མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཆུང་ངུ་། ལངས་ཕྱོཊ་གསུམ་པ།༼༡༽

བོད་ཀྱི་དུས་བབ།
༢༠༡༣/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

མི་ལ་རང་བཙན་གྱིས་བརྩམས། ལྷ་མོ་སྐྱབས་ཀྱིས་བསྒྱུར།

རྒྱ་ནག་གི་ཆབ་སྲིད་སྟོབས་ཤུཊ་འཛམ་གླིང་ཡང་རྩེར་སྙེག་པ་དང་ལྷན་དུ་བོད་ཀྱི་འབྱུང་འགྱུར་ནི་དབུ་མའི་ལམ་དང་རང་བཙན་གང་གི་ལག་ཏུའང་མེད་པར་རྒྱ་ནག་གི་བཏང་འཛིན་འོག་ཡོད། མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་དོན་སྨིན་གྱི་དམིགས་བྱ་ཞིག་མིན་པ་རྟོགས་ཏེ། སུ་ཡིན་ཡང་རང་སྲིད་རང་སྐྱོང་དང་འདས་པའི་མི་ལོ་དྲུག་རིང་རྒྱ་མིའི་རྫུན་བཟོའི་ལོ་རྒྱུས་སླད་དུ་དགོས་འདོད་ཀྱི་གལ་ཆེན་རེའུ་མིག་དེ་དག་གོམ་འདྲིས་སུ་ཆགས་དགོས་པ་རེད། མི་འབོར་གནས་སྤོར་ཚད་གཞི། རང་བྱུང་གཏེར་ཁའི་སྤྱོད་སྒོ། ཁོར་ཡུག་སྲུང་སྐྱོབ་དང་སློབ་གསོ་ལྟ་བུ་སྟེ་ཁྱབ་རྒྱ་ཆེ་བའི་ས་ཁུལ་ནང་དུ་བོད་ཀྱི་སྒྲིག་འཛུགས་ཆེན་མོའི་སྟོབས་ཤུགས་ཤིག་འོག་ཏུ་མདོ་སྨད་དང་མདོ་སྟོད། དབུས་གཙང་བཅས་པ་ལྷན་ཏུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཆེས་མཐོའི་རང་སྲིད་རང་སྐྱོང་ཞིག་ལ་རེ་བཞག་བྱེད་པ་ནི། ང་ཚོའི་ཕྱོགས་ནས་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་སྲིད་ཀྱང་། རྒྱ་རྒྱ་ནག་དམར་ཤོག་གི་ཁྲོད་ནས་རང་བཙན་གླེང་བཞིན་པ་ལས་གཞན་གང་ཡང་མཐོང་གི་མ་རེད། དེ་ལ་མ་ལྟོས་པར་རང་སྲིད་རང་སྐྱོང་འཚོལ་གྱིན་པ་དག་གིས་ཆེས་རིན་གོང་ཐོ་བའི་གྲོས་འཆར་ཞིག་སྟེ། རྒྱ་རྒྱ་ནག་བོད་ཀྱི་ས་མཚམས་སྲུང་བར་འདོད་ཀྱིན་ཡོད་པ་རེད། རྒྱ་རྒྱ་ནག་གི་ལོ་རྒྱུས་ནང་དུ་ཆོལ་ཁ་གསུམ་ཞེས་པ་གཏན་ནས་ཡོད་པ་མ་རེད། ༼བོད་གཞུང་རྨང་གཞི་བྱས་པའི་གཞུང་ཞིག་གི་འོག་ཏུ་སྲོལ་རྒྱུན་ས་ཁུལ་གསུམ།༽རྒྱུ་མཚན་དེའི་སྟབས་ཀྱིས། ད་ལྟའི་རྒྱ་ནག་མངའ་ཁོངས་ཀྱི་བཞི་ཆའི་གཅིག་ལས་མང་བ་སྟེ། ཀི་ལོ་རྨི་ཊར་གྲུ་བཞི་མ་ས་ཡ་ ༢ དང་གྲངས་ཆུང་ ༥ ཙམ་གྱི་ས་ཁྱོན་དེ་ལོགས་སུ་སྟངས་འཛིན་ཅན་ཞིག་ཏུ་འགྱུར་མི་ནུས་སོ།།

ས་ཡ་དྲུག་ལས་ཉུང་བའི་བོད་མིར་དེ་འདྲའི་གཞི་རྒྱ་ཆའི་བའི་མངའ་ཁོངས་ཤིག་བདག་འཛིན་བྱེད་དུ་བཅུག་པས་ན་རྒྱ་ནག་ལ་ཕོན་ཆེ་བའི་དཔལ་འབྱོར་དང་ཆབ་སྲིད་གྱོང་གུད་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་རེད། ཐ་ན་དམག་མིས་སྲུང་བའི་བོད་ཀྱི་ཧི་མ་ལ་ཡི་ས་མཚམས་དག་གི་རིང་ཚད་ཀྱང་ཀི་ལོ་རྨི་ཊར་ ༦༠༠ གིས་ཟིན་ཡོད། དེའི་སྐོར་ནས་གླེང་ན་ཕན་ཚུན་གཉིས་ཀར་ཁེ་ཕན་གྱིས་སྟོང་བ་རེད། བོད་མིའི་ཕྱིར་དུ་རང་སྲིད་རང་སྐྱོང་མོས་མཐུན་བྱས་་ན། དེའི་ཤུལ་དུ་ལྷག་པའི་ལུ་གུ་རྒྱུད་ཀྱི་ལྡོག་འགྱུར་ཤུགས་རྐྱེན་ཐེབས་ཤིང་། གྲངས་ཉུང་མི་རིགས་སུ་འབོད་པ་དག་ཀྱང་། སྐྱབས་བཅོལ་གཞུང་གི་རེ་འདུན་༼དབུ་མའི་ལམ།༽གླེང་བ་ལྟ་བུའི་ཐོབ་ཐང་དག་སྤྱོད་པར་མི་སྤྲོ་བ་མ་ཡིན་ནོ།། འདི་འདྲའི་གཞན་ལས་སྔ་བའི་གདམ་ག་འདི་ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་རྨང་གཞི་ལ་འགུལ་སྐྱོད་བྱེད་ནུས་པ་རེད། འདི་ནི་ཁོང་ཚོས་གཏན་དུ་ལྟ་ཚུལ་འགྲིག་པ་ཞིག་ཏུ་བརྩི་མི་ཕོད། དེ་བས་ན། ཡར་མ་ལངས་སྔོན་ནས་མགོ་མར་གནོན་པ་ནི་ཁོང་ཚོའི་བདེན་པ་དག་སྐྱེལ་གྱི་སྲིད་ཇུས་དེའི་སྲོག་ཤིང་ལྟ་བུ་རེད།

 དབུ་མའི་ལམ་གྱི་ཁྲིམས་རྩོད་པ་དག་གིས་རྒྱ་རྒྱ་ནག་གི་རྩ་ཁྲིམས་ལས་རང་སྲིད་རང་སྐྱོང་འདོད་པར་གླེང་གིན་ཡོད། དུས་ནམ་ཞིག་ཏུ་ཡང་རང་སྲིད་རང་སྐྱོང་སྟེང་དུ་ཡོད་པའི་རྒྱ་རྒྱ་ནག་གི་རྩ་ཁྲིམས་ནང་གི་ཚིག་གཅིག་ཀྱང་འདས་ཟིན་པའི་ལོ་ངོ་དྲུག་ཅུ་རེ་གཉིས་རིང་ལག་ལེན་དུ་བསྟར་མྱོང་མེད། རྒྱ་ནག་གིས་ཐོག་མ་ཉིད་ནས་འཆར་སྣང་དང་དཔལ་འབྱོར། ཆབ་སྲིད་བཅས་ཀྱི་ལམ་ནས་འཚོ་བར་འབད་བརྩོན་བྱས་ཡོད། འདས་པའི་དུས་ནས་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ལ་མཆོག་མཆན་སྤྲད་ཡོད་པས་ན་ཁོང་ཚོའི་ཁུར་བོ་ཡང་དུ་ཕྱིན་ཡོད་ཀྱང་། ཅིའི་ཕྱིར་ཁོང་ཚོའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་འཛམ་གླིང་སྲིད་དོན་གྱི་ཡང་རྩེར་སླེབ་པའི་དུས་འདིར་ང་ཚོར་ཆེས་མཐོའི་རང་སྲིད་རང་སྐྱོང་སྤྲོད་ཀྱི་རེད་དམ།  རྒྱ་རྒྱ་ནག་གི་རྩ་ཁྲིམས་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སླད་དུ་རྩེད་ཆས་ཁོ་ན་ཞིག་རེད། དེའི་རྒྱུ་མཚན་གྱིས་ང་ཚོར་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ལ་བཀུར་སྟི་བྱེད་ཅིང་རྒྱུ་མཚན་ལྡན་པའི་རྒྱབ་ལྗོངས་རེ་སྤྲོད་ཐབས་ཙམ་གྱིས་རྒྱ་ནག་དམར་ཤོག་ཚོགས་པར་འགྱུར་བ་ཅི་ཡང་སོང་མེད།

ཏིན་ཞོ་ཕིན་གྱིས་བཤད་པའི་༼རང་བཙན་ལས་གཞན་གང་ཡང་ང་ཚོས་གྲོས་མོལ་བྱས་ཆོག་༽ཅེས་པ་དེ་མི་ལོ་མང་པོ་ཞིག་ཏུ་ཐེངས་འགར་ཡ་ལན་བྱས་མེད། ཅེས་པ་དེར་འདས་པའི་ལོ་མིང་རིང་ཡ་ལན་བྱས་མྱོང་མེད། ཡ་མཚན་པ་ཞིག་ལ་འདིར་ཏིན་ཞོ་ཕེན་གྱིས་བཤད་པ་དེ་བརྙན་རིས་སམ་སྒྲ་སྡུད་དམ། པར་བཤུས་ཤིག་གི་དཔང་རྟགས་ཀྱང་མེད། འོན་ཀྱང་ཁོང་གིས་དེ་ལྟར་བཤད་པར་ཆ་འཇོག་བྱེད་ཀྱི་ཡོད། དེ་ནི་མི་ལོ་ ༣༤ ཙམ་གྱི་ཡར་སྔོན་རེད་ལ་ཁོང་ནི་འདས་གྲོངས་སུ་གྱུར་ནས་ལོ་ངོ་ ༡༦ ཕྱིན་ཡོད། རྒྱ་ནག་དམར་ཤོག་ཚོགས་པ་སྟེ། ཁོང་གིས་མགོ་ཁྲིད་མྱོང་པ་དེ་ནི་ད་དུང་དབང་བསྒྱུར་དེའི་འོག་ཏུ་གསོན་པའི་ཚུལ་དུ་གནས་ཡོད། འོན་ཏེ། ལམ་ལུགས་གཅིག་པ་འདིས་ཏིན་གྱིས་བཤད་མྱོང་པའི་སྐད་ཆ་ཡང་ཐེངས་མང་པོ་ཞིག་ལ་ངོས་ལེན་མ་བྱས་པ་རེད། ཁོང་ཚོས་བསྔགས་བརྗོད་ཞུ་ཡུལ་གྱི་རང་སྲིད་རང་སྐྱོང་སྟེ་ ༡༩༥༡ དང་ ༡༩༦༥ ནས་བོད་ལ་མཁོ་སྤྲོད་བྱས་པ་དེ་ལས་ལྷག་པའི་གཞན་ཞིག་སྤྲོད་པར་འདོད་པ་ཡེ་ནས་མེད་དོ།། ༼ བློ་མཐུན་ཏིན་ཞོ་ཕིན་གྱིས་གཏན་ནས་དེ་འདྲའི་བསྒྲགས་གཏམ་ཞིག་བཤད་མེད། དེ་ནི་རྒྱ་རིས་རྫུན་བཟོ་བྱས་པ་རེད་ལ་ཏིན་ཞོ་ཕིན་གྱི་བསྒྲགས་གཏམ་ལ་ཀུན་ནས་འཁྱོག་བཤད་བྱས་པ་རེད༽ཀྲོའུ་ཝེ་ཆོན་ཏེ། འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚན་ཁག་གི་སྲིད་བློན་གཞོན་པའི་འགན་འཁུར་བ་ཡིས་པེ་ཅན་དུ་ཚོགས་འདུའི་སར་དེ་ལྟར་བརྗོད། རྒྱ་ནག་ནས་ཐད་ཀར་ངོས་ལེན་མེད་པའི་རིམ་པ་དང་སྦྲགས། སུ་ཞིག་ལ་ང་ཚོས་ཨུ་ཚུགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ནང་དུ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཞིག་རག་པར་གོ་བརྡ་སྤྲོད་ཀྱིན་ཡོད་དམ།  ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ནག་མི་མང་སྟེ་ཆབ་སྲིད་ཀྱི་ངོས་ནས་དབང་ཤུགས་ཆུང་བ་གཉིས་ཀ་ནན་སྐུལ་བྱེད་པར་རེ་བ་བྱེད་ཀྱིན་ཡོད་པ་རེད་དམ།

དགྱ་ནག་ནང་ཆབ་སྲིད་ཀྱི་མང་གཙོ་ནི་ཟློག་ཐབས་མེད་པ་ཞིག་ཡིན་ལ་རྒྱ་ནག་མི་མང་གིས་ཆེས་མཐོའི་རང་སྲིད་རང་སྐྱོང་ལ་རེ་བས་རྒྱབ་སྐྱོར་ཙམ་ལས་དོན་དངོས་མ་རེད། རྒྱ་ནག་ངོ་ལོག་པ་འགས་རང་སྲིད་རང་སྐྱོང་ལ་ཤིན་ཏུ་ནས་རྒྱབ་སྐྱོར་ཡོད་ཚུལ་སྨྲས་ཡོད་སྲིད། ཡིན་ན་ཡང་། དེ་ལ་དོན་དམ་བདེན་པའི་མཇུག་འབྲས་ཡོད་པ་མ་རེད། ༡༩༨༩ ལོར་དགྱ་ནག་མང་གཙོ་བཅོས་བསྒྱུར་བྱེད་པ་པོ་སྟེ་ཐེངས་གཅིག་སྟོབས་ཤུགས་ཀྱི་ཁྲོད་ན་ཡོད་པའི་གྲངས་ཉུང་མི་རིགས་པ་ཧུའུ་ཡོ་ཕང་དང་ཀྲོ་ཙི་ཡཱང་ལྟ་བུ་རེད། ཁོང་ཚོའི་ཆབ་སྲིད་ཀྱི་མི་སྟེ་དམར་ཤོག་ཚོགས་པའི་རྟག་པར་ཞབས་འདེགས་བསྒྲུབ་རྒྱུ་ཡང་ན་ཁོང་ཚོ་ལམ་སེང་ངང་ལྐོག་གྱུར་གྱི་ཁོར་ཡུག་ཅིག་གི་འོག་ཏུ་འཆི་ཕོད་པ་ཡིན། རྒྱ་མི་དག་གིས་ཚེ་སྲོག་གི་གོམ་ཁ་ཡོད་ཚད་པེ་ཅིན་གཞུང་ལམ་སྟེང་དུ་འཕོས་ཤིང་ ༡༩༨༩ ལོའི་ནང་དུ་མང་གཙོ་བཅོས་བསྒྱུར་སླད་དུ་ས་ཡ་མང་པོའི་གཡོ་འགུལ་རྒྱ་ནག་གྲོང་ཁྱེར་དག་བརྒྱུད་ཡོང་དུས། དེའི་མཇུག་འབྲས་ཀླད་ཀོར་ཆགས་པ་རེད། མ་རྩ་རིང་ལུགས་ཀྱིས་ད་ལྟ་ཁོང་ཚོའི་དཔལ་འབྱོར་གྱི་འཕོ་འགྱུར་ནི་དེ་འདྲའི་ཁོ་མོའི་ལོ་རྒྱུས་ཁྲོད་དུ་བྱུང་མྱོང་མེད་པ་ཞིག་མཐོར་འདེགས་སུ་ཕྱིན་པའི་སྐབས་སུ་འཇུག་སྡོམ་རྒྱག་གི་རེད་དམ། ཁོང་ཚོའི་རྒྱལ་ཁབ་ཀྱི་ལར་ཞེན་དང་སྤོབས་པའི་དབུ་འཕང་གང་དུ་ཡོད་དམ། ཁོ་ཚོས་དམིགས་བསལ་གྱིས་ཁྱད་ནོར་ལྟ་བུ་དང་བཅས་ཁ་སྟོང་ཞབས་འདེགས་སྒྲུབ་པ་ལས་དབང་ཆ་སྤར་མོ་གང་ཡང་མེད་པའི་རྒྱ་ནག་མི་རབས་གསར་བའི་ངོ་ལོག་པ་ཚོ་ངྷ་སར་སྐོར་སྐྱོད་དུ་ཡོང་པ་དག་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ལ་རེ་བ་ནི་ལག་ལེན་དུ་ལོན་པར་གོ་སྐབས་ཞིག་ཡིན་སྲིད་དམ།

བརྒྱ་ཆ་དགུ་ཅུ་གོ་དགུའི་ཆེས་མཐོའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་ཡོད་པ་ནི་ཟོལ་བཅོས་ཙམ་རེད། ༡༩༨༧ ལོ་ནས་མདུན་སྐྱོད་ཀྱི་རྔམ་སྟོན་ཁྲོམ་སྐོར་དང་དེ་རིང་གི་རང་ལུས་མེར་བསྲེགས་བར་དུ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཞིག་རྒྱ་ཆེའི་བོད་མི་རྣམས་ཀྱིས་བརྗོད་མེད། འཚེ་མེད་ཞི་བའི་རང་དབང་འཐབ་རྩོད་པ་སུ་གང་གིས་ཀྱང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐེངས་གཅིག་ལའང་བཤད་ཡོད་པ་མ་རེད་རང་དབང་གི་ཚིག་དེ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ལ་གོ་བ་ནི་ཚད་མ་མ་རེད། བོད་ནང་དུ་གད་རྒྱང་། དར་དཔྱངས། པར་སྒྲོམ། རྒྱལ་དར། གླུ་གཞས། ཞལ་འདོན། ཞབས་བྲོ། རྟ་རྒྱུག རྔམ་སྟོན་ཁྲོམ་སྐོར། ཅ་དངོས། ངོ་རྒོལ། སྙན་ངག ཤོག་ལྷེ་ལྷུག་མ། རང་ལུས་མེར་བསྲེགས་སོགས་བྱས་པ་ནི་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་གི་སླད་དུ་མ་རེད། སྤྱི་མཐུས་ཡོངས་ཀྱིས་ཀརྨ་མ་ཆོས་འཕེལ་ལས་གཞན་སྤྱི་མཐུས་བྱིངས་ཀྱིས་འདིའི་རྒྱུ་མཚན་གོ་བ་ལོན་མེད། བཀུར་འོས་བའི་ཁོང་གི་སྤྱི་མཐུས་ཀྱི་བྱེད་སྟངས་ཨཱ། སྤྱི་མཐུས་ཀརྨ་ཡི་ཤེས། སྤྱི་མཐུས་བློ་བཟང་ཡི་ཤེས་དང་ད་དུང་རྫིག་ངོམ་ཅན་གྱི་སྤྱི་མཐུས་གྲྭ་པ་འགས་སྐད་ཆ་བཤད་ཅིང་རྒྱབ་སྐྱོར་བྱེད་དགོས་པ་རེད། འདི་རིན་ཐང་ཆུང་བའི་ཨ་སྒོར་ ༧༠༠ ཡི་ཨོ་སི་ཊིར་ལེ་ཡན་གྱི་གནམ་གྲུའི་ཤོག་བྱང་ཁ་ཊི་ཞི་སི་ཁོའུ་པལ་(Kiddish Squabble) མ་རེད། འདི་ནི་ཆགས་འཇིག་ཁར་ཐུག་ཡོད་པའི་རང་བཙན་འཐབ་རྩོད་ཅིག་རེད།  དེར་བརྟེན། འདིར་ཡོངས་ཁྱབ་ཀྱི་གཞི་རྒྱ་ཆེ་བའི་བདེན་པ་དག་སྐྱེལ་ཞིག་སྟེ་ཁྲིམས་མཐུན་ཡང་དག་ཅིག་དང་མང་གཙོ་ཞིག་ཡོད་པ་མ་རེད། གངས་སྐྱིད་དུ་ངེས་མེད་རྒོལ་གཏམ་གསལ་བསྒྲགས་ཤིག་གིས་བོད་མི་ཕལ་ཆེ་བ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་ཡོད་པ་ནི་རྣམ་དག་ཅིག་ཏུ་མ་མཐོང་ངོ་།།  བོད་ནང་དུ་ཡོངས་ཁྱབ་འོས་བསྡུ་ཞིག་ལ་བརྟེན་ཏེ་བོད་མིའི་མངོན་འདོད་དེ་ཡིས་འཛམ་གླིང་གི་བོད་པའི་བརྒྱ་ཆ་ ༩༧ ལ་དྲི་བ་ལས་འདས་པའི་ར་སྤྲོད་བཟོ་ཞིང་། དམངས་གཙོའི་སྒོ་ནས་མདུན་དུ་བསྐྱོད་ཐུབ་རྒྱུ་རེད། དཔེ་མི་སྲིད་པའི་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ནི་བདེན་པ་དང་གནས་ལུགས། ངེས་པ་དང་ཁ་ཡོད་ལག་ཡོད། ཆེས་ཆེར་གནས་ལུགས་ལྡན་པ་ལྟ་བུ་ཞིག་རྫིག་ཉམས་ངང་ནས་ཁྱབ་བརྡལ་དུ་གཏོང་བའི་སྐབས་འདིར་བོད་ནང་དུ་ཡོངས་ཁྱབ་འོས་བསྡུ་ཞིག་བྱུང་ན། བདེན་དཔང་བྱེད་ནུས་ཤིང་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་གོམ་ཁ་དང་པོ་མདུན་དུ་བསྲིང་ཐུབ་ངེས་ཡིན།

རྒྱ་ནག་གི་ཞེད་སྣང་དེ་བོད་པར་རང་སྲིད་རང་སྐྱོང་སྤྲད་པ་ཡིན་ན། རིམ་གྱིས་རང་བཙན་སྟེང་འགྲོ་སྲིད་པའི་བློ་དོགས་དེ་རེད། ཨ་རི་དང་རྒྱ་གར་གཉིས་ཀྱིས་ཏག་ཏག་བོད་རང་བཙན་དམག་ཤུགས་བཞིན་དུ་བེད་སྤྱོད་བྱེད་བཞིན་ཡོད་པ་རེད། དེར་བརྟེན། དམག་ཤུགས་ཀྱིས་རྒྱ་ནག་ལ་འཇིགས་པ་སློང་གིན་ཡོད། བོད་དུ་ཆུ་མཛོད་རྒྱག་པ་དང་རྒྱུག་ཆུ་ཁ་བསྒྱུར་བ་ཁོ་ནས་ལས་སླ་བོས་རྒྱ་ནག་གི་བཞི་ཆ་གཅིག་མི་ལོ་ལྔའི་རྗེས་སུ་སྐམ་ཐེར་དུ་འགྱུར་ཐུབ་ཀྱི་ཡོད།  ཆུ་མཛོད་ཀྱི་ཁ་ལུད་པ་དང་ཆུ་ལོག་གིས་རྒྱ་ནག་གི་བྱང་ཐང་ལ་ཆེས་ཆེ་བའི་ཤུགས་རྐྱེན་འབྱུང་ཞིང་། རང་བྱུང་དང་ཞིང་ཚིགས་གཏོར་བཅོམ་ས་ཡ་བཅུ་ཕྲག་ཅིག་ལ་རྒྱ་གར་གྱིས་བྷང་གྷལ་དྷེ་ཤིར་ལོ་རྟག་ཏུ་བགྱི་པ་ཇི་བཞིན་དུ་ཤུགས་རྐྱེན་ཚབས་ཆེན་ཐེབས་ངེས། དེར་བརྟེན། རྒྱ་ནག་སྟེ་དམག་ཤུགས་ཀྱི་ངོས་ནས། དཔལ་འབྱོར་གྱི་ངོས་ནས། ཆབ་སྲིད་ཀྱི་ངོས་ནས་སྟོབས་འབྱོར་ལྡན་ལ་འཛམ་གླིང་སྟེང་གི་རྒྱལ་ཁབ་གང་གིས་ཀྱང་ཀུན་སྤྱོད་ཀྱི་སྟོབས་ཤུགས་དང་ཆབ་སྲིད་ཀྱིས་ཐོབ་སྐལ་ཞིག་བཙལ་ཞིང་ཆེས་མཐོའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱིན་མེད།

ནུབ་ཕྱོགས་པས་སྐབས་འགར་རྗོད་ཀྱིན་པའི་ཁོང་ཚོའི་རྒྱབ་སྐྱོར་དེ་ནི་རྒྱ་ནག་དང་༧གོང་མཆོག་གི་སྐུ་ཚབ་བར་གྱི་འབྲེལ་མོལ་ཡིན་པ་ལས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་མ་རེད། འདིས་བོད་དོན་འཐབ་རྩོད་རྒྱ་ནག་གིས་རྟག་ཏུ་རྒྱུད་སྤེལ་བ་མི་གཅིག་གི་གནད་དོན་ཡིན་ལ། བོད་དོན་རྒྱ་ནག་གིས་རྟག་ཏུ་རྒྱུན་འཁྱོངས་བྱེད་བཞིན་པའི་༧ཏཱ་ལའི་བླ་མ་མི་སྒེར་ཀྱི་གནས་བབ་རྩ་དོན་ཡིན་པས་བོད་དོན་གྱི་གནས་བབ་མཉམ་རྒུད་དུ་འགྲོ་ཡི་ཡོད། དབུ་མའི་ལམ་ལ་བསྔགས་བརྗོད་དང་ཆེ་བསྟོད་ཀྱིས་དངོས་ཡོད་དང་རན་པའི་ཆབ་སྲིད་གཡོ་འགུལ་མཇུག་སྐྱོང་བྱེད་ཐུབ་རྒྱུ་མ་རེད། ཝི་ཀི་ལི་ཁ་སི་ནང་དུ་གསལ་སྟོན་བྱས་པ་ཞིག་སྟེ། ཨ་རི་གཞུང་གིས་བོད་དོན་སེལ་བར་འདོད་ཀྱི་ཡོད་པ་མ་རེད། ཡིན་ཡང་རྒྱུན་སྲིང་བར་བྱས་པས་ཁོང་ཚོས་དབྱིག་པ་བཞིན་བེད་སྤྱོད་བྱེད་ཆོག་པ་རེད་ལ་སྐྲ་སེར་ཅན་གྱི་མིར་རྒྱ་ནག་དང་ལྷན་དུ་དེའི་སྟོབས་ཤུགས་དགོས་པས་སོ།། བོད་དོན་ལ་ཕྱོགས་པའི་རྒྱ་ནག་གི་ཆབ་སྲིད་རང་འགུལ་གྱིས་ཡག་ཕྱོགས་སུ་འགྱུར་བ་འགྲོ་པ་མ་རེད། དེ་བས་ན་འདས་བའི་མི་ལོ་བཞི་ཅུའི་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་གིས་དགོས་དོན་དེ་ནི་གཏན་ནས་མི་སྲིད་པར་ལྷག་རྒྱུ་ཡིན་པ་བསྟན་པ་རེད། གལ་ཏེ་བདག་གིས་ཁུངས་སྐྱེལ་ནོར་ཡོད་པས་ན་མགྲིན་པ་གཤག་པར་འཚལ།

དུས་ཚོད་བཞུད་ཀྱིན་པ་དང་ལྷན་དུ་བོད་པ་སྟོང་ནས་འགྲོ་བཞིན་འདུག  འོན་ཀྱང་རང་སྲིད་རང་སྐྱོང་བརྗེད་འདུག ཐ་ན་སུ་ལ་ཕོག་ཐུག་ཏུ་མི་འགྲོ་བའི་ཆོས་ལུགས་པ་ཚོའི་རང་དབང་སྟེ། མི་སྒེར་དང་ཁྱིམ་ཚང་ཡང་ན་དགོན་པར་༧གོང་ས་མཆོག་གི་སྐུ་པར་ལྟ་བུ་ཡང་ཉར་ཆོག་པའི་བདག་དབང་མེད་ཅིང་མཆོག་མཆན་མེད་པ་རེད། འཚེ་མེད་ཞི་བའི་ངང་ནས་རང་ལུས་མཆོད་མེར་ཕུལ་བ་དག་ཉེས་ཅན་དང་སེམས་ཁམས་མི་བདེ་བ།  སྤྱི་ཚོགས་ཀྱི་འཁྱམ་པོ་ལྡོམ་པོར་བཏགས་ཤིང་། ཁོང་ཚོའི་ཉམ་ཆུང་ཉེ་འབྲེལ་དང་གྲོགས་པོ་ཚོར་སྐྱོན་འཛུགས་དང་། འཛིན་བཟུང་། བཀག་ཉར། དབྱེ་འབྱེད། བཅར་རྡུང་། མནར་གཅོད། བཙོན་འཇུག་དང་སྲོག་ཁྲིམས་གཅོད་པ་དག་ལས་ཉེས་མེད་དུ་ཐར་གྱིན་མེད། འདི་ནི་འབྱུང་འགྱུར་ནང་འབར་བཞིན་པའི་ངོ་རྒོལ་སྔོན་འགོག་བྱ་བའི་སླད་དུ་ཡིན། ང་ཚོའི་ད་ལྟའི་ཆབ་སྲིད་ཀྱི་ལག་ཆ་ཡག་ཤོས་རང་ལུས་མེ་བསྲེགས་གཏོང་མཁན་དག་གི་ནང་མི་ཚོར་སྲོག་ཐོག་ཉེས་ཆད་ནི་ཆེས་ནུས་ཤུགས་ཆེ་བའི་གཏོར་བཤིག་ཅིག་རེད།  རང་ཉིད་འཇོམ་པར་བྱེད་པ་ནི་གཏན་ནས་སླ་མོ་ཞིག་མ་རེད་ལ། དེ་ནི་འགྲོ་བ་མིའི་ཆེས་ཕུལ་དུ་བྱུང་བའི་རང་དབང་དང་རང་བཙན་ཕྱིར་དུ་བྱས་པ་མིན་ན་ཡང་། ཁྱོད་ཀྱིས་སྔ་ས་ནས་རྟོགས་པར་བྱེད་དགོས་པ་ཞིག་སྟེ། ཁྱེད་ཀྱི་འབར་བཞིན་བའི་བྱ་འགུལ་དེའི་རྒྱུ་མཚན་གྱིས་ཁྱེད་ཀྱི་བརྩེ་བའི་ནང་མི་སྲོག་ཐོག་ཏུ་གཏོང་རྒྱུ་ནི་ངེས་གཏན་ཡིན་པ་དེ་རེད།

མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ནི་དོན་སྨིན་ཞིག་དང་ལེགས་འགྲུབ་ཡོང་ཐུབ་པ་ཞིག་མ་རེད། རྒྱ་ནག་གིས་ཡང་བསྐྱར་ཨ་རིས་བསྒྲགས་བའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཉམས་རྒུད་དུ་འགྲོ་བཞིན་པ་ངོས་ལེན་བྱས་མེད། རྒྱ་གར་གྱི་ས་མཚམས་དག་ལ་འདས་པའི་མི་ལོ་གསུམ་གྱི་ནང་དུ་ཉེས་ཆད་དང་ལྷན་དུ་ཐེངས་དྲུག་བརྒྱ་ལས་མང་པ་བརྡབ་གསིག་བཏང་ཡོད། བལ་ཡུལ་ནི་ཉིས་སྟོང་བརྒྱད་ཙམ་ནས་དགྱ་ནག་གི་རང་སྐྱོང་ལྗོངས་ཤིག་ཏུ་འགྱུར་ཡོད། ས་སྒང་འདིའི་སྟེང་གི་གཞུང་གང་གིས་ཀྱང་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་ཡོད་པ་མ་རེད། རྒྱ་ནག་ལ་མཚོན་ན་བཙན་བྱོལ་བོད་གཞུང་ཡོད་པ་མ་རེད། རྒྱ་ནག་གི་སྣང་ངོར་བོད་མིའི་སྒྲིག་འཛུགས་འོག་བཙན་བྱོལ་པ་ ༡༥༠༠༠༠ ལས་ཉུང་བར་མཚོན་པ་ཞིག་ལས་མ་འདས་སོ།། ལོ་ངོ་བཅུའི་རིང་གི་འབྲེལ་མོལ་རིམ་པའི་གྲུབ་འབྲས་དེ་ཕལ་ཆེར་ཀླད་ཀོར་རེད་ཅེས་འོད་ཟེར་གྱིས་བཤད་ཡོད། ཁོ་མོ་ནི་ཐུན་མིན་གྱི་བློ་སྤོབས་དང་ཁྱད་འཕགས་ཀྱི་རང་བཙན་ཟིན་བྲིས་པ་ཞིག་ཡིན་ལ་དུས་ནས་དུས་སུ་པེ་ཅན་དུ་བཀག་ཉར་བྱས་ཡོད་པ་རེད། མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་སླད་དུ་རེ་བའི་གཞི་རྩ་བཅོལ་བར་བྱེད་པ་ནི་ལོ་བརྒྱར་ཚར་གཅིག་ཚོད་ལྟ་བྱས་པས་རྒྱ་ཆེ་བའི་རྒྱ་གར་རྒྱ་མཚོའི་ངོས་སུ་འཕྱོ་བའི་གཉའ་ཤིང་གི་ཨ་ལུང་ཞིག་གི་ནང་དུ་མགོ་བོ་བསྐོན་བར་སྒོམ་པའི་རུས་སྦལ་གྱི་གཏམ་རྒྱུད་ལྟ་བུ་དང་གཉིས་སུ་མ་མཆིས་སོ།། ༧གོང་ས་མཆོག་གིས་ ༡༩༨༨ ལོར་དབུ་མའི་ལམ་རོབ་བསྡུས་ཤིག་གསུངས་ཡོད་ལ་ཐེངས་འགའ་ཤས་ཤིག་ཏུ་ངལ་བ་འབྲས་མེད་དུ་གྱུར་ཡོད། འོན་ཀྱང་། རྒྱུས་མི་ལོན་པ་ནི་འབུལ་ཐེངས་རེ་རེར་ཁོང་གིས་འདི་ནི་གདམ་ག་ལེགས་ཤོས་ཡིན་ཞེས་བསྒྲགས་གཏམ་སྤེལ་ཡོད་པ་དེ་རེད། ཁ་སང་འབྲས་སྐྲན་ནད་ཚའི་སྨན་རིལ་སྔོན་པོ་དེས་ཕན་ནུས་ཐོན་འཐོན་གྱི་མི་འདུག་གསུང་མཁན་གྱི་སྨན་པ་གཅིག་མཚུངས་ཀྱིས་ཞོགས་པ་སྨན་དེས་ཏག་ཏག་ཕན་ནུས་དང་ལྡན་པ་ཞིག་ཡིན་ཞེས་དམ་བཅའ་བ་དེ་ནི་ནད་པར་མགོ་རྙོག་ཅིག་ཡིན་མི་སྲིད།  འདི་ནི་འདས་པའི་མི་ལོ་བཅུ་ཕྲག་བཞི་ཙམ་རིང་དུ་ཆད་ཆད་མཐུད་མཐུད་ངང་གནས་པ་རེད། འདྲི་རྩད་གཅོད་མི་ནུས་པའི་ནད་པ་ཉམ་ཆུང་ཞིག

འདིར་དབུ་མའི་ལམ་གྱི་མཁུར་ཚོས་གཞན་ཞིག་སྟེ། ༼༧ཏཱ་ལའི་བླ་མས་འབོད་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་།༽རླབས་ཆེན་གྱི་བོད་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་འགྲོ་ཡི་ཡོད་པ་རེད། ཀྲོའུ་ཁྲུན་ཧྲིན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་བ་རྒན་པ་ཁོང་བོད་ནང་ལ་ལྟ་སྐོར་དུ་ཕྱིན་སྐབས་ནང་པའི་གྲྭ་བ་དང་ཆོས་ལུགས་མི་སྣ་ཚོར་གཏམ་བཤད་བྱས་སྐབས། རྗེས་ཀྱི་མི་ལོ་གཉིས་ཀྱི་ནང་དུ་མཐུས་མི་ ༦༠༠ ལོང་བའི་ཚོགས་འདུ་ཆེན་པོ་ཞིག་བདུན་ཕྲག་ཅིག་གི་རིང་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལར་ཐབས་ཇུས་གསར་བ་ཞིག་གི་སྟེང་དུ་བགྲོ་གླེང་འཚོགས་རྒྱུ་རེད། འདས་སོང་བ་བཞིན་དུ་ང་ཚོའི་གནས་བབ་ལ་འགྱུར་བ་འགྲོ་བ་མ་རེད་ཅེས་པའོ།། ང་ཚོས་དགོས་འདུན་ལས་པུས་མོ་སར་བཙུགས་ནས་རྒྱ་ནག་གི་འབྱུང་འགྱུར་ནང་ཆེས་ཆེར་རྒྱུ་མཚན་ལ་ལྟ་བ་དང་གོ་ཤེས་ཅན་ཞིག་ཏུ་འགྱུར་བར་རློམ་པ་ནི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ཐུན་མོང་གི་སྟོང་བསམ་ཞིག་རེད། དེ་དང་ལྷན་དུ་རྒྱ་ནག་གཞུང་གི་བྱེད་སྟངས་ནི་རྟག་ཏུ་བོད་ཕྱོགས་ལས་འདོད་པས་རྒྱང་རིང་དུ་འཁྱེར་བཞིན་ཡོད། འོན་ཀྱང་ང་ཚོས་དེ་ལྟ་ན་ཡང་བདེན་དོན་ལ་གཞོལ་དགོས།

༧གོང་ས་མཆོག་མ་རེད་ལ་ཟམ་གདོང་བླ་མ་ཡང་མ་རེད། སྤེན་པ་ཚེ་རིང་ཡང་ན་ཐུབ་བསྟན་ལུང་རིགས། བློ་བཟང་སྙན་གྲགས་ཡང་ན་བློ་བཟང་སེང་གེ སྐལ་ལྡན་བློ་གྲོས་ཡང་ན་ལིའི་པི་ལུའུ་སོགས་ལ་དམ་བཅའ་དང་ལྡན་པའི་དག་ཞིང་གི་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་གི་ལམ་ཡིག་ས་ཁྲ་ཞིག་ཡོད་པ་མ་རེད། མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་སྟེང་གི་ཞུ་སྐུལ་སྙན་ཐོ་དང་ཟིན་ཐོ་གཉིས་ལམ་ཡིག་ས་ཁྲ་ཞིག་མ་རེད་ལ་སྲིད་ཇུས་ཤིག་ཀྱང་མ་རེད། འོན་ཏེ་བཙན་རྒྱལ་རིང་ལུགས་ཀྱིས་བོད་ལ་གཉའ་གནོན་བཏང་བ་ལས་བྱུང་བའི་དོན་ཚན་མང་དག་ཅིག་གི་ཐོ་དེབ་རེད། ཆབ་སྲིད་ལངས་ཕྱོགས་ཀླད་ཀོར་དང་སྦྲགས་དབུ་མའི་ལམ་གྱིས་ཅི་བྱ་གཏོལ་མེད་ཀྱི་རྦ་རླབས་ལ་གདོང་གཏད་གཅོག་གི་ཡོད་པ་རེད། རྒྱ་མིའི་དམིགས་བྱ་མཐར་ཐུག་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས་འགོག་རྒོལ་ཅི་ཡང་མེད་པ་དང་ལྷན་ཅིག་རྒྱ་ནག་མི་རིགས་རིང་ལུགས་ཀྱི་གཡོ་འགུལ་ཡང་ནས་ཡང་དུ་འཕེལ་བར་བརྟེན་ཏེ། གནས་བབ་འདི་བརྒྱུད་དེ་ང་ཚོ་འཆི་བར་མགྱོགས་མྱུར་ངང་བསླེབ་རྒྱུ་དེ་རེད། ཡིན་ཡང་བོད་མིའི་སྒྲིག་འཛུགས་ངོས་ནས་ང་ཚོས་རང་བཙན་རྩོད་ཀྱིན་མེད་ཅེས་པ་དང་མཚུངས་ཏེ། ཞལ་འདོན་སྐྱོར་བ་ལས་གཞན་འགོག་རྒོལ་གང་ཡང་བྱེད་ཀྱིན་མེད། ང་ཚོས་བོད་མིའི་སྒྲིག་འཛུགས་ངོས་ནས་དམ་བཅའ་བསྐྱར་ཟློས་ཁོ་ན་སྟེ་དབུ་མའི་ལམ་ནི་ཕན་ཚུན་གྱི་དགེ་མཚན་དང་གཉིས་ཕན་གྲོས་འཆར་ཡིན་པ་དེ་རེད། གང་ལྟར་གྲང་ཤུར་གྱི་བདེན་པ་ཞིག་རྒྱ་ནག་དམར་ཤོག་ལ་མཚོན་ན་དབུ་མའི་ལམ་གྱིས་ང་ཚོའི་མི་མང་ལ་མཐའ་མཇུག་གི་ཐག་གཅོད་བྱེད་པར་ཧ་ཅང་སྟབས་བདེ་བོ་ཞིག་བསྐྲུན་ཡོད། ཁ་གཏད་ཀྱི་སྟོབས་ཤུགས་གཉིས་པོ་དེ་ཐུན་མོང་གི་སྐུད་ཐག་གཅིག་གི་བར་དུ་འདུམ་འགྲིག་ཡོང་སྲིད་པ་ཞིག་ཡིན། ང་ཚོའི་གནས་བབ་ཏུ་དེ་འདྲ་ཞིག་མ་རེད། རྒྱ་ནག་གིས་སྔར་དང་ནས་ད་བར་ང་ཚོའི་སྤུན་ཟླ་ཚོ་ཁྱུར་མིད་ལས་སླ་བོས་ངང་ནས་གཏོང་བཞིན་པའི་དུས། འཇིག་ལ་ཉེ་བའི་ང་ཚོ་བཙན་བྱོལ་རྒྱ་ནག་ལ་སྐུད་ཐག་ལྟ་བུ་ཞིག་འགྱུར་གྱིན་མེད།  གང་ལྟར་དབུ་མའི་ལམ་གྱི་ཁྲིམས་རྩོད་པ་དག་གིས་རྫོགས་མཚམས་ཀྱི་སྦུགས་ལམ་དེ་མེ་འཁོར་གཞན་ཞིག་འབྱོར་བའི་ས་རུ་འགྱུར་བ་ཕལ་ཆེར་རྟོགས་ཡོང་གི་རེད།

ཐེངས་རྗེས་མའི་དུམ་བུའི་ནང་དུ་བདག་གིས་གདམ་ག་ཅན་དང་དོན་སྨིན་གྱི་འཆར་གཞི་ཞིག་འབུལ་འདོད་ཡོད་ལ་དེ་ཡིས་མ་འོངས་པར་དབུ་མ་དང་རང་བཙན་གཉིས་ཀྱི་བར་རྡོ་གཅོད་ཅིང་རྒྱ་ནག་དམར་ཤོག་ཚོགས་པས་མཆོག་མཆན་ཐོབ་པའི་གོ་སྐབས་ཤིག་ཀྱང་ཡོད་སྲིད། གང་ལྟར་དེས་སྟོང་བསམ་མམ་གསར་བརྗེ་ཆུང་ངུ་ཞིག་འཁྱེར་ཡོང་ངེས་ཡིན།

མ་རྩོམ་གྱི་འབྲེལ་ཐག https://sites.google.com/site/tibetanpoliticalreview/articles/littletibetthethirdway

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 5

  1. གནས་ཚང་། says:
    ལོ་ 12 སྔོན།

    བོད་རིང་ལུགས་ཀྱི་དགོངས་ཚུལ་དངོས་ནི་བོད་ཁུལ་རང་ཐག་རང་གཅོད་རེད། རྩོམ་ཡིག་འདིའི་བརྗོད་བྱ་མག་མོག་རེད་ལ། གཅིག་བྱས་ན་བཙན་བྱོལ་བའི་ཆག་སྒོའང་ཡིན་སྲིད། དེ་ནི་ཕ་ཡུལ་དྲན་པར་བྱེད་པའི་བསྐུལ་འདེད་ཡིན་པས། མི་འོས་པ་མི་འདུག

    Reply
  2. ལྗང་གཞོན། says:
    ལོ་ 12 སྔོན།

    འགྱུར་འདི་ཀློག་སྐབས་དོན་གནད་མང་པོ་ཞིག་མག་མོག་དང་ཁ་གསལ་ཞིག་བྱུང་མ་སོང་། སྒྱུར་མཁན་ལ་སྐྱོན་བརྗོད་བྱེད་ཀྱི་མེད་ལ་བྱེད་འོས་པ་ཞིག་ཀྱང་མ་རེད། གང་ལྟར་དཀའ་ལས་བརྒྱབ་སྟེ་བོད་ཡིག་ཀློག་པ་པོ་ཚོར་སྤྱན་འབུལ་གནང་པར་ཐུགས་རྗེ་ཆེ་ཞུ། རྗེས་ཕྱོགས་མུ་མཐུད་འབད་བརྩོན་དང་ཡར་ཐོན་ལ་ཐུགས་སྣང་ཡོང་བའི་རེ་སྐུལ་ཞུ།
    གཞན་དབྱིན་ཡིག་ཤེས་མཁན་ཚོས་མ་ཡིག་ལ་ལྟོས་དང་། དངོས་གནས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་ལ། བྲོ་བ་ཡང་དམིགས་བསམ་འབྱུང་ཐུབ།

    Reply
  3. thapkegyatso says:
    ལོ་ 12 སྔོན།

    མི་ལ་རང་བཙན་ཟེར་བས་ཀྱང་རང་གི་བསམ་བློ་དང་མི་མཐུན་པའི་བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་ཆེ་བའི་མི་སྣ་ཐམས་ཅད་ལ་ཟུར་ཟ་དང་སྨ་འབེབས་བྱས་ཤིང་། དེ་དག་གི་བྱས་རྗེས་ཟུར་ཙམ་ཡང་གླེང་མེད་པ་དང་། ཡང་རང་ཉིད་ཀྱིས་ཆེས་ཆེ་བར་སྨྲ་བ་ནི་ཀརྨ་ཆོས་འཕེལ་དང་ཚེ་རིང་འོད་ཟེར་(ད་དུང་རྒྱལ་ལོ་དང་རྒྱ་རིའང་བློས་མཆིན་མེད་པ)ཙམ་ཞིག་ཡིན་པས་ཁ་གདངས་ན་ཁོག་རིག་པའི་ཚད་ཅིག་རེད། དེ་ལྟ་ནའང་རང་རང་གི་བསམ་ཚུལ་སྨྲ་བ་ལ་བཀག་འགོག་ཅི་ཡང་མེད་དེ། ཁྱོད་ཀྱིས་དཀྲུགས་ཤིང་གི་ཆེད་དུ་དོན་མེད་གཏམ་རིང་ཞིག་ག་ལ་བདོ་སྙམ་མོ།།
    ཡིན་ཡང་ལྷ་མོ་སྐྱབས་ཟེར་བས་ཡིག་ནོར་གྱི་རི་རབ་བརྩེགས་འདུག་པས། རང་ཉིད་ལ་བོད་ཡིག་གི་རྨང་གཞི་བརྟན་པོ་མེད་པར་ཡིག་སྒྱུར་གྱི་ཁུར་འཁྱེར་བ་ནི་བྱི་བས་གླང་ཆེན་འཁུར་རོ་སྙམ་པའི་སྟོང་བསམ་རེད་ལོ།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 12 སྔོན།

    གོང་གི་རྩོམ་ཡིག་འདིའི་ནང་ཡིག་ནོར་བྱུང་རིགས་ལ་ཁོ་བོས་བཅོས་ཁུལ་བྱས་པ་ཡིན།
    ནོར་བཅོས། རྒྱ་རྒྱ་ནག་་་་་་རྒྱ་ནག། སྟོབས་ཤིག་་་་་་་སྟོབས་ཤུགས། སྙེག་པ་་་་་་་་་སྙེགས་པ། བཏང་འཛིན་་་་་་སྟངས་འཛིན། རྒྱ་མིའི་རྫུན་བཟོའི་་་་་་རྒྱ་མིས་རྫུན་བཟོའི། གོམ་འདྲིས་་་་་་གོམས་འདྲིས། ལྷན་ཏུ་་་་་ལྷན་དུ། གོང་ཐོ་བའི་་་་་་་་གོང་མཐོ་བའི། ༦༠༠ གིས་ཟིན་་་་་་ཡིས་ཟིན། སྟོང་བ་་་་་་་་་་སྟོང་པ། ཁུར་བོ་་་་་་་་་་ཁུར་པོ། སླེབ་པའི་་་་་་སླེབས་པའི། མཚུངས་བའི་་་་་་་་་་་མཚུངས་པའི། བྱས་ཆོག་་་་་་བྱེད་ཆོག མགོ་ཁྲིད་་་་་་་་་་འགོ་ཁྲིད། དགྱ་ནག་་་་་་་་་་རྒྱ་ནག གོ་སྐབས་ཞིག་་་་་གོ་སྐབས་ཤིག། སྤྱི་མཐུས་་་་་་་་སྤྱི་འཐུས། འོས་བའི་་་་་་་་་་་་འོས་པའི། སྤྱི་མཐུས་ཀརྨ་ཡི་ཤེས་་་་་སྤྱི་འཐུས་ཀརྨ་ཡེ་ཤེས། སྤྱི་མཐུས་བློ་བཟང་ཡི་ཤེས་་་་་་སྤྱི་འཐུས་བློ་བཟང་ཡེ་ཤེས། བཟོ་ཞིང་་་་་་བཟོས་ཤིང་། ལས་སླ་བོས་་་་་ལས་སླ་པོས། སྐམ་ཐེར་་་་་་་་་་སྐམ་ཐལ། ཆབ་སྲིད་ཀྱིས་ཐོབ་སྐལ་་་་་ཆབ་སྲིད་ཀྱི་ཐོབ་སྐལ། མཉམ་རྒུད་་་་་་་་་ཉམས་རྒུད། སྲིང་བར་བྱས་་་་བསྲིངས་བར་བྱས། འགྲོ་པ་མ་རེད་་་འགྲོ་བ་མ་རེད། མཆོག་མཆན་་་་་་་ཆོག་མཆན། བདེ་བོ་ཞིག་་་་་བདེ་པོ་ཞིག ལས་སླ་བོས་་་་ལས་སླ་པོས། མཆོག་མཆན་་་་་ཆོག་མཆན། སྦུགས་ལམ་་་་་་་་་་་་སྦུག་ལམ། ཞེས་སོགས་དེ་དག་ནི་རྩོམ་ཡིག་དེ་འདོན་ཐེངས་གཅིག་གིས་མཐོང་བའི་ཡིག་ནོར་རེད།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    བོད་ཆུང་ངུ། ད་ལྟའི་བོད་རང་སྐྱོང་ལྗོངས་ལ་ཟེར་བ་ཡིན་ནམ། འདི་ཉིད་ལ་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་ན་ཡང་བོད་ཀྱི་རྗེས་རབས་པ་ཞིག་ཡོད་པར་གྱུར་བས་མེད་པ་ལས་བཟང་ངོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese