མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོར་གདན་ལ་འབར་རྫས་འཇོག་མཁན་ཧ་གོ

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་དྲག་སྤྱོད་པ་ཞིག་འཛིན་བཟུང་བྱས་ཏེ་ད་ལོའི་ཕྱི་ཟླ་ ༧ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་འབར་རྫས་འཇོག་མཁན་ངོས་འཛིན་ཐུབ་ཡོད་འདུག  

དེ་རིང་རྒྱ་གར་དུས་བབ་སྟེང་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་གར་གསང་བའི་ལས་ཁུངས་ཀྱིས་ཟླ་འདིའི་ཚེས་ ༤ ཉིན་ཇར་ཁང་ཌི་( Jharkhand )མངའ་སྡེའི་རྒྱལ་ས་རན་ཅི་ནང་རྟེན་གཞི་བྱས་པའི་མགྲོན་ཁང་ཞིག་ལ་འཇབ་རྒོལ་བྱས་ཏེ། དྲག་སྤྱོད་པ་མོ་ཇིབ་(Mujib)ཟེར་བ་འཛིན་བཟུང་བྱས་པ་བརྒྱུད་འབར་རྫས་ ༢༧ དང་། འཆར་འགོད་དཔེ་རིས་སོགས་རྙེད་སོན་བྱུང་ཡོད་འདུག་ལ། དེ་དག་ནི་ད་ལོའི་ཕྱི་ཟླ་ ༧ ཚེས་ ༧  ཉིན་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཉེ་ཁོར་དུ་འབར་གས་དོན་རྐྱེན་བྱུང་བ་དང་། ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་རྒྱ་གར་བྷེ་ཧར་མངའ་སྡེའི་རྒྱལ་ས་པ་ཊི་ན་(patna)ནང་འབར་གས་དོན་རྐྱེན་བྱུང་བ་ཁག་དང་འབྲེལ་བ་ཡོད་པ་གསལ་རྟོགས་ཐུབ་འདུག   

རེས་གཟའ་ཟླ་བའི་ཉིན་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་རྙེད་སོན་བྱུང་བའི་དཔེ་རིས་ཡིག་ཆ་ཁག་གི་ནང་གསལ་བ་ལྟར་ན། གྲོང་ཁྱེར་པ་ཊི་ནའི་འབར་གས་དོན་རྐྱེན་དེ་ནི་རྒྱ་གར་གྱི་འཇིགས་སྐུལ་དྲག་སྤྱོད་པ་ཏེ་སིན་ཨག་དྷར་(Tehsin Akhtar)དང་ཧ་དྷར་ཨ་ལི་(Haidar Ali) གཉིས་ཡིན་ཞིང་། གཞན། རྡོར་གདན་ཐའེ་ལན་ཌིའི་དགོན་པའི་ཉེ་འགྲམ་དུ་འབར་རྫས་འཇོག་མཁན་དེ་ནི་ཨཱན་སར་རིས་(Imtiaz Ansari )ཡིན་པ་དང་། ༧རྒྱལ་བ་ཀརྨ་པའི་གཏེར་སྒར་དགོན་པའི་སྒོ་འགྲམ་དུ་འབར་རྫས་འཇོག་མཁན་ནི། ཟླ་སྔོན་མར་པ་ཊི་ན་གྲོང་ཁྱེར་མེ་འཁོར་འབབ་ཚུགས་ཀྱིི་འབར་གས་དོན་རྐྱེན་འོག་རང་སྲོག་ཤོར་བའི་འཇིགས་སྐུལ་རིང་ལུགས་པ་ཏ་རེ་ཁེའུ་ (Ainul alias Tarique)སོགས་ཡིན་འདུག

པ་ཊི་ནའི་མེ་འཁོར་འབབ་ཚུགས་ཀྱི་འབར་གས་དོན་རྐྱེན་འོག་འཛིན་བཟུང་བྱས་པའི་དྲག་སྤྱོད་པ་ཨན་སར་རིས་ཀྱིས་བརྗོད་པ་ལྟར་ན། རྡོར་གདན་གྱི་འབར་གས་དེ་དག་ནི་འཇིགས་སྐུལ་པ་ཏེ་སན་གྱིས་བཀོལ་བྱུས་ཡིན་པ་ལས་ཁོ་རང་ལ་འབྲེལ་བ་མེད་ཚུལ་བརྗོད་འདུག ཐེངས་འདིར་འཛིན་བཟུང་བྱས་པའི་དྲག་སྤྱོད་པ་མོ་ཇིབ་ནི་རྡོ་རྗེ་གདན་དུ་འབར་རྫས་འཇོག་མཁན་དང་། དེ་མིན་རྒྱ་གར་ནང་འབར་གས་དོན་རྐྱེན་འདྲ་མིན་བྱུང་བ་ཁག་ལ་འབྲེལ་བ་ཡོད་པའི་བྱེད་གཏེ་གཙོ་བོ་ཞིག་ཀྱང་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese