མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་ཁྲིམས་ཁང་ལ་སོ་རྒྱག་པའི་ནུས་པ་མེད་ཟེར་བ་དེ་སྣང་བ་དག་པའི་སྐད་ཆ་རེད།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཚེས་ ༡༥ ཉིན་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་ནས་སྨན་རྩིས་ཁང་གི་འགན་འཛིན་དང་དྲུང་ཆེ། དམིགས་བསལ་ལས་རིགས་འབྲེལ་མཐུད་པ་གསུམ་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་མེད་པར་བཟོས་པའི་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་སུ་བཅར་འདྲི་བྱས་ཡོད།

དྲི་བ། གསར་འགོད་པས་ཉེ་སྔོན་སྨན་རྩིས་ཁང་གི་འགན་འཛིན་ལ་བཅར་འདྲི་ཞུ་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྙན་ཞུ་ཞིག་འབུལ་རྒྱུ་ཡིན་ཞེས་བརྗོད་བྱུང༌། ཁྲིམས་ཞིབ་ཁང་ལ་སྙན་ཞུ་དེ་འབྱོར་ཡོད་དམ།

ལན། འབྱོར་མ་སོང༌།

དྲི་བ། གལ་སྲིད་སྙན་ཞུ་འབྱོར་ན་ག་འདྲ་བྱེད་ཀྱི་རེད་དམ།

ལན། སྙན་ཞུ་དེའི་ངོ་བོ་ལ་གཞིགས་པའི་ག་འདྲ་བྱེད་དགོས་མིན་ཐག་གཅོད་བྱེད་ཀྱི་རེད། ས་གནས་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཐག་གཅོད་བྱས་པ་ཞིག་ལ་གྱོད་ཡ་སུ་རུང་ནས་མོས་མཐུན་མེད་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གོང་ཞུ་བྱེད་ཆོག་གི་རེད། དེ་མིན་ས་གནས་ཁྲིམས་ཞིབ་ཁང་དུ་གྱོད་ཡའི་མོས་མཐུན་ཆོད་ཡིག་ལ་མིང་རྟགས་མ་བཀོད་པ་དང༌། བརྡ་ཐོ་བརྩི་བཀུར་མ་བྱས་པའི་སྐོར་ལ་ཐག་གཅོད་གནང་བ་ཞིག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྙན་ཞུ་འབུལ་རྒྱུའི་ལམ་ཁ་ཞིག་ཡོད་པ་མ་རེད།

དྲི་བ། སྨན་རྩིས་ཁང་གི་འགན་འཁྲི་ལས་བྱེད་གསུམ་ལ་ཆད་པ་ཕོག་དོན་གཙོ་བོ་དེ། གྱོད་ཡའི་མོས་མཐུན་ཆོད་ཡིག་དང་རྒྱ་གར་ཁྲིམས་ཁང་ནས་ཁས་བླངས་དམ་བཅའ་ (Affidavit) ཡི་གེ་ཐོག་མིང་རྟགས་མ་བཀོད་པའི་རྐྱེན་གྱིས་ཡིན་པ་འདྲ།

ལན། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ནང་རྒྱུ་མཚན་དེ་ལྟར་བཀོད་འདུག  ཆ་རྐྱེན་དེ་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དགོངས་དོན་རེད། (Affidavit) ཞེས་པ་དེར་ང་ཚོས་ལག་བསྟར་དམ་ཡིག་ཅེས་ཟེར་གྱི་ཡོད། ཡིག་ཆ་དེ་གཉིས་ལ་མིང་རྟགས་འགོད་རྒྱུ་དེ་ཁྲིམས་ཞིབ་ཁང་ལ་ཁ་མཆུ་དེབ་འགོད་ཀྱི་གཞི་རྩའི་ཆ་རྐྱེན་རེད། གྱོང་ཕོག་མཁན་ཟེར་ན་འདྲ། ནད་མི་ཐེག་མཁན་ཞིག་གིས་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱས། རྩོད་ལན་པས་དེ་ལ་ཁ་ཡ་མ་བྱས་ན། ཁྲིམས་ཀྱི་དྲང་བདེན་སྐྱོང་ཐབས་མེད་སྟབས། ཞུ་སྦྱོར་བའི་ཁ་མཆུ་ཞུ་གཏུག་གི་ཐོབ་ཐང་སྲུང་སྐྱོབ་ཆེད། ཁྲིམས་ཡིག་ཏུ་རྩོད་ལན་པས་གྱོད་ཡའི་མོས་མཐུན་ཆོད་ཡིག་ལ་མིང་རྟགས་མ་བཀོད་ན། ཁོ་རང་གི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་བཀག་སྡོམ་གྱི་ཆ་རྐྱེན་བཟོས་ཡོད་པ་རེད།

དྲི་བ། སྨན་རྩིས་ཁང་གི་གསལ་བཤད་ཡིག་ཆའི་ནང༌། ས་གནས་ཁྲིམས་ཞིབ་ཁང་ནས་བརྡ་ཐོ་མ་བཏང་སྔོན་ལ། རྟ་མགྲིན་ཚེ་རིང་ལགས་དང༌། ཁྲིམས་རྩོད་པ་ཚེ་བརྟན་ནོར་བུ་ལགས་གཉིས་རྒྱ་གར་ཁྲིམས་ཁང་ལ་གཏུག་རྒྱུ་ཡིན་པ་ཐག་ཆོད་ཟིན་ཡོད། དེར་བརྟེན། ཁྲིམས་ཐོག་ནས་གོང་མིང་གསུམ་སོ་སོའི་གྱོད་ཡའི་མོས་མཐུན་ཆོད་ཡིག་དང༌། རྒྱ་གར་ཁྲིམས་ཁང་ནས་ཁས་བླངས་དམ་བཅའ་མི་འདྲ་བ་ཁག་གཉིས་རེ་བཟོས་ཏེ་འབུལ་དགོས་ལུགས་ཐད་འབུལ་ཐབས་མེད་ལུགས་ཞུས་ཡོད་ཅེས་པའི་རྒྱུ་མཚན་དེ་དག་ག་འདྲ་ཞིག་ལ་གཟིགས་ཀྱི་ཡོད་དམ།

ལན། སྨན་རྩིས་ཁང་གིས་རྒྱ་གར་ཁྲིམས་ཁང་ལ་གཏུགས་དང་མ་གཏུགས་ཁྲིམས་ཞིབ་ཁང་ལ་འབྲེལ་བ་ཆགས་ཀྱི་མེད། ཐེངས་འདིའི་ནད་མི་ཐེག་མཁན་དེ་ཞུ་སྦྱོར་བ་རྟ་མགྲིན་ཚེ་རིང་རེད། ཞུ་སྦྱོར་བས་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱས་སྟབས། ས་གནས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་དེ་འདྲ་ཞིག་གནང་བ་རེད། སྨན་རྩིས་ཁང་ནས་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཤེས་ཀྱི་ཡོད་ན། གྱོད་ཡའི་མོས་མཐུན་ཆོད་ཡིག་དང༌། ལག་བསྟར་དམ་ཡིག་ལ་མིང་རྟགས་བཀོད་རྗེས། ས་གནས་ཁྲིམས་ཞིབ་ཁང་དེ་རང་ལ་ཁ་མཆུ་ངོས་བཞེས་རྩིས་མེད་སོགས་ཀྱི་ཞུ་སྐུལ་འབུལ་ཆོག་གི་ཡོད།

དྲི་བ། སྨན་རྩིས་ཁང་གི་འགན་འཛིན་གྱིས། ད་རེབ་ཀྱི་འདི་དགེ་རྩའི་ཚོགས་པ་ཞིག་གི་སྤྱི་རྫས་རྐུ་མ་བརྐུས་པའི་རིགས་དེ་ང་ཚོའི་ཁྲིམས་ཁང་གི་གནས་ཚད་བསྡད་ཡོད་པ་མ་རེད་ལ། ཁྲིམས་དེ་འདྲར་སོ་རྒྱག་པའི་ནུས་པ་དེ་མེད་སྟབས། གནས་ཚུལ་འདིའི་རིགས་ང་ཚོའི་ཁྲིམས་ཁང་གི་ལག་བསྟར་བྱ་རྒྱུའི་རིགས་མ་རེད་ཅེས་གསུངས་པའི་སྐོར་ལ་དགོངས་ཚུལ་ག་རེ་ཡོད།

ལན། སྣང་བ་དག་པའི་སྐད་ཆ་རེད། སྐད་ཆ་དེའི་གོ་དོན་ནི་ཁྲིམས་ཁོངས་ཁྱབ་ཚད་ལྡན་དང་མི་ལྡན་གྱི་རྩོད་གླེང་བྱེད་ཀྱི་ཡོད་པ་རེད། ཁྲིམས་ཞིབ་ཁང་ལ་གནས་ཚད་གང་འདྲ་ཞིག་ཡོད་མེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གསལ་པོར་བཀོད་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཚོགས་པ་དང་སྡེ་ཚན་གང་འདྲ་ཞིག་ཡིན་ཡང་ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད་འོག་ཏུ་མེད་པའི་རང་བཙན་པ་ཞིག་གཏན་ནས་མེད། རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཡོད་མེད་ཀྱི་ཐོག་ནས་བཤད་ཀྱི་ཡོད་ན། དབུས་ཀྱི་ལས་ཁུངས་ཁག་དང༌། དགོན་པ་གྲྭ་ཚང༌། གཞིས་ཆགས་ཁག་གི་མཉམ་འབྲེལ། སློབ་གྲྭ་ཁག་སོགས་བཙན་བྱོལ་བོད་མི་ཕལ་མོ་ཆེ་འིཡུལ་ཁྲིམས་སུ་དེབ་སྐྱེལ་བྱས་པའི་ཚོགས་སྡེ་མིང་འདྲ་མིན་སྣ་ཚོགས་ཀྱི་འོག་ཏུ་ཡོད་པ་རེད། དེ་ཚོ་ཚང་མས་ཁུངས་སོ་སོས་རྩོད་རྙོག་ཐག་གཅོད་བྱས་པ་ཞིག་ལ་ཁྲིམས་ཞིབ་ཁང་གིས་ཐེ་བྱུས་བྱེད་ཆོག་གི་མ་རེད་ཅེས་རྩོད་པ་བརྒྱབ་ནས་བསྡད་ན། བོད་མིའི་སྒྲིག་འཛུགས་སྤྱིའི་གནས་སྟངས་ག་འདྲ་ཞིག་ཆགས་ཀྱི་རེད། བསམ་བློ་གཏོང་སྟངས་དེ་རིགས་ཉེན་ཁ་ཆེན་པོ་རེད། གནས་དུས་ཚོད་རྩིས་བྱེད་མཁན་ཡིན་ན་གནས་ཚུལ་ལོགས་ཀ་རེད། བཅའ་ཁྲིམས་བརྩི་གི་མིན་ཟེར་ན་གནས་ཚུལ་ལོགས་ཀ་རེད། དེ་མིན་ཡུལ་ཁྲིམས་ཐོག་དེབ་སྐྱེལ་བྱས་པ་ཙམ་གནམ་ལ་འཕྱར་ནས་རྒྱགས་གཏམ་བཤད་ན་འགྲིག་གི་ཨེ་ཡོད་བསམ་གྱི་འདུག

དྲི་བ། དབུས་སྨན་རྩིས་ཁང་གིས་རྟ་མགྲིན་ཚེ་རིང་རྒྱ་ཁྲིམས་ཁང་ལ་གཏུགས་ན་གནས་ཚུལ་ག་རེ་ཆགས་ཀྱི་རེད། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཉེས་ཆད་དེ་མུ་མཐུད་གནས་ཀྱི་རེད་དམ།

ལན། དེ་སྨན་རྩིས་ཁང་དང་རྟ་མགྲིན་ཚེ་རིང་དབར་ཡུལ་ཁྲིམས་ཀྱི་ཁ་མཆུ་ཞིག་ཆགས་ཀྱི་རེད། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དེ་སྨན་རྩིས་ཁང་གི་འགན་འཁྲི་ལས་བྱེད་གསུམ་ནས་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་ལ་སྔར་བཤགས་ཕྱིས་སྡོམ་མ་བྱས་བར་དུ་གནས་ཀྱི་རེད།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 5

  1. བདེན་གྲོགས། says:
    ལོ་ 12 སྔོན།

    ཁྲིམས་དྲུང་ལགས་ཀྱིས་ཡོ་གསང་མེད་པར་ལན་འདེབས་གསལ་པོ་གནང་བ་དང་། གསར་འགོད་པས་ཀྱང་གནས་ཚུལ་འདིའི་ཐད་སྒོ་གང་ས་ནས་དབྱེ་ཞིབ་གནང་བར་ཐགས་རྗེ་ཆེ་ཞུ་རྒྱུ་ཡིན། དངོས་ནས་བྱས་ན། ང་ཚོས་གཏིང་རིང་པོར་འཛུལ་མ་དགོས་པར་དབུས་སྨན་རྩིས་ཁང་འགན་འཛིན་ཁོང་རང་གིས་ཁ་སྔོན་ ༼གནས་ཚུལ་འདིའི་རིགས་ང་ཚོའི་ཁྲིམས་ཁང་གི་ལག་བསྟར་བྱ་རྒྱུའི་རིགས་མ་རེད།༽ ཅེས་པའི་འགོ་བྱང་འོག་གསར་འགོད་པར་ལས་འདེབས་གནང་བའི་ཡིག་ཕྲེང་གཉིས་པ་༼དབུས་སྨན་རྩིས་ཁང་གིས་རྟ་མགྲིན་ཚེ་རིང་ལ་ཁེ་ཕན་ཡོད་པའི་དངུལ་གྱི་འདེམས་ཀ་ཞིག་སྤྲོད་རྒྱུ།༽ ཞེས་པ་རང་ནས་སོ་སོའི་ནོངས་སྐྱོན་གྱི་རང་རྟགས་གསལ་པོ་བསྟན་འདུག དེ་འདྲ་མིན་ན་ཕྱོགས་གཅིག་ནས་ངན་པ་ལག་སྦྲེལ་གྱི་ཚབས་ཆེའི་ཉེས་འཛུགས་བྱེད་ཀྱིན་ལ་ཕྱོགས་གཞན་ཞིག་ནས་ཉེས་མིང་བཙུགས་ཡུལ་གང་ཟག་རང་ལ་དངུལ་གྱི་ཁེ་ཕན་སྤྲད་ནས་འགྲིག་འཇགས་བྱེད་ཀྱི་ཡིན་མདོག་བཤད་པ་ནི་ག་ནས་བལྟས་ཀྱང་སྣང་བར་མི་གཤོང་བ་རང་རེད། མ་གཞི་ནས་ལན་འདེབས་དེའི་ནང་གསལ་བཤད་ཡིན་པའི་བཟོ་འདྲ། ཡང་ང་ཚོའི་ཁྲིམས་ཁང་ལ་དབང་ཚད་མེད་པས་རྒྱ་གར་ཁྲིམས་ཁང་ལ་གཏུགས་རྒྱུའི་སྡིགས་ར་ཡིན་པའི་བཟོ་འདྲ་ནང་དོན་སྔ་ཕྱི་འགལ་བ་མང་པོ་འདུག

    ཡིན་ནའི་གནད་འགག་ཅན་གྱི་གནས་དོན་ཁ་ཤས་འདུག་པ་དེ་ཡང་། ༼སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཀྱི་བརྡ་ཐོ་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༤ ཉིན་སྨན་རྩིས་ཁང་དུ་འབྱོར་བར་བརྟེན། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༧ ཉིན་སྨན་རྩིས་ཁང་གི་འགན་འཛིན་གྱིས་བཀའ་འབྲེལ་བཞིན་རྟ་མགྲིན་ཚེ་རིང་ལགས་སྨན་རྩིས་ཁང་ནས་གནས་དབྱུང་བཏང་།༽ ཞེས་དབུས་སྨན་རྩིས་ཁང་འགན་འཛིན་གྱིས་གསུངས་འདུག་པར། ངས་ཤེས་ཚོད་བྱས་ན་རྒྱ་གར་གྱི་ཁྲིམས་སམ་ཕྱི་རྒྱལ་གྱི་ཁྲིམས། ལྷག་དོན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སམ་ཁྲིམས་སྒྲིགས་གང་དུའང་ལས་བྱེད་ཅིག་གིས་གཞུང་སྒེར་སྒྲིག་འཛུགས་སམ་འགོ་འཛིན་ཁྲིམས་ལ་སྦྱར་ན་ལས་བྱེད་དེ་ལས་ཀ་ནས་ཕྱིར་བུད་བྱེད་ཆོག་པའི་ཁྲིམས་གང་ནའང་མི་འདུག དེ་འདྲ་ཡིན་ན་དམར་པོའི་གཞུང་གི་ཁྲིམས་དང་ང་ཚོའི་ཁྲིམས་ལ་ཁྱད་པར་གང་ཡང་མེད། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་ཐོག་མར་འཛུགས་སྐབས་༸གོང་ས་མཆོག་གིས། མི་མང་ཉམ་ཐག་མགོན་མེད་དཔུང་མེད་རྣམས་དཀའ་ངལ་ཞུ་ས་ཡོད་པ་ཞིག་དང་། དཔེ་ན་ས་གནས་འགོ་འཛིན་ཞིག་གིས་མ་དྲང་བ་བྱུང་བའི་སྐབས་ཁྲིམས་ལ་ཞུ་ས་ཡོད་བསམ་པའི་གདེང་ཚོད་ཅིག་བསྐྲུན་ཆེད་ཁྲིམས་ཁང་བཙུགས་པའི་དགོས་པ་དེ་རེད་ཅེས་བཀའ་སློབ་ཕེབས་པ་གོ་མྱོང་ཡོད། ད་ཆ་སྨན་རྩིས་ཁང་ལྟ་བུའི་གཞུང་གི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་བརྡ་ཐོར་མི་བརྩི་བ་ཙམ་མ་ཟད། ཁྲིམས་ཁང་ནས་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་མེད་པའི་ཐག་གཅོད་བཀའ་ཁྱབ་བཏང་ཟིན་ཡང་ད་དུང་གནས་ཚུལ་འདི་རིགས་ང་ཚོའི་ཁྲིམས་ཁང་གི་གནས་ཚད་བསྡད་ཡོད་མ་རེད་ཅེས་རྩིས་མེད་ཀྱིས་མུ་མཐུད་བཙན་བྱོལ་སྒྲིག་འཛུགས་ཀྱི་གོ་གནས་བཟུང་ནས་གནས་པ་ལྟ་བུ་ནི་ང་ཚོའི་ཁྲིམས་ཁང་ལ་འཕྲད་པའི་དཀའ་ངལ་གྱི་ཨི་ཁུང་ཆེ་ཤོས་དེ་རེད། ང་ཚོར་པུ་ལི་སི་དང་བཙོན་ཁང་སོགས་མེད་དུས་གནད་ཡོད་མི་སྣས་ཀྱང་སྣང་མེད་གཏོང་གི་ཡོད། མང་གཙོའི་གཞུང་གང་ཞིག་ལ་མང་ཚོགས་ཀྱི་ངོ་ཚབ་ཡིན་པའི་སྤྱི་འཐུས་ལྷན་ཁང་གིས་ཁྲིམས་བཟོས། འཛིན་སྐྱོང་གིས་ཁྲིམས་དེ་དག་སྟངས་འཛིན་བྱེད། ཁྲིམས་དེ་དག་འགལ་འཛོལ་བྱུང་སྐབས་ཁྲིམས་ཁང་གིས་བཙོན་ཁང་སོགས་ཀྱི་ཉེས་ཆད་ Legislative makes the law, executive implements the law and judiciary interprets the law གཏོང་གི་ཡོད། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ལྟ་བུར་མཚོན་ན་འདི་འདྲའི་གནས་སྟངས་འོག་ཚུར་ལོག་ས་དེ་སྤྱི་འཐུས་ཁྲིམས་བཟོ་ལྷན་ཚོགས་དང་འཛིན་སྐྱོང་བཀའ་ཤག་གི་ཐོག་ལ་ལོག་དགོས་རེད་དྲན། སྤྱི་འཐུས་གཅིག་གི་གསར་འགྱུར་འདིའི་ཐོག་ལ་ཐུགས་སྣང་གིས་མཆན་བཏབ་འདུག ད་དུང་གནས་ཚུལ་འདི་རིགས་གྲོས་ཚོགས་ནང་གླེང་མོལ་གྱིས་ཁྲིམས་གྱི་མདུན་སར་འདྲ་མཉམ་ཞེས་པ་དོན་ལ་གནས་པ་ཞིག་བཟོ་རྒྱུ་གལ་ཆེ།

    ད་རེས་ཀྱི་གནས་ཚུལ་འདི་ནས་ཐག་ཆོད་པ་ཅིག་དང་། ཚོད་དཔག་བྱེད་ཆོག་པ་གཅིག་འདུག ཐག་ཆོད་པ་དེ་སྤོས་བཟོའི་འགན་འཛིན་འདི་ལས་བྱེད་སྙོམ་ཆུང་རྒྱབ་བཏགས་གང་ཡང་མེད་པ་ཞིག་ཡིན་པ་ཐག་ཆོད་པ་རེད། དེ་མིན་ཉེ་ཆར་ས་ལུ་ག་ར་སྨན་རྩིས་ཁང་ལས་བྱེད་ཅིག་གིས་སྒོར་འབུམ་གསུམ་དངོས་སུ་འཁྱེར་ནས་བྲོས་པ་ས་ཁྱབ་རྡོ་ཁྱབ་ཡོང་གྲགས་ཀྱིས་རྗེས་སུ་ལོག་ཡོང་སྐབས་ལས་ཀ་རང་འཇགས་བཙུགས་པ་མ་ཟད་ཉེས་པ་འདི་ཡིན་ཞེས་གསལ་ཁ་མེད་པ་ནི་དངོས་གནས་ཡ་མཚར་སྐྱོ་དགོས་པ་རང་རེད། ཚོད་དཔག་བྱེད་ཆོག་པ་གང་རེད་ཅེ་ན། དབུས་སྨན་རྩིས་ཁང་འགན་འཛིན་ཨ་རི་ནས་ཕེབས་པ་དང་ནང་མི་ཨ་རིར་ཡོད་པས་ཕལ་ཆེར་ཨ་རིའི་མི་སེར་ཡོད་སྟབས་བཙན་བྱོལ་བོད་མིའི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པས་ཁྱད་པར་མི་བཟོ་སྙམ་སྟེ་ཡ་ལན་མ་བྱས་པ་དང་། མི་གཞན་དེ་གཉིས་བོད་མིའི་གཞི་རིམ་ཐོབ་ཐང་འཕྲོག་པར་བློ་མི་བདེ་བ་ཡོད་སྲིད་ཀྱང་འགན་འཛིན་གྱི་དབང་ཤུགས་འོག་ནས་ཅང་སྨྲ་མི་ཕོད། ད་དཔེ་རེད། མི་ཆེན་པོ་ཇི་ཙམ་ཡིན་རུང་རང་གི་ང་རྒྱལ་ཁེངས་དྲེགས་བློས་བཏང་སྟེ་སྔ་བྱས་ནོར་འཁྲུལ་ཁས་ལེན་གྱིས་ནོར་བཅོས་བྱེད་ན་མི་དེ་ཆེ་རུ་སོང་བ་ལས་ཆུང་དུ་མི་འགྲོའོ། །

    Reply
  2. ཕུན་ཚོགས། says:
    ལོ་ 12 སྔོན།

    ཁྲིམས་དཔོན་ཞིག་གི་གདེང་སྤོབས་འདུག འདི་ལྟར་ཕྱིན་པ་ཡིན་ན་བཙན་བྱོལ་བོད་མི་ཚོ་དང་ལྷག་པར་དུ་ལས་ཀྱི་སྣེ་མོར་གཏོག་མཁན་ཚོར་ཡིད་ཆེས་དང་རེ་བ་བརྒྱབ་ཆོག་པ་ཅིག་རེད། དེ་མ་གཏོགས་བཙན་བྱོལ་བོད་གཞུང་གི་བཀའ་བློན་དང་ལྷག་པར་དུ་དྲུང་ཆེ་དེ་ཚོས་ཡག་ཡག་འགྲིག་འགྲིག ཕོག་ཐུག་རིགས་མི་འགྲོ་བ་རྐྱང་རྐྱང་བཤད་བསྡད་དེ་བོད་དོན་རླུང་ལ་བསྐུར་ཚར་ཡོད་པ་རེད། བོད་པའི་གསར་འགོད་པ་དེ་ཚོས་བོད་གཞུང་གི་འབྲེལ་ཡོད་ལས་བྱེད་ཅིག་ལ་གནས་ཚུལ་གང་རུང་ཞིག་གི་ཐད་དུ་སྐད་ཆ་དྲིས་པ་ཡིན་ན་སོ་སོས་ཡག་པོ་བྱས་རབས་དང་དྲང་མོ་ཡིན་མདོག གནས་ཚུལ་གང་དེའི་ཕྱོགས་གཉིས་ཀར་སྐྱོན་མེད་པའམ་ནག་ཉེས་རིགས་འགེབ་ཅི་ཐུབ་བྱས་ཏེ་ད་བར་འགྲོ་བསྡད་པ་རེད།

    Reply
  3. བསམ་འགྲུབ། says:
    ལོ་ 12 སྔོན།

    བོད་མིའི་སྒྲིག་འཛུགས་ནང་རྐུབ་སྟེགས་ཡོད་མཁན་ཚོས་འདི་ལྟར་གསུངས་པ་ཡིན་ན་དེ་ལ་ལྗིད་ཁོག་ཅིག་དང་མང་ཚོགས་ཀྱིས་ཆེ་མཐོང་ཞིག་ཡོང་གི་རེད། དེ་མ་གཏོགས་བོད་མིའི་སྒྲིག་འཛུགས་ནང་གི་བཀའ་བློན་དང་དྲུང་ཆེ་ཚོས་ནམ་རྒྱུན་ཟོག་པོ་དང་འཇམ་པོ་ཕན་ཚུན་གཉིས་ཀར་མི་གནོད་མི་ཕོག་པ་དེ་འདྲ་རྐྱང་རྐྱང་བཤད་དེ་སྤྲེལ་ལད་འཁྲབ་བསྡད་པའི་དབང་གིས་དོན་དག་འཁྱོང་གི་ཡོད་པ་མ་རེད། ཁྲིམས་དྲུང་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གནས་ཚུལ་ག་རེ་ཡིན་པ་ད་ཁ་སངས་པོའི་ཐོག་ནས་བཤད་གནང་བ་ཡག་པོ་རེད། དེ་ནས་སྨན་རྩིས་ཁང་གི་འགན་འཛིན་ལ་མཚོན་ནའང་མ་གཞི་ལས་ཀར་འཇོན་པོ་དང་ཐག་ཆོད་པོ་ཕྱི་གསལ་ནང་གསལ་༧སྐུ་མདུན་ཡིད་བཞིན་ནོར་བུར་བཀའ་གསུང་ཅི་སྒྲུབ་ཞུ་མཁན་ཞིག་ཡིན་པ་ངས་སྔོན་མ་ནས་ཐོས་མྱོང་ཡོད། ཡིན་ནའང་ད་རེས་ས་གནས་ཁྲིམས་ཞིབ་ཁང་གི་བརྡ་ཐོ་སྣང་མེད་བཏང་བ་དང་དབུས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལའང་དམའ་འབེབས་ལྟ་བུ་ཞིག་གསུང་གནང་འདུག་པ་དེ་ཏག་ཏག་བསྡད་ཡོད་པ་མ་རེད། དབང་ཚད་དང་ནུས་པ་ཅི་ཙམ་ཡོད་མེད་ལ་མ་ལྟོས་པར་སོ་སོའི་མིས་མ་བརྩིས་མ་བཀུར་བ་ཡིན་ན་གཞན་ཞིག་གིས་ཐོབ་དབང་སྤྲོད་མཁན་རེག་གི་མ་རེད་ལ་གུས་བརྩི་ཡང་ཡོད་པ་མ་རེད། གནས་ཚུལ་འདི་གསལ་བོ་བཟོས་གནང་བར་ཐུགས་རྗེ་ཆེ་ང་རང་གིས་ཉེ་ལམ་གསར་འགྱུར་འདིའི་ནང་གི་འགན་འཛིན་མཆོག་གི་བཀའ་མོལ་དེ་དག་མཐོང་མ་ཐག་ག་འདྲ་ཡིན་ན་བསམ་སོང་། ཡིན་ནའང་ས་གནས་ཁྲིམས་ཞིབ་ཁང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་། བོད་གཞུང་སྨན་རྩིས་ཁང་ག་རེ་ཡིན་ནའང་ཚོགས་པ་ཟེར་ན་འདྲ་གཞུང་འབྲེལ་ལས་ཁུངས་ཆེན་པོ་མཐོན་པོ་དེ་འདྲ་རེད། གང་ཟག་སྒེར་བ་དང་མི་ཉམས་ཆུང་དེ་འདྲ་ལ་གྱོག་ཕོག་གི་མི་འཇུག་རྒྱུ་ཧ་ཅང་གལ་ཆེན་རེད་ལ། དེ་མང་གཙོའི་ལམ་ལུགས་འོག་གི་སྤྱི་ཚོགས་ནང་ཁྲིམས་ཀྱི་དབང་བསྒྱུར་གལ་ཆེ་ཤོས་ཤིག་ཆགས་ཡོད།

    Reply
  4. མི་རྒོད། says:
    ལོ་ 12 སྔོན།

    འོ་ཡག་པོ་ང་རང་ཚོ་ལ་གོ་ཤེས་དགོས་ལ་ཉན་ཤེས་ཀྱང་དགོས་ཤིང་ང་རྒྱལ་བ་རིན་པོ་མ་གཏོགས་རྩིས་རྒྱག་མི་ཤེས་ལབ་ན་ག་ནས་འགྲིག་ཡིན་ད་འགྲོ་གླེང་མང་ཙམ་་་་་་་

    Reply
  5. ཀརྨ་བསྟན་འཛིན། says:
    ལོ་ 12 སྔོན།

    དྲུང་ཆེ་མཆོག་གིས་དྲིས་ལན་གནད་དུ་འཁེལ་བ་བཏབས་འདུག དངོས་གནས་དྲང་གནས་བྱས་ན་སོ་སོའི་གཞུང་གི་ཁྲིམས་དེ་མི་སུ་འདྲ་ཞིག་ཡིན་རུང་གྱོད་དོན་ག་རེ་ཞིག་ཡིན་ཡང་བརྩི་དགོས་པ་ཆགས་ཡོད་པ་རེད། དེའི་ནང་དུ་སྨན་རྩིས་ཁང་གི་གནས་ཚུལ་ཞིག་མ་ཚུད་པ་དང་དེའི་འོག་འགྲོ་མ་ཆོག་པ་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese