མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༦༢༠ ལོན་པའི་ཆོས་སྟོན།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མདོ་སྨད་རྔ་བ་ཁུལ་ཨ་འདུས་ཡག་འགོ་དགོན་དུ་དགོན་མ་ལག་བརྒྱ་དང་བརྒྱད་ཀྱི་སྐུ་ཚབ་འདུ་འཛོམས་ཀྱིས་དགོན་པ་གསར་འཛུགས་གནང་སྟེ་མི་ལོ་ ༦༢༠ འཁོར་བའི་ཆོས་སྟོན་མཛད་སྒོ་ཚོགས་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༢༡ བར་བོད་མདོ་སྨད་རྔ་བ་ཁུལ་ཨ་འདུས་ཡུལ་ཚོ་རུ་ཨ་འདུས་ཡག་འགོ་དགོན་ཚུགས་ནས་ལོ་ངོ་ཧྲིལ་པོ་ ༦༢༠ འཁོར་བའི་རྟེན་འབྲེལ་ཆོས་སྟོན་ཆེན་མོ་ཞིག་འཚོགས་ཡོད་འདུག ཆོས་སྟོན་མཛད་སྒོའི་ཐོག་༧ གོང་ས་མཆོག་དབུས་པའི་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་ཁག་གིས་ཤིས་ཚིག་བསྩལ་ཡོད་པ་དང་། རྗེ་དམུ་དགེ་བསམ་གཏན་མཆོག་གི་དངོས་སློབ་དགེ་བའི་བཤེས་གཉེན་ཆེན་མོ་སྐྱབས་རྗེ་རས་ཆུང་བ་མཆོག་དང་། ཁམས་སེལ་ཤུལ་གྱི་དགེ་བའི་བཤེས་གཉེན་འཇམ་དཔལ་བློ་ཤེས་བཅས་བླ་སྦྲུལ་དགེ་བཤེས།  དེ་བཞིན། རྔ་པ་ཁུལ་གྱི་དགོན་སྡེ་ཁག་དང་དགོན་མ་ལག་བརྒྱ་དང་བརྒྱད་ཀྱི་སྐུ་ཚབ་དང་གྲྭ་བ་བཅས་མི་ ༡༠༠༠ ལྷག་འཛོམས་ཡོད་པ་དང་། ཆོས་སྟོན་མཛད་སྒོ་དང་སྟབས་བསྟུན་ཏེ་གདན་ཞུ་དགེ་བཤེས་རྣམ་པས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་། དབང་ལུང་མན་ངག ཤེས་ཡོན་སློབ་གསོ་བཅས་སྤྲད་ཡོད་པ་དང་། ཕྱོགས་མཐའ་ནས་ཕེབས་པའི་དགེ་འདུན་པ་ཚོས་མཚན་ཐུན་ལ་གཞུང་བཀའ་པོད་ལྔའི་དམ་བཅའ་བཞག་པ་དང་། རྩོད་གྲྭ་སོགས་ཚོགས་ཡོད་འདུག  

ཐེངས་འདིའི་ཆོས་སྟོན་མཛད་སྒོ་དེ་ནི། དགོན་མ་ལག་ ༡༠༨ གྱི་མཁན་པོ་ལས་སྣེ་དང་ཨ་འདུས་དགོན་གྱི་ལྷ་སྡེ་ཨ་འདུས་དཔོན་ཁག་བརྒྱད།  ཕྱི་འབྲོག་འཚེ་རུ་མ་བཅས་མཉམ་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། དམིགས་ཡུལ་གཙོ་བོ་ཨ་འདུས་ཡག་མགོ་དགོན་ཐོག་མར་འདེབས་མཁན་ཚ་ཁོ་དབོན་པོ་ངག་དབང་གྲགས་པའི་མཛད་པར་རྗེས་དྲན་དང་། དགོན་པར་བོད་ཀྱི་ཆོས་དང་རིག་གཞུང་གི་བྱ་བཞག་རྒྱུན་འཛིན་དང་དར་སྤེལ་ཡོང་ཕྱིར་ཡིན་འདུག

ཨ་འདུས་ཡག་འགོ་དགོན་དགའ་ལྡན་ཐུབ་བསྟན་རབ་རྒྱས་གླིང་ནི། ཤར་ རྒྱལ་བ་ཙོང་ཁ་པའི་བསྟན་པ་ཕྱོགས་མཐར་སྤེལ་བར་ཁུར་དུ་བཞེས་པའི་ཚ་ཆེན་དབོན་ སློབ་ངག་དབང་གྲགས་པས་མདོ་ཁམས་སྨད་དུ་དགོན་མ་ལག་བརྒྱ་དང་བརྒྱད་ཕྱག་བཏབ་མཛད་པའི་ཐོག་མ་ཡིན་ལ། འདི་ཐོག་མར་འཛུགས་པའི་སྐབས་སུ་བཀྲ་ཤིས་པ་བྱུང་བའི་ཆ་ནས་ཡག་འགོ་དགོན་པ་ཞེས་ཐོགས་པ་ཡིན་འདུག དགོན་པ་འདི་ནི་མདོ་སྨད་རྔ་ཡུལ་སྟོད་ཀྱི་ཆར་ཆགས་ཡོད་ལ། གྲུབ་མཐའ་དགེ་ལུགས་དང་སྔོན་སྲོལ་བྱས་ན་དགོན་པ་འདིའི་ཁྲི་པ་དགའ་ལྡན་ཤར་རྩེ་གྲྭ་ཚང་གིས་གཏོང་སྲོལ་ཡོད་འདུག དགོན་པ་འདི་ནི་༧་རྒྱལ་མཆོག་སྐུ་ཕྲེང་བརྒྱད་པའི་མཚན་ཞབས་མཚེ་ཤར་རྩེ་མཁན་པོ་བློ་བཟང་ཆོས་གྲགས་མཆོག་གིས་བདག་སྐྱོང་བྱས་ཏེ། དུས་ད་ལ་ཐུག་གི་བར་བླ་མ་འདིའི་ཡང་སྲིད་དག་གིས་བདག་སྐྱོང་བྱེད་བཞིན་ཡོད་འདུག དགོན་པ་འདི་ནི་མི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་དགེ་ ལུགས་ ཀྱི་ཆོས་སྡེ་རྙིང་ཤོས་ཤིག་ཡིན་འདུག་ལ། འདི་ལྷ་སྡེ་ཨ་འདུས་དཔོན་ཁག་བརྒྱད་དང་འབྲོག་སྡེ་འཚེ་རུ་མ་བཅས་ཡོད་ལ། དགེ་འདུན་པ་གྲངས་སུམ་བརྒྱ་ལྷག་ཅིག་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

མཆན། 1

  1. གཙང་ཞོལ་བདེ་གསལ། says:
    ལོ་ 13 སྔོན།

    ཁམས་སེལ་ཤུལ?

    དགོན་མ་ལག་བརྒྱ་དང་བརྒྱད?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese