མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་རྒྱལ་ཁབ་ལྔའི་ནང་བོད་དོན་ཞུ་གཏུག

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུ་ཁྲིད་པའི་ཞུ་གཏུག་ཚོགས་ཆུང་སྦེལ་ཇེམ་དང་ཧྥ་རན་སི། ཧོ་ལན་ཌི། འཇར་མན། དབྱིན་ཡུལ་བཅས་རྒྱལ་ཁབ་ཁག་ལྔའི་ནང་ཕྱོགས་སྐྱོད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། སྤྱི་འཐུས་ཐུབ་བསྟན་དབང་ཆེན། སྤྱི་འཐུས་སྨན་པ་མཁྱེན་རབ་བཅས་ལས་གྲུབ་པའི་ཞུ་གཏུག་ཚོགས་ཆུང་། ཡུ་རོབ་ཀྱི་རྒྱལ་ཁབ་སྦེལ་ཇེམ་དང་ཧྥ་རན་སི། ཧོ་ལན་ཌི། འཇར་མན། དབྱིན་ཡུལ་བཅས་རྒྱལ་ཁབ་ཁག་ལྔའི་ནང་སྐུ་ཚབ་དོན་གཅོད་ཁག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་དང་མཐུན་འགྱུར་འོག་ཕྱོགས་བསྐྱོད་གནང་གི་ཡོད་པ་དང་།  སྦེལ་ཇེམ་དུ་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་སྤྱི་འཐུས་རྣམ་པས་སྦེལ་ཇེམ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་མཉམ་དུ་བོད་ནང་གི་ཛ་དྲག་གནས་སྟངས་དང་མ་འོངས་ལས་དོན་སྤེལ་ཕྱོགས་ཐོག་གོ་བསྡུར་གནང་ཡོད་པ་མ་ཟད། སྦེལ་ཇེམ་སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་བཅས་ཚོགས་སྡེ་ཁག་གི་རྒྱུན་ལས་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་གནང་བ་དང་། སྐབས་དེར་སྤྱི་འཐུས་རེ་རེས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་དོན་སྙིང་བསྡུས། ཆོས་དང་རིག་གཞུང་སྲུང་སྐྱོབ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས། ས་གནས་སུ་མི་མང་གིས་ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་བཅས་གནང་ཡོད་འདུག  

ཚེས་ ༤ དང་ ༥ བཅས་ཉིན་གཉིས་རིང་ཡུ་རོབ་སྤྱི་མཐུན་གྱི་ཡུ་རོབ་ས་གནས་ལྷན་ཚོགས་ལས་ཁུངས་ཀྱི་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་སྐུ་ཞབས་བྷེར་ནེ་སི་ལེ་ (Branislav Stanicek)  ལགས་ཀྱིས། ལྷན་ཚོགས་ཁང་དུ་སྣེ་ལེན་གནང་སྟེ་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁུལ་ལྷན་ཚོགས་ (EU Comminitee of Regions) ཞེས་པའི་ངོ་བོ་དང་ལས་དོན་ངོ་སྤྲོད་གནང་ཡོད་པ་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མིའི་རྩ་དོན་སྒྲུབ་ཕྱོགས་དང་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད། ཞུག་གཏུག་ཡིག་ཆ་འབུལ་ལམ་ཞུས་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ལྷན་དུ་བོད་ནང་ཛ་དྲག་གི་གནས་བབ་ཐོག་བཞུགས་མོལ་ཚོགས་འདུ་དང་། ཡུ་རོབ་སྤྱི་མཐུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མི་ ༤ དང་མཉམ་དུ་བོད་ནང་གི་ཛ་དྲག་གནས་སྟངས་དང་། ལྷན་ཚོགས་ཀྱིས་མ་འོངས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་ཐོག་གོ་བསྡུར། ཡུ་རོབ་སྤྱི་མཐུན་ཕྱི་སྲིད་ལས་ཁུངས་ (European External Action Service) ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཨེ་ཤ་ཡའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ས་བྷ་ཐིལ་མཆོག་དང་། ཁོང་གི་ལས་རོགས་ལྕམ་སྐུ་མེན་ཌ་ལ་དང་མཉམ་དུ་འདས་པའི་གནས་ཚུལ་ལ་བསྐྱར་ཞིབ་དང་། མ་འོངས་བོད་དོན་གླེང་ཕྱོགས་སྐོར་གོ་བསྡུར། སྦེལ་ཇེམ་དབུས་དང་ས་གནས་གྲོས་ཚོགས་ཀྱི་འབྲེལ་ཡོད་ཆེས་མཐོའི་མི་སྣ་དང་ལྷན་དུ་བོད་དོན་ཞུ་གཏུགས་དང་། མ་འོངས་བོད་དོན་ཐོག་ལས་དོན་སྤེལ་ཕྱོགས་ཐད་ཐོག་གོ་བསྡུར་གནང་ཡོད་འདུག  

ཚེས་ ༧ ཉིན་ནས་བཟུང་ཞུ་གཏུག་ཚོགས་ཆུང་གིས་ཧྥ་རན་སི་དང་ཧོ་ལན་ཌི། འཇར་མན། དབྱིན་ཡུལ་བཅས་སུ་ཕྱོགས་སྐྱོད་ཀྱིས་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་འཆར་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 5

  1. སྙིང་རྩ་སྤར་འཛིན། says:
    ལོ་ 13 སྔོན།

    མཆན་འདོགས་མཁན་ཚོས་བོད་ཡིག་འདི་ཙམ་ལས་མི་ཤེས་ནའང་མིའི་ངན་བཤད་པར་དཀའ་ངལ་ལ་མི་འཛེམ་པ་ཡ་མཚན་རེད། ང་ཡིན་ན་བོད་ཡིག་འདི་ཙམ་ལས་མི་ཤེས་ཚེ་མིའི་ངན་བཤད་རྒྱུར་བྲེལ་བ་ལས་རང་གི་ཆུ་ཚད་ཇེ་མཐོར་གཏོང་བར་འབད་ས་རེད། སྐད་ཆ་དྲང་མོར་བཤད་པ་ཡིན།

    Reply
  2. མི་རྒོད། says:
    ལོ་ 13 སྔོན།

    ཧ་ཧ་ཧ་རེད་ད་གཅིག་ལུས་སྲོག་བློས་གཏང་གིས་ཟས་བཅད་དུ་བཞུགས་ཡོད། འགའ་རེ་ཁྱུ་བསྒྲིགས་ནས་བོད་དོན་ཞེས་བསྐྱོད་པ་ད་ཡོ་རོབ་ཏུ་དྲི་ངད་ཆེ་རོགས་མིན་འགྲོ། འདབ་ཤོག་གཉིས་ལྡན་རྒྱ་ལ་ཁ་གཏད་བྱེད་དགོས་པ་རེད། དེང་སྐབས་རྒྱ་ཡི་ཡང་དབྱིན་སྐད་ཚད་མཐོའི་མི་ལོག་བཤད་དུ་བེད་སྤྱད་པ་མ་ཟད་དབྱིན་སྐད་ལྡན་པའི་བརྙན་འཕྲིན་ཡོད་པ་སོགས་སེམས་ནང་འཇོག་དགོས་པ་ཧ་ཅང་གལ་་་་་་་་་

    Reply
  3. བསྟན་ཆོས། says:
    ལོ་ 13 སྔོན།

    ཟླ་གཞིན་ལགས། སྤྱི་འཐུས་ལ་སྡོད་པ་གང་དྲན་མ་རེད། རང་ལ་འོས་ཐོབ་ན་ཡིན་ད་ཡི་།
    ཚེ་མགོན་ལོ་ལོ་ཁ་ཁ་སྡོད། རྒྱའི་དཔོན་རིགས་ཚོས་རྒྱ་སྐད་ཁོ་ལས་ཅི་ཡང་ཤེས་ཀྱི་མི་འདུག་པས། ང་ཚོའི་སྦོམ་ཤོད་ཡོད་པ་མ་རེད།

    Reply
  4. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 13 སྔོན།

    ཁ་སང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཙོས་པའི་ཡུ་རོབ་མཉམ་འབྲེལ་དུ་བོད་དོན་ཞུ་གཏུགས་སྐྱོད་མཁན་འདི་ལ་མཚོན་ན། འགའ་ཞིག་ནི་དབྱིན་སྐད་ཟ་སྐད་དང་འཐུང་སྐད་ཤེས་ཙམ་དང་། འགའ་ཞིག་ནི་སུམ་རྟགས་སྐོར་སླར་བསྡུ་ལྷག་བཅས་ཀྱི་ཕྲད་ངོས་ཟིན་ཙམ་དང་། འགའ་ཞིག་ནི་རྒྱལ་བ་རིན་པོ་ཆེའི་དགོངས་རེད་ཅེས་ནས་ཁའི་ནང་འདོན་ཙམ་དང་། འགའ་ཞིག་ནི་དེ་ལས་ཀྱང་དབུས་སྐད་གཙང་མ་ཞིག་མ་གཏོགས་མི་ཚེའི་ནང་ནས་སྐད་རིགས་གཞན་གཅིག་ཀྱང་མི་རྒྱག་མདོག་བྱེད་མཁན་བཅས་རེད། དེ་བས་མི་སྣ་འདི་དག་ནི་ཆབ་སྲིད་ཀྱི་གོ་རྟོགས་དམན་པ། འཇིག་རྟེན་གྱི་ཁྲིམས་ལུགས་དོར་བ། རྒྱལ་སྤྱིའི་འགྲོ་སྟངས་མི་ཤེས་མཁན་ཤ་སྟག་འདུག་ཅིང་། སྐད་ཆ་གང་ཞིག་བཤད་ནའང་། ན་ནིང་དེ་ད་ལོར་སྐྱར་ཟློས་དང་ད་ལོ་སྟེ་སང་ལོར་ཡང་ཟློས་བྱེད་མཁན་རྐྱང་རེད། འདི་དང་འདི་ལྟ་བུའི་མི་སྣ་རྣམས་ཀྱིས་བོད་དོན་ཞུ་གཏུགས་བྱས་ན། ཕན་གནོད་ཅི་ཡོད། ངས་བལྟས་ན་གནམ་གྲུའི་ཀྲེ་ཀ་འཕྲོ་རླག་སོང་འདུག མ་ཟད་སྲིད་སྐྱོང་བློ་སེང་ཁོ་རང་མི་འགྲོ་བར་གང་ནས་གབ་སྟེ་ཡོད་དམ། གལ་ཏེ་ཁོ་རང་བསྐྱོད་པ་ཡིན་ན་ཁ་ཐུག་གིས་བོད་དོན་ལ་ཕན་མི་ཐོགས་ནའང་། སྐད་ཆ་འདྲ་ཆགས་པོར་བཤད་ཤེས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤེས་སྟབས། མི་གཞན་གྱི་མཐོང་ནའང་ངོ་ཚ་མི་དགོས་པར་ཆགས་རྒྱུ་རེད་ལ། དེ་མིན་ཅི་ཡང་མི་ཤེས་པའི་མི་སྣ་འགའ་ཞིག་གྲོས་ཚོགས་ཆེན་པོའི་ནང་ལ་སོང་བ་དེ་ནི། ལྐོག་རྟགས་སྟོན་སར་མ་གཏོགས་ཅི་ཕན། དེ་བས་ཕྱིན་ཆད་བོད་དོན་དང་འབྲེལ་བའི་གཞུང་སྒེར་སུ་ཞིག་ཕྱིར་བསྐྱོད་ནའང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ལ་སྐད་ཆ་གསར་པ་དང་། ལྟ་སྟངས་གསར་པ། ནུས་པ་གསར་པ་བཟོ་ཐུབ་མཁན་ཞིག་འགྲོ་རོགས་གནང་ཞུ་རྒྱུ་ཡིན་ལ། དེ་མིན་གནམ་ཐང་ནང་ལ་འགྲོ་དུས་སུའང་མགོ་འཐོམས་མཁན་ཞིག་སྤྱི་ཚོགས་ཆེན་པོའི་སྡིངས་ཆའི་ཐོག་ལ་བོད་དོན་བཤད་པར་སྐྱོད་ཚེ། རྒྱ་མིས་བོད་ལ་ཡར་རྒྱས་གཏོང་ཡོད་ཅེས་ན་དཔང་རྟགས་སྟོན་ས་ངོ་མར་ཆགས་རྒྱུར་ཉེན་ཁ་འདུག གང་ཡིན་ཞེ་ན་རྒྱ་ནག་གིས་དེ་སྔོན་བོད་འདི་ཀླ་ཀློ་དང་ཅི་ཡང་མི་ཤེས་པའི་གླེན་ལྐུགས་ཀྱི་གྲལ་དུ་བརྩིས་པ་ལྟར། གནད་ལ་ཁེལ་པའི་གཏམ་ཞིག་བཤད་མི་ཤེས་ཚེ། ཕྱི་རྒྱལ་བ་དེ་ཚོའི་སེམས་ནང་བོད་མི་འདི་ཚོས་སློབ་སྦྱོང་ཡེ་ནས་བྱེད་ཀྱིན་ཡོད་སར་མ་རེད་སྙམ་ནས་བསམ་བློ་འདྲ་མིན་འཁོར་སྲིད་ཅིང་། གང་བཤད་པའི་སྐད་ཆ་དེ་ཚོ་ལའང་ཆགས་འཇོག་དང་ཡིད་རྟོན་མི་བྱེད་པར་གྱུར་ཏེ། ཕྱིན་ཆད་སྐད་ཆ་ལེགས་པོར་བཤད་ཤེས་མཁན་དེ་ཚོ་ཕྱིར་སྐྱོད་བྱས་ཚེ་སྐད་ཆ་ཉན་མཁན་མེད་པར་བཟོ་ཉེན་ཆེ། དེའི་ཕྱིར་བློ་སྦྱོང་ཚད་ལྡན་མེད་པའི་མི་སྣ་ཚོ་ས་གནས་གལ་ཆེན་ཐོག་ལ་བོད་དོན་བཤད་པར་མ་འགྲོ་རོགས་གྱིས།

    Reply
  5. Dawai Shonu says:
    ལོ་ 13 སྔོན།

    སྐྱིད་པོ་གཏོང་དགོས་རེད་དཱ། འཆམ་འཆམ་སྤྲོ་པོ་ཡོང་བའི་རེ་སྨོན་ཡོད། རྗེས་སུ་ང་ཡང་སྤྱི་འཐུས་བྱེད་རྒྱུ་ཡིན། ཨ་རྩིས་དེ་འདྲའི་སྐྱིད་མདོག་ལ་ཨང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese