དོན་སྐོར་ལ་གྲོས་ཆོད་འཇོག་སྐབས། རྒྱ་ནག་སྐམ་སའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐུ་ཚབ་ལ་དགག་བྱ་དང་། བསམ་འཆར་ཡོད་མེད་དྲིས་པར་ལན་འདེབས་གང་ཡང་མ་བྱུང་པར་སྤྱི་མོས་བྱུང་ཡོད་སྐོར་བརྗོད་སོང་། གྲོས་ཆོད་འདི་དག་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། དེ་བཞིན་རྒྱ་ནག་གཞུང་སོགས་འབྲེལ་ཡོད་སྲིད་གཞུང་དང་གཞུང་ཚབ་ཁག་ལ་སྤྲོད་རྒྱུ་དང་། རྒྱལ་སྤྱིའི་པེན་གྱི་ཡན་ལག་རྩོམ་པ་པོའི་མཐུན་ཚོགས་ཁག་གི་དྲ་རྒྱ་སོགས་སུ་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག

དེའི་རྗེས་སུ་དྲུང་ཆེ་གཡུ་སྒང་འོད་ཟེར་ལགས་ཀྱིས་གསལ་བསྒྲགས་ཡིག་ཆ་སྒྲོགས་སྦྱང་བྱེད་སྐབས།  ཚོགས་འདུ་ཉིན་བཞིའི་རིང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྡེ་ཚན་ཁག་སོ་སོའི་ལས་བསྡོམས་སྙན་ཞུ་དང་དེའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་བ། ཚོགས་ཆུང་ཁག་བགོས་ཀྱིས་སྨྲ་བརྗོད་རང་དབང་དང་བཙོན་འོག་གི་རྩོམ་པ་པོའི་སྐོར་སོགས་གླེང་སློང་། དེ་བཞིན་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་དང་རྒྱུན་ལས་ཁག་གཅིག་གསར་འདེམས། སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་འཛམ་གླིང་གི་རྒྱལ་ཁབ་ཁག་བཅུ་བདུན་ཐོག་གྲོས་ཆོད་བཞག་ཡོད་པ། དེའི་ནང་རྒྱ་ནག་དང་ར་ཤི་ཡ། བྱང་ཀོ་རི་ཡ། སེ་རི་ཡ། ཨེ་ཇིབ། ཧང་གྷ་རི་ཡ་བཅས་ཚུད་ཡོད། དེ་བཞིན་ཚོགས་ཆེན་ཐོག་ཨ་ཡེ་སི་ལན་ཌིའི་ཤེས་རིག་བཀའ་བློན་དང་། རྒྱལ་ས་རེཀ་རྗ་ཝེཀ་གི་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་སྣེ་ལེན་དང་མཚམས་འདྲིའི་གསུང་བཤད་གནང་ཡོད་པར་བརྗོད་བྱུང་།

མཐར་དྲུང་ཆེ་ལགས་ཀྱིས་ཐེངས་འདིའི་ལྷན་ཚོགས་ལ་མཉམ་ཞུགས་བྱས་པའི་མྱོང་ཚོར་དང་འབྲེལ། འདི་འདྲའི་རྒྱལ་སྤྱི་རང་བཞིན་གྱི་ཚོགས་ཆེན་ལ་བོད་མི་ཚོ་འཛུལ་ཞུགས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཐེངས་འདིར་ལྷན་ཚོགས་སྟེང་བོད་དོན་སྐོར་གྱི་དཔེ་དེབ་སོགས་འགྲེམས་སྟོན་ཞིག་བྱས་པར་ཚང་མས་དོ་སྣང་ཞུགས་ཆེན་བྱུང་ཡོད་པ། རྒྱ་ནག་ནི་དཔལ་འབྱོར་དང་མི་འབོར་གྱི་ཐད་ནས་སྟོབས་ཆེན་པོ་ཡིན་ཡང་། བདེན་པའི་སྟོབས་ཤུགས་མེད་སྟབས། ཐེངས་འདིའི་ཚོགས་ཆེན་སྟེང་རྒྱ་ནག་གི་སྐུ་ཚབ་ཚོ་ངོ་ཚ་བོ་དང་ཉམས་དམའ་བོ་ཞེ་དྲག་བྱུང་ཡོད་པ། དེ་ནི་འདི་འདྲ་བའི་རྒྱལ་སྤྱིའི་ཤེས་ཡོན་པའི་ཚོགས་སྡེ་ཆེན་པོའི་ཐོག་སྐྱག་རྫུན་བཤད་ས་མེད་པ་དང་། བདེན་པ་མེད་པ་དངོས་ཡོད་ཡིན་སྟབས་ཁ་གྲག་མ་ཐུབ་པར་ལྷག་དགོས་བྱུང་ཡོད་པར་བརྗོད་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 4

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    http://news.boxun.com/news/gb/intl/2013/09/201309200752.shtml#.UjwIP38_-ry

    རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་སྔོན་མ་ཁག་ཏུ་ཡང་བོད་དོན་སྐོར་གྲོས་ཆོད་འགའ་རེ་བཞག་ཡོད་ན་ཡང་སྐབས་འདིར་ཚོགས་གཞོན་དང་དྲུང་ཆེ་རྣམ་་གཉིས་བཅར་ཐུབ་ཡོད་པ་དང་འབྲེལ་བ་ཡང་ཤུགས་ཆེ་ཙམ་གནང་ཐུབ་ཡོད་པ། ཕྱིར་ཕེབས་མ་ཐག་ཏུའང་གསར་འགོད་གསལ་བསྒྲགས་སྤེལ་བ་འདིས་མང་པོ་ཞིག་ལ་གནས་ཚུལ་གསལ་རྟོགས་བྱ་རྒྱུར་ཕན་ཐོགས་ཆེ།
    གལ་ཆེ་ཤོས་གཞན་ཞིག་ནི་ཚོགས་མི་རྣམ་པ་སོ་སོ་གནས་གང་ཞིག་ཏུ་ཡོད་ན་ཡང་རང་ཉིད་རྒྱ་སྤྱིའི་པེན་གྱི་ཚོགས་མི་ཞིག་ཡིན་བསམ་པ་མ་བརྗེད་པ་གནང་ནས་རྩོམ་པ་པོའི་འགན་འཁྲི་ཅུང་རེ་སྒྲུབ་རྒྱུར་རྣམ་པ་ཀུན་ཏུ་འབད་བརྩོན་གནང་རོགས་ཞུ།

    Reply
  2. བྱ་གཞུང་དཔལ་རྡོར། says:
    ལོ་ 13 སྔོན།

    པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང་དྲུང་ཆེ་གཉིས་ལ་མཚམས་འདྲི་ཞུ་གི་ཡོད། ལས་དོན་ལེགས་གྲུབ་བྱུང་བར་དགའ་བས་བརྟས་ཡོད། མུ་མཐུད་ཤུགས་རྒྱོབ་དང་ཡར་རྒྱས་ཡོང་གི་འདུག རེ་བ་ཆེན་པོ་བཅིངས་ཡོད།

    Reply
  3. རྔ་བ་བརྒྱད་གསུམ་གཅིག་དྲུག says:
    ལོ་ 13 སྔོན།

    བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་དང་དྲུང་ཆེ་གཡུ་སྒང་འོད་ཟེར་གཉིས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། བོད་མིའི་རུས་རྐང་མེད་པའི་ཁྱེད་ཅག་མཐུན་ཚོགས་ཀྱི་རྒན་རབས་པའི་རྗེས་སུ་སོང་མེད་པའི་དམིགས་བསལ་འཚམས་འདྲི་ཡོད། བུ་རྒོད། ཨ་ཕ་ཞིག་བུ་ཟེར་ནོ་རེད། ཁ་དྲོ་བཀྲ་ཤིས། རྒྱུ་མཚན་ཁྱེད་ཅག་མཐུན་ཚོགས་ཚང་ལ་མི་དྲི་མེད་མཁན་མང་པོ་ཡོད་ཙང་།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ཡག་པོ་འདུག རྒྱབ་སྐྱོར་ཡོད། མིང་སྟོང་པ་ཞིག་འཁུར་ནས་མ་བསྡད་པ་དེ་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese