བོད་ཁམས་ནགས་ཤོད་འབྲི་རུ་རྫོང་ཆགས་རྩེ་ཤང་དིས་ཐག་གྲོང་ནས་ཡིན་པའི་བསོད་ནམས་རྡོ་རྗེ་ཞུ་བ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག
འདི་གར་བོད་ནས་འབྱོར་བའི་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། རྒྱ་གཞུང་གིས་བསོད་ནམས་རྡོ་རྗེ་འཛིན་བཟུང་བྱས་དོན། ཟླ་ ༡༡ པའི་ཚེས ༢༤ ཉིན་གྱི་མཚན་མོར་ཁོང་གིས་དིས་ཐག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལས་ཁུངས་གྱང་ངོས་སུ ༼ བོད་ལ་རང་དབང་མེད ༽ མེད་ཅེས་པའི་སྦྱར་ཡིག་མང་པོ་ཞིག་སྦྱར་ཡོད་པ་དང་། དེའི་འོག་ཏུ་བསོད་ནམས་རྡོ་རྗེ་ཞེས་རང་ཉིད་ཀྱི་མིང་བཀོད་ཡོད་སྟབས། ཟླ་ ༡༡ པའི་ཚེས་ ༢༥ ཉིན་རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ་ད་ལྟའི་བར་གར་སོང་ཆ་མེད་ཆགས་ཡོད་འདུག
གཞན། ཟླ་ ༡༡ པའི་ཚེས་ ༣ དང་ ༤ བཅས་སུ་འཛིན་བཟུང་བྱས་པའི་ཁམས་ནགས་ཤོད་འབྲི་རུ་རྫོང་བོམ་ཕན་ཤང་སྟེང་མཁར་གྲོང་གི་བུད་མེད་གསར་སྐྱིད་དང་མཚོ་ཕན། སྒྲོལ་མ་ཚེ་འཕེལ། དེ་བཞིན་སྐྱེས་པ་དགའ་སྦུག་བཅས་དང་། བོམ་ཕན་ཤང་དགོན་ཤུལ་གྲོང་ནས་ཡིན་པའི་བུད་མེད་འཕྲིན་ལས་དཔལ་མོ་བཅས་སྔ་ཕྱིར་ཀློད་གྲོལ་བཏང་ཡོད་འདུག
དགའ་སྐྱོ་ག
གནས་ཚུལ་འདི་ཀློག་སྐབས་ཚོར་བ་དམིགས་བསལ་ཞིག་བྱུང་།
དེ་ནི་བཟང་ངན་ཕྱོགས་གཉིས་ཀའི་གནས་ཚུལ་ཡོད་པ་དེ་རེད།