མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོཊ་མཆོག་ཅིག་སྐུ་གྲོངས་པར་མྱ་ངན།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་སྤྱི་འཐུས་གྲོས་ཚོགས་ནང་། ཁ་སང་ཚེས་ ༢༢ ཉིན་ལྡི་ལིར་འདས་གྲོངས་སུ་ཕྱིན་པ། བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་མོ་ཧན་སེན་ལགས་སུ་གཞུང་འབྲེལ་མྱ་ངན་གྲོས་ཆོད་བཞག་སོང་།

ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༤།༡༥ ཐོག རྒྱ་གར་ས་མཱ་ཇི་ཝ་ཊི་ (Smajwati) ཆབ་སྲིད་ཚོགས་པའི་དྲུང་ཡིག་ཆེ་མོ་དང་། ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་མོ་ཧན་སེན་ (Mohan Singh) མཆོག ཡུན་རིང་སྙུང་གཞིའི་རྐྱེན་པས་ལྡི་ལིའི་ཨེམ་སི་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག

འདིའི་ཐད་དེ་རིང་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག བཀའ་སྤྱི་གཉིས་ཀྱིས་དམ་པ་ཁོང་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། ཤུལ་ལུས་ནང་མིར་ཐུགས་གསོའི་འཚམས་འདྲི་ཆེད་གཞུང་འབྲེལ་ཐོག་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་བཞག་ཡོད་པ་དང་། ནང་སྲིད་བཀའ་བློན་གཙོས་པའི་སྤྱི་འཐུས་ ༣ བཅས་ཀྱིས་ཁོང་གི་མཛད་རྗེས་དང་བོད་དོན་ལ་ཐུཊ་ཁུར་རྒྱབ་སྐྱོར་གནང་ཕྱོགས་སྐོར་བཅས་ལ་གཏམ་བཤད་གནང་སོང་།

སྤྱི་འཐུས་ཀྱི་མྱ་ངན་གྲོས་ཆོད་ནང་བཀོད་དོན་ལྟར་ན། སྐུ་ཞབས་མོ་ཧན་སེན་མཆོག་ནི། ༡༩༤༥ ལོར་རྒྱ་གར་གྱི་ཡུ་པེ་མངའ་སྡེའི་རྡེའུ་རི་ཡཱ་ཇཱ་ཡེ་ན་གྷར་ (Jai Nagar) དུ་སྐྱེས་པ་དང་། ༡༩༦༨ ནས་ ༡༩༦༩ ལོའི་བར་སློབ་གཉེར་གྱི་ཞོར་དུ་ཨ་ལཱ་བྷ་ངྷ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་། སྐབས་དེའི་རྒྱ་གར་སྤྱི་ཚོགས་རིང་ལུགས་པའི་དབུ་ཁྲིད་གྲགས་ཅན་རཱ་ཇི་ན་རཱན་ (Raj_Narain) མཆོག་དང་། སྐུ་བས་རཱམ་མཱ་ནོ་ཧར་ལོ་ཡེ་ཡཱ་ (Dr.Ram Manohar Lohiya) རྣམ་གཉིས་ཀྱིལ་སྣེ་འཁྲིད་ལས་འགུལ་ནང་མཉམ་ཞུགས་གནང་བ་དང་། ལས་འགུལ་གང་མང་དུ་ཞུགས་པའི་དབང་གིས་ཐེངས་མང་བཙོན་ཁང་དུ་ཚུད་དགོས་བྱུང་ཡོད་འདུག 

༡༩༧༧ ལོ་ནས་ ༡༩༨༥ ལོའི་བར་ཡུ་པེ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། སྐབས་བཅུ་བ་དང་བཅུ་གཉིས། བཅུ་བཞི་བཅས་ཀྱི་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་མི། སྐབས་གཉིས་རིང་རྒྱ་གར་གྲོས་ཚོགས་གོང་མིའི་ཚོགས་མི། ས་མཱ་ཇི་ཝ་ཏི་ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་དང་གྲོས་ཚོགས་ཀྱི་ཚོགས་པའི་སྣེ་འཁྲིད་པ་བཅས་གནང་སྟེ། ༢༠༠༨ ལོར་གྲོས་ཚོགས་འཐུས་མི་ལེགས་ཤོས་ཀྱི་གཟེངས་རྟགས་ཐོབ་མྱོང་ཡོད་འདུག་ལ། ཁོང་བཟང་སྤྱོད་ལྡན་པའི་གྲོས་ཚོགས་འཐུས་མི་ཞིག་ཡིན་པ་མ་ཟད། བརྩམས་ཆོས་ཁག་ཅིག་ཀྱང་རྩོམ་གནང་མཛད་ཡོད་འདུག

སྐུ་ཞབས་མོ་ཧན་སེན་མཆོག་ནི། དུས་ཡུན་རིང་པོར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ཞིག་ཡིན་པ་མ་ཟད། ༡༩༩༤ ལོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེ་ཐེངས་དང་པོ་ལྡི་ལིར་ཚོགས་སྐབས། སྐུ་ཞབས་ཇོར་ཇི་ཧྥར་ནན་ཌི་(Georj Fernandes) མཆོག་དང་ལྷན་གོ་སྒྲིག་འགན་འཁུར་གཙོ་བོ་གནང་མཁན་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྔ་རྗེས་སུ་མཉམ་ཞུགས་གནང་ཡོད་ལ། ནམ་རྒྱུན་བོད་དོན་དང་འབྲེལ་བའི་གནད་དོན་གྲོས་ཚོགས་ནང་གླེང་སློང་གནང་མཁན་དང་། སློབ་སྟོན་ཞུ་ཡུལ་གཙོ་བོ་ཞིག་ཡིན་པ་མ་ཟད། ཁོང་ནི་༸གོང་ས་མཆོག་ལ་དུས་རྟག་ཏུ་དད་གུས་ཆེན་པོ་ཡོད་མཁན་ཞིག་དང་ཐེངས་མང་མཇལ་ཁ་གནང་མྱོང་མཁན་ཞིག་བཅས་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མྱ་ངན་གུས་དུད་ཞུ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese