མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་རྒྱབ་རོགས་འོག་གི་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཆབ་སྲིད་ཚོགས་པ་དང་ལྟ་གྲུབ་ལངས་ཕྱོགས་མང་བའི་བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོ་དེ་འཇིགས་དངངས་ངོ་རྒོལ་ཁྲོད་ཁ་སང་གཟའ་ཟླ་བའི་ཉིན་དངོས་སུ་མགོ་འཛུགས་བྱེད་ཐུབ་པ་བྱུང་ཡོད་འདུག  

བལ་ཡུལ་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོ་དེ་ཟླ་འདིའི་ཚེས་ ༡༩ ཉིན་དངོས་སུ་མགོ་ཚུགས་བྱས་ཡོད་ཅིང་། ཐེངས་འདིའི་འོས་བསྡུའི་ཁྲོད་གྲོས་ཚོགས་འཐུས་མི་ ༦༠༡ ཙམ་འོས་འདེམས་བྱ་རྒྱུ་ཡིན་པ་དང་། དེ་དག་ནི་ཆབ་སྲིད་ཚོགས་པ་ ༡༢༥ ཡིས་ས་གནས་ཁག་ནས་འཐུས་མི་ ༢༤༠ འོས་འདེམས་དང༌། དེ་མིན། འཐུས་མི་ ༣༦༡ ཙམ་འོས་ཐོབ་གྲངས་འབོར་མང་ཉུང་ལ་གཞིགས་ཏེ་འདེམས་རྒྱུ་ཡིན་འདུག

བལ་ཡུལ་རྒྱལ་ཡོངས་སུ་མི་འབོར་ས་ཡ་ ༢༩ ལྷག་དང་ཆབ་སྲིད་ཚོགས་པ་འདྲ་མིན་ ༡༣༩ ཙམ་ཡོད་ཅིང་། གདམ་བྱ་འདེམ་བྱེད་ཀྱི་ཐོབ་ཐང་ཡོད་པའི་མི་ས་ཡ་ ༡༦ ཙམ་ཡོད་པ་ལས་ཐེངས་འདིར་དངོས་སུ་དེབ་སྐྱེལ་བྱས་ཡོད་པ་ས་ཡ་ ༡༢ དང་ཕྱེད་བྱུང་ཡོད་འདུག དེ་དག་ཁྲོད་བརྒྱ་ཆ་ ༥༠ ཙམ་གཞོན་སྐྱེས་ལོ་ ༡༦ ནས་ ༤༠ བར་ཆགས་ཡོད་པ་དང་། ལོ་ ༡༨ ནས་ ༢༥ ཡིས་བརྒྱ་ཆ་ ༡༧།༥༤ དང་། ལོ་ ༢༦ ནས་༣༥ བར་གྱིས་བརྒྱ་ཆ་ ༢༤ །༠༩ ། དེ་མིན་ལོ་ ༣༦ ནས་ ༤༠ བར་གྱིས་བརྒྱ་ཆ་ ༣༠ བཅས་ཟིན་ཏེ་བལ་ཡུལ་ལོ་རྒྱུས་ནང་རྒྱལ་ཡོངས་འོས་བསྡུ་དེབ་སྐྱེལ་བྱེད་མཁན་ཆེས་མང་ཤོས་དེ་ཆགས་ཡོད་འདུག

ཆབ་སྲིད་ཚོགས་པ་ཆེ་ཤོས་ཁག་ནི། པུ་ཤེབ་ཀ་མལ་(Pushp Kamal Dahal)དང་ལྦ་སྤུ་རམ་ (Baburam Bhattarai)གཉིས་ཀྱིས་མགོ་འཁྲིད་པའི་བལ་ཡུལ་གཅིག་སྒྲིལ་དམར་ཤོག་ཚོགས་པ་དང་། ཇ་ལ་ཎ་ཐ་ (Jhalanath Khanal)དང་མ་དྷེབ་ (Madhav Nepal)ཀྱིས་མགོ་འཁྲིད་པའི་བལ་ཡུལ་མ་ཁེ་སེ་ལེ་ཉཱིན་དམར་ཤོག་ཚོགས་པ། སོ་ཤེལ་ (Sushil Koirala) དང་ཤེར་ལྦ་དུར་ (Sher Bahadur Deuba)གྱིས་མགོ་འཁྲིད་པའི་བལ་ཡུལ་ཀུང་རི་སེ་ཚོགས་པ། ཀ་ཐ་མན་ཀྲུ་ཁུལ་དུ་ཡོད་པའི་རྒྱལ་རྒྱུད་རྒྱབ་སྐྱོར་ཚོགས་པ་(RPP)། དེ་བཞིན་མོ་ཧན་ (Mohan Baidya Kiran) གྱིས་མགོ་འཁྲིད་པའི་བལ་ཡུལ་དམར་ཤོག་ཚོགས་པ་སོགས་ཡིན་འདུག

༡༩༩༦ ནས་ ༢༠༠༦ བར་བལ་ཡུལ་ནང་ཆབ་སྲིད་དང་དཔལ་འབྱོར་དཀའ་ངལ། དེ་བཞིན་ནང་འཁྲུག་སོགས་ཀྱི་རྐྱེན་པས་ཉེས་མེད་མི་སེར་མང་པོ་དམར་གསོད་བཏང་བ་མ་ཟད། བལ་ཡུལ་གཞུང་དམར་ཤོག་ཚོགས་པའི་ལག་འོག་ཏུ་ཚུད་ཡོད་ལ། ༢༠༠༨ ལོར་གྲོས་ཚོགས་འཐུས་མི་འོས་འདེམས་བྱས་ཏེ། ༢༠༡༣ ལོའི་ཟླ་ ༩ ནང་ཚུད་ལ་རྩ་ཁྲིམས་ཟིན་བྲིས་གཏན་འབེབས་བྱ་དགོས་པའི་གྲོས་ཆོད་བཞག་ཡོད་ཀྱང་། དེ་ལག་བསྟར་ཐུབ་མེད་སྟབས་མི་མང་གིས་དམར་ཤོག་ཚོགས་པའི་གཞུང་འཛིན་དྷ་མལ་དང་བྷ་ཋ་རེ་སོགས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། བལ་ཡུལ་རྒྱལ་ཡོངས་འོས་བསྡུ་ཆེན་མོ་འདི་པུ་ཤེབ་པས་མགོ་འཁྲིད་པའི་བལ་ཡུལ་དམར་ཤོག་གཅིག་སྒྲིལ་ཚོགས་པ་དང་སོ་ཤེལ་ཀོ་རེ་ལས་མགོ་འཁྲིད་པའི་བལ་ཡུལ་ཀུང་རི་སེ། དེ་བཞིན་ཇོ་ལ་ཎ་ཌས་མགོ་འཁྲིད་པའི་བལ་ཡུལ་དམར་ཤོག་ཚོགས་པ་གསུམ་གྱི་འགྲན་རྩོད་ཅིག་ཡིན་པ་དང་། ཆབ་སྲིད་ཚོགས་པ་དེ་དག་གི་འགྲན་རྩོད་སྐབས། ཚོགས་པ་དེ་དག་གིས་འོས་མི་སྐྱེས་པ ༡༠༠༠༠ དང་བུད་མེད་ ༦༠༠༠ ཙམ་བལ་ཡུལ་གྱི་ས་གནས་གང་སར་བསྐྱོད་དེ་སོ་སོའི་ལངས་ཕྱོགས་དང་སྲིད་བྱུས་མི་མང་ལ་གོ་རྟོགས་སྤེལ་བཞིན་ཡོད་འདུག

བལ་ཡུལ་གཅིག་སྒྲིལ་དམར་ཤོག་ཚོགས་པའི་འོས་མི་ལེ་ལི  (Lile Pun )དང་ཀུང་རི་སེ་ཚོགས་པའི་འོས་མི་གྷ་གན་ཐ་པ་(Gagan Thapa )དང་ཀུ་མར་(Kumar Lamichhane) སོགས་བལ་ཡུལ་དམར་ཤོག་ཚོགས་པས་བཙན་འཁྲིད་བྱས་ཡོད་ཅིང་། ད་བར་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ནང་དམར་ཤོག་ཚོགས་པས་འོས་བསྡུ་དང་འབྲེལ་བའི་དོན་རྐྱེན་ ༣༠༠ ཙམ་བྱུང་ཡོད་སྟབས། བལ་ཡུལ་ནང་སྲིད་བློན་ཆེན་གྱིས་འོས་བསྡུ་ཚགས་ཚུད་དང་དྲང་བདེན་ཡོང་ཆེད་དམག་མི་ ༦༡༩༩༥ དང་། ཉེན་རྟོག་པ་ ༤༨༧༨༩ ། དྲག་ཆས་ཉེན་རྟོག་པ་ ༢༩༠༢༩  ། རྒྱལ་སྲུང་རྟོག་ཞིབ་པ་ ༣༦༠༠། འབར་རྫས་རིགས་ཀྱི་ཉེན་འགོག་མི་སྣ་ ༩༦༠། དེ་བཞིན་འཕྲལ་སེལ་ལྟ་སྲུང་མི་སྣ་ ༤༤༧༤༢ བཅས་ཆེད་གཏོང་གིས་འོས་བསྡུའི་ས་གནས་ ༡༥༦༢ ནང་ལྟ་སྲུང་བྱེད་བཅུག་ཡོད་འདུག

ཐེངས་འདིའི་འོས་བསྡུའི་སྐབས་དམར་ཤོག་ཚོགས་པ་ཁག་གིས་མི་མང་ནང་སོ་སོའི་གཟུགས་བརྙན་སླར་གསོ་ཡོང་ཆེད། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས་ཆབ་སྲིད་ལངས་ཕྱོགས་འདྲ་མིན་བཟུང་སྟེ་མི་མང་ནང་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་པ་མ་ཟད། ཆབ་སྲིད་ཚོགས་པ་ཁག་གིས་སོ་སོའི་ལངས་ཕྱོགས་དང་མ་འོངས་པར་གཞུང་གང་འདྲ་ཞིག་འཛུགས་མིན་མི་མང་ལ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། བལ་ཡུལ་གཅིག་སྡུད་དམར་ཤོག་ཚོགས་པའི་མགོ་ཁྲིད་གྲས་པར་མི་ཤི་ ( Pramesh Hamal) ཡིས་ “བལ་ཡུལ་རྒྱལ་ཡོངས་འོས་བསྡུའི་ཁྲོད་ཁོ་རང་གི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པ་ཡིན་ན། ཧྥ་རན་སིའི་ལམ་ལུགས་ལྟར་སྲིད་འཛིན་དང་སྲིད་བློན་གཉིས་ཀྱི་དབང་ཆ་བགོ་འགྲེམ་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན’’ཞེས་བརྗོད་འདུག བལ་ཡུལ་དམར་ཤོག་ཚོགས་པའི་འཐུས་མི་ལྦུ་སལ་(Ms. Bhusal) གྱིས་ཁོང་ཚོར་རྒྱལ་ཁ་ཐོབ་ཚེ་ཨ་རིའི་སྲིད་འཛིན་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་ལུགས་བརྗོད་འདུག མི་མང་བརྒྱ་ཆ་ ༨༠ ཙམ་གྱིས་བལ་ཡུལ་དེ་ཧིན་རྡུའི་མི་སེར་སྤེལ་ཡུལ་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུར་མོས་མཐུན་དང་། བརྒྱ་ཆ་ ༤༠ ཙམ་གྱིས་རྒྱལ་པོའི་ལམ་ལུགས་ལ་མོས་མཐུན་བཅས་བྱེད་ཀྱི་ཡོད་ཅིང་། མི་མང་མཐུན་མོང་གི་མངོན་འདོད་ཅིག་ནི་བལ་ཡུལ་ནང་ཞི་བདེ་བརྟན་བརླིང་ངང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དེ་ཡིན་འདུག

བལ་ཡུལ་རྒྱལ་ཡོངས་འོས་བསྡུའི་དཀའ་རྙོག་གཙོ་བོ་གནད་འགག་གསུམ་ལ་ཐུག་ཡོད་ཅིང་། དེ་དག་ནི། དང་པོ། ཨ་རི་དང་ཡུ་རོབ། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་རོགས་སྐྱོར་འོག་ཡོད་པའི་བལ་ཡུལ་དམར་ཤོག་ཚོགས་པར་རྒོལ་རྡུང་གཏོང་མཁན་རྣམས་ཇི་ལྟར་འདུ་སྐོང་གིས་གྲོས་མོལ་ཡོང་ཐབས་བྱ་རྒྱུ། གཉིས་པ། རྩ་ཁྲིམས་ཟིན་བྲིས་ནང་གཞུང་གི་ལམ་ལུགས་ཇི་ལྟར་འཛིན་མིན་འཁོད་རྒྱུ། གསུམ་པ། གཞུང་གི་སྒྲོམ་གཞི་སྟེ་སྤྱི་མཐུན་སྲིད་གཞུང་ལམ་ལུགས་(Federalism) སམ་ཆོས་ལུགས་རིས་མེད་(Secularsim)། དེ་མིན་མི་རིགས་རིང་ལུགས་ཀྱི་གཞུང་(Ethnic State) སོགས་གང་འཛིན་མིན་བཅས་ཡིན་འདུག  

ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བལ་ཡུལ་ནང་རོགས་སྐྱོར་ལས་འགུལ་འདྲ་མིན་སྤེལ་གྱིན་ཡོད་པ་དང་། ཨ་རིས་མ་འོངས་པའི་བལ་ཡུལ་གཞུང་དེ་སྲིད་འཛིན་ལམ་ལུགས་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་དང་། ཇར་མན་དང་ཧྤ་རན་སི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་གིས་སྤྱི་མཐུན་སྲིད་གཞུང་ལམ་ལུགས་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར། དེ་བཞིན་རྒྱ་གར་གྱིས་ཧིན་རྡུའི་མི་སེར་སྤེལ་ཡུལ་རྒྱལ་ཁབ་ཅིག་ཆགས་རྒྱུར་རྒྱབ་སྐྱོར། རྒྱ་ནག་གིས་དམར་ཤོག་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུར་ཤུགས་སྣོན་རྒྱག་གི་ཡོད་འདུག

ཟླ་འདིའི་ཚེས་ ༡༦ ཉིན་ཨ་རིའི་སྲིད་འཛིན་ཟུར་པ་ཇེ་མི་ཀར་ཀྲར་( Jimmy Carter)ལགས་ཀྱིས་སྣེ་འཁྲིད་པའི་རྟོག་ཞིབ་མི་སྣ་ ༩༥ ཙམ་བལ་ཡུལ་འོས་བསྡུར་ལྟ་ཞིབ་བྱེད་པར་བསྐྱོད་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་ཀྱིས་མི་ ༡༠༠ དང་། དབྱིན་ལན་ནས་མི་ ༤ ། ཨོ་སི་ཌི་ལི་ཡས་མི་ ༥།  དེ་བཞིན། ཨེ་ཤ་ཡའི་མཐུན་ཚོགས་ནས་མི་ ༡༠༠ ། རྒྱ་གར་དང་ཐེ་ལན་ཌི། རྒྱ་ནག ཨིན་ཌོ་ནི་ཤི་ཡ་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ ༥༨ ཙམ་གྱི་རྟོག་ཞིབ་མི་སྣ་ཆེད་གཏོང་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 2

  1. ཤག་སྒང་པ། says:
    ལོ་ 13 སྔོན།

    གནས་ཚུལ་གང་མང་ཚང་བའི་གསར་འགྱུར་སྤེལ་བར་གསར་འགོད་པར་ཐུགས་རྗེ་ཆེ་ཞུ།

    བོད་ཀྱི་དུས་བབ་ལ་རྒྱ་ནག་གིས་འགོག་རྐྱེན་བྱུང་ཚེ། དུས་བབ་ལ་དེར་ཁ་གཏད་པའི་གྲ་སྒྲིག་ཅིག་ཡོད་དགོས་ངེས་རེད་དྲན།

    Reply
  2. ཚེ་དབང་། says:
    ལོ་ 13 སྔོན།

    ཁ་སང་ནས་ཐེངས་བརྒྱ་ཚར་ལ་བོད་ཀྱི་དུས་བབ་ཁ་ཕྱེས་ཀྱང་སྒོ་འབྱེད་ཐུབ་མ་སོང་བས། མཚན་མོས་གཉིད་དང་ཉིན་མོའི་ཟས་ཀྱི་ཡི་ག་ཡང་འགག་སོང་། ད་ནི་ཁ་ཕྱེ་ཐུབ་སོང་བས་དགའ་བ་ལ་སྐྱིད་པ་ལ། ཉི་མ་སྤྲུན་པའི་གསེང་ནས་ཤར་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese