ཁ་སང་གཟའ་པ་སངས་ཉིན་རྒྱ་གཞུང་གིས་ལྷ་སའི་གཙུག་ལག་དང་དགོན་སྡེ་ཁག་ཏུ་དམག་མི་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེར་བྱས་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༧ ཉིན་སྟེ། དགའ་ལྡན་ལྔ་མཆོད་ཆེ་མོའི་སྐབས་རྒྱ་ནག་གཞུང་གིས་ལྷ་སའི་གཙུག་ལག་ཁང་དང་ར་མོ་ཆེ། སེ་འབྲས་དགའ་གསུམ་བཅས་དགོན་སྡེ་ཁག་ཡོངས་སུ་ཉེན་རྟོག་པ་དང་དམག་མི། མེ་གསོད་རུ་ཁག་བཅས་འགྲེམས་འཇོག་གིས་དམ་དྲག་བྱས་ཡོད་པ་མ་ཟད། མདང་དགོང་ལྷ་ལྡན་གཙུག་ལག་གི་ཉེ་འཁོར་གྱི་ས་གནས་གང་སར་དམག་མི་དང་ཉེན་རྟོག་པས་བསྐོར་ཏེ་དམ་དྲག་ཤུགས་ཆེར་བྱས་ཡོད་འདུག
གསར་འགོད་པ། དོན་གོ