མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་ཆེན་གྱི་མཁན་པོ་གཉིས་བཙན་ཁྲིད།

བོད་ཀྱི་དུས་བབ།
༢༠༡༣/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཁམས་ནང་ཆེན་ནས་ཡིན་པའི་མཁན་པོ་ཀར་ཚེ་དང་མཁན་པོ་འགྱུར་མེད་ཚུལ་ཁྲིམས་རྒྱ་གཉིས་རྒྱ་གཞུང་གིས་འཛིན་བཟུང་གིས་ཉིན་ཤས་སོང་མཚམས་ས་གནས་མི་མང་གིས་རྩད་གཅོད་ཤུགས་ཆེན་བྱས་པར་བརྟེན་གཉིས་ཀ་ཀློད་གྲོལ་བཏང་ཡོད་འདུག

ངག་དབང་ཐར་པ་ལགས་སུ་དེ་རིང་བོད་ནས་འབྲེལ་ཡོད་མི་སྣས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ནང་ཆེན་རྫོང་གི་མཁན་པོ་ཀར་ཚེ་དགོན་པའི་ཆེད་དུ་སྐུ་འདྲ་ཆེན་པོ་ཞིག་བསླུ་སར་འགྲོ་སྐབས། ཕྱི་ཟླ་ ༡༢ ཚེས་ ༦ གི་མཚན་མོའི་ཆུ་ཚོད་༡ ཙམ་ལ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་རྒྱ་གཞུང་གིས་ལྐོག་ནས་འཛིན་བཟུང་བྱས་པ་དགོན་པ་དང་ཡུལ་མིས་ཤེས་རྟོགས་བྱུང་སྟེ། དགོན་སྡེ་ཁག་གི་འཐུས་མི་དང་གྲོང་སྡེ་ཆེ་ཆུང་ ༣༠ ལྷག་གི་འཐུས་མི་རྣམས་མཉམ་འཛོམས་ཀྱིས་ཁོང་མགྱོགས་མྱུར་དགོན་པར་རྩིས་སྤྲོད་མ་བྱས་ཚེ་ནང་ཆེན་རྫོང་གི་དགོན་སྡེ་དང་ཡུལ་སྡེ་སོ་སོས་རང་སྲོག་ལ་མི་འཛེམས་པར་ངོ་རྒོལ་ཤུགས་ཆེན་བྱ་རྒྱུ་ཡིན་ཞེས། ཡུལ་སྡེ་ཆེ་ཆུང་ ༣༠ ལྷག་གི་མི་མང་དང་ནང་ཆེན་རྫོང་དང་རྫོང་གི་ཉེ་སར་ཡོད་པའི་མི་མང་ ༤༠༠༠ ཙམ་གྱིས་ས་རྟགས་བཀོད་པའི་ཞུ་ཡིག་སྲིད་གཞུང་ལ་ཕུལ་བར་བརྟེན། ཕྱི་ཚེས་ ༡༠ ཉིན་ཁོང་ཀློད་གྲོལ་བཏང་སྟེ་མཁན་པོས་དགོན་པར་ཞལ་པར་ཕུལ་ཏེ་ཁོང་ཉིན་ཤས་རིང་ཆབ་མདོའི་ཉེན་རྟོག་པས་བཙན་བཀག་བྱས་སོང་ཞེས་གསུངས་ཡོད་འདུག

མཁན་པོ་ཀར་ཚེ་ནི་ནང་ཆེན་ཕྱོགས་ཀྱི་མཁན་པོ་མིང་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད། ཁོང་དེ་སྔོན་ནས་རྒྱ་གཞུང་གིས་ཐེངས་མང་པོར་འཛིན་བཟུང་བྱེད་རྩིས་བྱས་ཡོད་པ་དང་། ཁོང་གལ་སྲིད་ནང་ཆེན་རྫོང་ཁོངས་ནས་ཕྱི་ལོགས་སུ་འགྲོ་དགོས་ན་ནང་ཆེན་རྫོང་སྲིད་གཞུང་ལ་ཐོ་འགོད་བྱ་དགོས་ཀྱི་ཡོད་འདུག

གཞན། ཕྱི་ཟླ་༡༡ ཚེས་ ༢༩ ཉིན་ཁམས་ནང་ཆེན་རྟ་རྣ་དགོན་གྱི་མཁན་པོ་མཁན་པོ་འགྱུར་མེད་ཚུལ་ཁྲིམས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཁོང་གིས་བཀའ་བརྒྱུད་འཛམ་གླིང་ཞི་བདེའི་སྨོན་ལམ་སྐབས་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་དགོས་ལུགས་དང་། ཡ་རབས་བཟང་སྤྱོད་གལ་ཆེན་ཡིན་པ་སོགས་ཀྱི་བཀའ་སློབ་གནང་བར་བརྟེན་ལྐོག་ནས་འཛིན་བཟུང་བྱས་ཡོད་འདུག ཁོང་འཛིན་བཟུང་བྱས་རྗེས་རྟ་རྣ་དགོན་གྱི་དགེ་འདུན་པ་རྣམས་དང་སྡེ་པ་སོ་སོའི་འཐུས་མི་རྣམས་ཀྱིས་ཡུལ་ཤུལ་ཁུལ་གྱི་སྲིད་གཞུང་ལ་ཞུ་གཏུག་བྱས་པར་བརྟེན་གནས་སྐབས་རིང་ཀློད་གྲོལ་བཏང་ཡོད་ཀྱང་། ཁོང་ལ་ཁུལ་དང་ཞིང་ཆེན་སོགས་ལ་སློབ་གསོ་ཉན་དུ་ཡོང་དགོས་པའི་བཙན་བཀའ་བཏང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་ནང་བཙན་བྱོལ་གྱི་བུད་མེད་དགུས་ངོ་རྒོལ་བྱས་པའི་དུས་དྲན་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

སྐལ་རྡོར་ལགས་ཀྱི་འོས་བསྡུའི་འགྲོ་གྲོན་ག་ནས་ཡོང་གི་ཡོད་རེད།

ཆུ་ཚོད་ ༡༠ སྔོན་ལ།
༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཉམས་ཞིབ་ཚོགས་ཆེན་ཐཻངས་པོའི་ཉིན་གཉིས་པའི་གཏམ་བཤད་པ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཚེ་རིང་སྟོབས་ལགས་དང་། ས་ཪཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་མཚན་འཛིན་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ༢༠༢༥།༡༢།༤ དུས་བབ་ཀྱི་པར།
Mobile App

༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་གླེང་བའི་ཉིན་གཉིས་པ།

༢༠༢༥/༡༢/༠༤
དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་འཚོག་བཞིན་པ། ༢༠༢༥།༡༢།༤ འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཟབ་སྦྱོང་འཚོགས།

༢༠༢༥/༡༢/༠༤
French President Emmanuel Macron meets with Chinese President Xi Jinping in 2022.
Mobile App

ཧྥ་རན་སིའི་སྲིད་འཛིན་མེག་ཁོ་རོན་ལགས་རྒྱ་ནག་ནང་སྐོར་སྐྱོད་གནང་བཞིན་འདུག

༢༠༢༥/༡༢/༠༤
ཐུགས་དམ་སྐོར་ལ་ཉམས་ཞིབ་བགྲོ་གླེང་འཚོག་གིན་འདུག བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༣
Mobile App

ཐུགས་དམ་སྐོར་ལ་ཉམས་ཞིབ་པའི་བགྲོ་གླེང་འཚོག་བཞིན་འདུག

༢༠༢༥/༡༢/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese